第01版:头版 4下一版
 
版面导航

第01版
头版

第02版
综合新闻

第03版
综合新闻
 
标题导航
“གནོད་ལྡན་ཅན་”ནས“གནོད་མེད་ཅན་”བར།
《བོད་རང་སྐྱོང་ལྗོངས་ཀྱི་ལྷོ་བྱང་རི་བོའི་སྔོ་འགྱུར་དོ་དམ་སྲོལ་ཡིག(འཆར་ཟིན)》གི་རིགས་གཅིག་མཁས་ཅན་གྱི་བསམ་འཆར་བསྡུ་ལེན་ཚོགས་འདུ་འཚོགས་པ།
ལི་ཧྥུའུ་ཀྲུང་གིས་2026ལོའི་ནགས་དཔོན་ལམ་ལུགས་དང་མཚེའུ་ཆུ་དཔོན་ལམ་ལུགས་ལག་བསྟར་ལས་དོན་ཚོགས་འདུའི་ཐོག
ཚེས་15ཉིན་གྱི་ཡིག་འབུལ་ཞུ་བཅར་དང་ཐེར་འདོན་གྱི་གནས་ཚུལ།
ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་གྱི་མང་ཚོགས་ཀྱི་ཡིག་འབུལ་ཞུ་བཅར་དང་ཐེར་འདོན་བདག་སྤྲོད་བྱེད་ཐབས་སྐོར་གྱི་སྤྱི་བསྒྲགས།
| 山南网首页 |
2026年5月18日 星期
3 上一篇  下一篇 4 放大 缩小 默认
ལི་ཧྥུའུ་ཀྲུང་གིས་2026ལོའི་ནགས་དཔོན་ལམ་ལུགས་དང་མཚེའུ་ཆུ་དཔོན་ལམ་ལུགས་ལག་བསྟར་ལས་དོན་ཚོགས་འདུའི་ཐོག
ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་དགོངས་པ་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ཏེ། སྔར་བས་སྤུས་ཚད་མཐོ་བ་དང་སྔར་བས་བྱ་ཐབས་ཡག་པ་བསྟར་ནས། ཤིང་ནགས་དང་ཆུ་བོ་བཅོས་སྐྱོང་ལ་སྐུལ་འདེད་སྒོས། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་མཛེས་ལྡན་
 

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ལམ། གྲོང་ཁྱེར་ཡོངས་ཀྱི་ནགས་དཔོན་ལམ་ལུགས་དང་མཚེའུ་ཆུ་དཔོན་ལམ་ལུགས་ལག་བསྟར་ལས་དོན་ཚོགས་འདུ་བསྐོང་འཚོགས་བྱས་པ་རེད། གྲོང་ཨུད་ཀྱི་ཧྲུའུ་ཅི་ལི་ཧྥུའུ་ཀྲུང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་མ་ཟད་གསུང་བཤད་གནང་། ཁོང་གིས། ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་དགོངས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ཀྱི་ལས་དོན་སྐོར་ལ་གནང་བའི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ཐོག དོན་ཆེན་བཞིར་དམ་ཟབ་དམིགས་པ་དང་འཛུགས་གཏོད་བཞིར་སྟོབས་ཤུགས་གཅིག་བསྒྲིལ་བྱས་ཏེ།

(པར་ངོས་གསུམ་པར་གཟིགས) (པར་ངོས་དང་པོར་མཐུད)ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་བྱེད་དགོས། སྐྱེ་ཁམས་སྔོན་ལ་འཇོག་པ་དང་འབྱུང་འཕྲོད་འཕེལ་རྒྱས་གཏོང་བའི་སྤུས་མཐོའི་འཕེལ་རྒྱས་ལམ་བུའི་ཐོག་བློ་བརྟན་འགྱུར་མེད་ཀྱིས་བསྐྱོད་དེ། སྤུས་ཚད་སྔར་བས་མཐོ་བ་དང་བྱ་ཐབས་སྔར་བས་ཚགས་ཚུད་པ་བསྟར་ཏེ། ཤིང་ནགས་དང་ཆུ་བོ་བཅོས་སྐྱོང་ལ་སྐུལ་འདེད་གཏོང་དགོས་པ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ལས་འགན་ཁག་ཏན་ཏིག་བསྒྲུབ་སྟེ། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་མཛད་ལྡན་ལྷོ་ཁ་མྱུར་བསྐྲུན་བྱེད་དགོས་པའི་ནན་བཤད་གནང་བ་རེད།

