第01版:头版 4下一版
 
版面导航

第01版
头版

第02版
综合新闻

第03版
综合新闻
 
标题导航
“གནོད་ལྡན་ཅན་”ནས“གནོད་མེད་ཅན་”བར།
《བོད་རང་སྐྱོང་ལྗོངས་ཀྱི་ལྷོ་བྱང་རི་བོའི་སྔོ་འགྱུར་དོ་དམ་སྲོལ་ཡིག(འཆར་ཟིན)》གི་རིགས་གཅིག་མཁས་ཅན་གྱི་བསམ་འཆར་བསྡུ་ལེན་ཚོགས་འདུ་འཚོགས་པ།
ལི་ཧྥུའུ་ཀྲུང་གིས་2026ལོའི་ནགས་དཔོན་ལམ་ལུགས་དང་མཚེའུ་ཆུ་དཔོན་ལམ་ལུགས་ལག་བསྟར་ལས་དོན་ཚོགས་འདུའི་ཐོག
ཚེས་15ཉིན་གྱི་ཡིག་འབུལ་ཞུ་བཅར་དང་ཐེར་འདོན་གྱི་གནས་ཚུལ།
ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་གྱི་མང་ཚོགས་ཀྱི་ཡིག་འབུལ་ཞུ་བཅར་དང་ཐེར་འདོན་བདག་སྤྲོད་བྱེད་ཐབས་སྐོར་གྱི་སྤྱི་བསྒྲགས།
| 山南网首页 |
2026年5月18日 星期
3 上一篇  下一篇 4 放大 缩小 默认
《བོད་རང་སྐྱོང་ལྗོངས་ཀྱི་ལྷོ་བྱང་རི་བོའི་སྔོ་འགྱུར་དོ་དམ་སྲོལ་ཡིག(འཆར་ཟིན)》གི་རིགས་གཅིག་མཁས་ཅན་གྱི་བསམ་འཆར་བསྡུ་ལེན་ཚོགས་འདུ་འཚོགས་པ།
འཇམ་དཔལ་གྱིས་གཙོ་སྐྱོང་གནང་བ་དང་གསུང་བཤད་ཀྱང་གནང་བ།
 
བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉེ་ལམ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་འཇམ་དཔལ་གྱིས《བོད་རང་སྐྱོང་ལྗོངས་ཀྱི་ལྷོ་བྱང་རི་བོའི་སྔོ་འགྱུར་དོ་དམ་སྲོལ་ཡིག(འཆར་ཟིན)》(གཤམ་དུ《སྲོལ་ཡིག》ཅེས་བསྡུ་རྒྱུ)གི་རིགས་གཅིག་མཁས་ཅན་གྱི་བསམ་འཆར་བསྡུ་ལེན་ཚོགས་འདུ་གཙོ་སྐྱོང་གནང་སྟེ《སྲོལ་ཡིག》གི་ནང་དོན་ལ་དམིགས་ནས་ཞིབ་བསྡུར་སྤེལ་རེས་གཏིང་ཟབ་བྱས་ཤིང་། དེའི་དམིགས་ཡུལ་ནི《སྲོལ་ཡིག》གི་ཁྲིམས་འཛུགས་སྤུས་ཚད་མཐོ་རུ་བཏང་ནས《སྲོལ་ཡིག》གི་ཁྲིད་སྟོན་དང་། སྐུལ་འདེད། ཚད་ལྡན། འགན་ལེན་བཅས་ཀྱི་ནུས་པ་དེ་བས་ལེགས་པའི་སྒོ་ནས་འདོན་སྤེལ་བྱ་རྒྱུ་དེ་ཡིན་པ་རེད།

ཚོགས་འདུའི་ཐོག་བསྟན་དོན།《སྲོལ་ཡིག》བཟོས་པ་དེས་ལྷོ་བྱང་རི་བོའི་སྔོ་འགྱུར་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་།མརྒྱལ་ཡོངས་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་གཏོད་རོགས་བྱེད་པ། རྒྱལ་ཡོངས་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བརྟན་དུ་གཏོང་བ་སོགས་ཐད་དོན་སྙིང་གལ་ཆེན་ལྡན་ཡོད། ལྷོ་བྱང་རི་བོའི་སྔོ་འགྱུར་གྱི་ཁྲིམས་འཛུགས་ལས་དོན་སྤེལ་བའི་གལ་ཆེའི་རང་བཞིན་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་དང་། ལྷོ་བྱང་རི་བོའི་སྔོ་འགྱུར་སྐོར་གྱི་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ་དོན་དངོས་ལ་གཞི་ཚུགས་ཐོག་སྲིད་ཇུས་དང་། བཅའ་ཁྲིམས། ནང་དོན་སོགས་ཀྱི་ཐད་མཐུན་སྦྱོར་འབྲེལ་མཐུད་ཧུར་ཐག་བྱེད་དགོས། ཚོགས་ཞུགས་རིགས་གཅིག་མཁས་ཅན་གྱིས་བཏོན་པའི་བསམ་འཆར་དང་གྲོས་འགོ་ལེགས་སྒྲིག་ནན་ཏན་བྱས་ཏེ་རེ་རེ་བཞིན་ཞིབ་འཇུག་གྱིས《སྲོལ་ཡིག》གི་ཁྲིམས་འཛུགས་ལས་དོན་ཁག་སྔར་བས་བཟོ་བཅོས་དང་འཐུས་ཚང་དུ་གཏོང་བ་དང་ཏན་ཏིག་ངང་ཡག་པོ་སྒྲུབ་དགོས་པ་བསྟན་ཡོད་པ་རེད།། བསོད་བསྟན་གྱིས་བསྒྱུར། བསོད་བདེ་ལོས་ཞུས།

3 上一篇  下一篇 4 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:综合新闻
   第03版:综合新闻
   第04版:视觉山南