ཚོགས་འདུའི་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཤིང་འཛུགས་ནགས་བཟོ་དང་ཆུ་བོ་བཅོས་སྐྱོང་སྐོར་གྱི་རྣམ་བཤད་གལ་ཆེན་དང་། ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་ནགས་དཔོན་ལམ་ལུགས་དང་མཚེའུ་ཆུ་དཔོན་ལམ་ལུགས་ལག་བསྟར་གྱི་འབྲེལ་ཡོད་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་དང་། གྲོང་ཁྱེར་ཡོངས་ཀྱི་ནགས་དཔོན་ལམ་ལུགས་དང་མཚེའུ་ཆུ་དཔོན་ལམ་ལུགས་ལག་བསྟར་ལས་དོན་སྤེལ་ཚུལ་དང་རྫོང་རིམ་པའི་ནགས་དཔོན་དང་མཚེའུ་ཆུ་དཔོན་ལས་འགན་སྒྲུབ་ཚུལ་གསན་ཐོག 2026ལོའི་ལས་དོན་ཞིབ་འཇུག་བཀོད་སྒྲིག་བྱས་པ་རེད།

ལི་ཧྥུའུ་ཀྲུང་གིས་མཛུབ་སྟོན་གནང་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་དོན་ལ་མཐོང་ཆེན་གནང་ཐོག སྐྱེ་ཁམས་ནི་བོད་ཀྱི་ལས་དོན་གྱི་དོན་ཆེན་བཞིའི་གྲས་སུ་བཞག་ནས་བཀོད་སྒྲིག་གནང་བ་མ་ཟད། ང་ཚོས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ཐད་ཤུགས་སྣོན་རྒྱག་ཕྱོགས་ལ་མདུན་སྐྱོད་ཀྱི་ལམ་བུ་མཛུབ་སྟོན་དང་གཞི་རྩའི་རྩ་དོན་མཁོ་འདོན་གནང་ཡོད། ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་གཙོ་བོ་གནང་བའི་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་དེ་ཉིད་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་མཐོ་ས་འཛུགས་གཏོད་བྱེད་པའི་འཐབ་ཇུས་བཀོད་སྒྲིག་ཞིབ་ཕྲ་ཅན་དང་གཞི་རྟེན་ཅན་དུ་བཏང་ཡོད་པ་དང་། ལོ་ལྟར་ཚོགས་འདུ་བསྐོང་འཚོགས་བྱས་ཏེ། ནགས་དཔོན་ལམ་ལུགས་དང་མཚེའུ་ཆུ་དཔོན་ལམ་ལུགས་ལག་བསྟར་ལས་དོན་ལ་བཀོད་སྒྲིག་བྱས་ཐོག ང་ཚོར་མཛུབ་སྟོན་ཚན་རིག་དང་མཐུན་པ་གནང་ཡོད། འདས་ཟིན་པའི་ལོའི་ནང་། གྲོང་ཁྱེར་ཡོངས་ཀྱི་གོང་འོག་ཚང་མས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་དགོངས་པ་ལག་བསྟར་གཏིང་ཟབ་བྱས་ཐོག ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་དང་ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་ཁག་དོན་འཁྱོལ་ནན་ཏན་བྱས་ཡོད་པ་དང་། རིམ་ཁག་ནགས་དཔོན་དང་མཚེའུ་ཆུ་དཔོན་ཚོས་འགན་ནུས་ལག་བསྟར་ཏན་ཏིག་བྱས་ཐོག་ཚན་པ་ཁག་དང་མཐུན་སྦྱོར་དམ་ཟབ་བྱས་ནས། ནགས་སྐྱོང་དང་། སྔོ་འགྱུར། ཆུ་བཅོས། དམངས་ཕནབཅས་གཞི་གཅིག་ཅན་དུ་སྐུལ་འདེད་བཏང་བས། ལས་དོན་ཁག་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོབ་ཡོད།

ལི་ཧྥུའུ་ཀྲུང་གིས་ནན་བཤད་གནང་དོན། གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་ཚན་པས་གཏན་འཁེལ་གཉིས་ཀྱི་ཐག་གཅོད་རང་བཞིན་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་ཐོག སྲུང་སྐྱོང་གཉིས་མཐའ་གཅིག་ཏུ་ཐུབ་པ་བྱས་ཏེ། ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་དགོངས་པའི་མཛུབ་ཁྲིད་མཐའ་འཁྱོངས་བྱེད་དགོས། ལོ་རྒྱུས་ལ་འགན་འཁུར་བ་དང་། མ་འོངས་ལ་འགན་འཁུར་བ། མི་དམངས་ལ་འགན་འཁུར་བ་བཅས་ཀྱི་རྣམ་འགྱུར་ཐོག་ནས། ནགས་ཁུལ་རེ་རེ་དང་ཆུ་བོ་རེ་རེར་སེམས་ནུས་ཡོད་རྒུས་སྲུང་སྐྱོང་ཡག་པོ་བྱས་ཏེ། མི་རབས་རྗེས་མར་ནམ་མཁའ་གཡའ་དག་པ་དང་། ས་གཞི་སྔོ་ལྗང་གིས་བརྒྱན་པ། ཆུ་མོ་དྭངས་ཤིང་གཙང་བ་བཅས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་བསྐྲུན་དགོས། ཤིང་འཛུགས་ནགས་བཟོ་རྒྱུན་འཁྱོངས་བྱས་ཏེ། སྔོ་ལྗང་སྲུང་བཅད་ཇེ་བརྟན་དུ་གཏོང་དགོས། རྒྱལ་ཁོངས་ས་ཆ་སྔོ་འགྱུར་གྱི་བྱ་སྤྱོད་ཏན་ཏིག་སྤེལ་ཐོག ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གཞི་ལག་བསྟར་ཡག་པོ་བྱེད་དགོས་པ་དང་། ནགས་རྩྭའི་ཐོན་ཁུངས་སྲུང་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ། དེང་རབས་ཅན་ལག་རྩལ་བཀོལ་ནས་ཉེན་བརྡ་སྔོན་གཏོང་དང་ལྟ་བཤེར་ལས་སྟེགས་མྱུར་བསྐྲུན་བྱེད་དགོས། ཁྱད་ལྡན་ཤིང་འབྲས་གླིང་དང་། ནགས་ལས་དཔལ་འབྱོར། སྐྱེ་ཁམས་ཡུལ་སྐོར་སོགས་དམངས་ཕྱུག་ཐོན་ལས་དར་སྤེལ་ཤུགས་ཆེན་བཏང་སྟེ། ནགས་དབང་བསྒྱུར་བཅོས་སྐུལ་སྤེལ་ཏན་ཏིག་གཏོང་དགོས་པ་དང་། ནགས་རྩྭའི་ཁྱབ་ཁོངས་ཀྱི་མངོན་མེད་རྐྱེན་རྩ་གཙང་སེལ་བྱས་ཏེ། ལྷོ་ཁའི་ནམ་མཁའ་སྔར་བས་གཡའ་དག་པ་དང་། རི་བོ་སྔར་བས་སྔོ་ལྗང་ལྡན་པ། ཆུ་བོ་སྔར་བས་དྭངས་ཤིང་གཙང་བ། མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་སྔར་བས་ཆེ་བ་བཅས་ཡོང་རྒྱུར་འབད་འབུངས་བྱེད་དགོས། ཆུ་བཅོས་ཆུ་སྐྱོང་མཐའ་འཁྱོངས་བྱས་ཏེ། དྭངས་གཙང་ལྟ་ན་སྡུག་པའི་མཚེའུ་དང་ཆུ་མོ་འཛུགས་སྐྱོང་མགྱོགས་མྱུར་བྱེད་དགོས། ཕྱོགས་ཡོངས་ནས་ཆུའི་ཐོན་ཁུངས་ཀྱི་དོ་དམ་ལམ་ལུགས་དོན་འཁྱོལ་ཡག་པོ་བྱས་ཏེ། ཆུ་ལ་གྲོན་ཆུང་བྱེད་པའི་ཐོན་ལས་དང་ལག་རྩལ་འཕེལ་རྒྱས་ཤུགས་ཆེན་བཏང་ཐོག འཐུང་ཆུའི་ཆུ་འགོར་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་གཏོང་དགོས། ཆུ་འབྲེལ་རྣམ་གྲངས་རེ་ཞུར་ཁྲིམས་བཞིན་ཞིབ་མཆན་དང་ལྟ་འདོམས་ཚད་ལྡན་བྱས་ཏེ། ཆུ་ལམ་དུ་ཁྲིམས་འགལ་གྱིས་བྱེ་མ་བསྔོག་འདོན་གྱི་བྱེད་སྤྱོད་ལ་རྡུང་རྡེག་གཏོང་དགོས་པ་དང་། སྐྱེ་ཁམས་སྲུང་སྐྱོང་དང་སླར་གསོའི་ལས་གཞི་གལ་ཆེན་མ་ལག་ཚང་བའི་སྒོ་ནས་ལག་བསྟར་བྱས་ཏེ། གེགས་སྐྱོན་སྔོན་བརྡ་སྒྲོག་ནུས་དང་འདམ་རུད་འགོག་ཟོན་ནུས་པ་མཐོ་རུ་བཏང་ནས། ཆུ་དྭངས་ངོགས་ལྗང་དང་། སྐྱེ་ཁམས་བདེ་སྡོད། བདག་སྐྱོང་ཚད་ལྡན་བཅས་ལྡན་པའི་ས་མཐོའི་མཚེའུ་ཆུ་བོ་ལྟ་ན་སྡུག་པ་ཡོང་བ་བྱེད་དགོས།

ལི་ཧྥུའུ་ཀྲུང་གིས་ནན་བཤད་གནང་དོན། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་སྐྱེ་ཁམས་སྲུང་སྐྱོང་གི་བྱེད་པོའི་འགན་འཁྲི་ཕྲག་ཐོག་ཏུ་འཁུར་ཏེ། རིམ་ཁག་ནགས་དཔོན་དང་མཚེའུ་ཆུ་དཔོན་ཚོས་འགན་འཁྲི་ཨང་དང་པོ་ནན་ཏན་འཁུར་དགོས་པ་དང་། འབྲེལ་ཡོད་ཚན་པས་རང་རང་སོ་སོའི་འགན་འཁྲི་ཡག་པོ་ལག་བསྟར་བྱས་ནས་ཐུན་མོང་ཐོག་ནགས་རྩྭ་མཚེའུ་ཆུ་བོའི་ལས་དོན་སྤུས་མཐོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། མིག་མངས་སྒྲིག་སྐོར་གཅིག་གི་བསམ་གཞི་བརྟན་པོ་བསྐྱངས་ཏེ། མཉམ་བཅོས་མཉམ་སྐྲུན་མཉམ་སྤྱོད་ཀྱི་ལས་ཀའི་ལམ་སྲོལ་འཐུས་ཚང་འཛུགས་སྐྱོང་བྱེད་དགོས། ལྟ་སྐུལ་ཁྲིད་སྟོན་དང་དཔྱད་དཔོག་གི་བཀོད་འདོམས་ནུས་པ་འདོན་སྤེལ་ཡག་པོ་བྱས་ཏེ། འགན་འཁྲི་དོན་འཁྱོལ་དང་ལས་འགན་ལེགས་གྲུབ་ཐུབ་རྒྱུར་སྐུལ་འདེད་གཏོང་དགོས། རྒྱལ་ཡོངས་ཀྱི་ཤེས་དཔལ་གྲོང་ཁྱེར་འཛུགས་གཏོད་བྱེད་པའི་ལས་དོན་དང་ཟུང་འབྲེལ་བྱས་ཏེ། ནགས་རྩྭ་མཚེའུ་ཆུ་བོའི་ལས་དོན་སྤེལ་བའི་དོན་སྙིང་གལ་ཆེན་དང་། ལས་ཀའི་ཕན་འབྲས། སྔོན་ཐོན་ཉམས་མྱོང་བཅས་དྲིལ་བསྒྲགས་ཤུགས་ཆེན་བྱས་ནས། མི་རིགས་ཁག་གི་མང་ཚོགས་ཚོས་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་དང་སྐྱེ་ཁམས་འདུ་ཤེས་ཇེ་ཟབ་ཏུ་གཏོང་དགོས་པ་དང་། སྐྱེ་ཁམས་ལ་གཅེས་འཛིན་དང་ཁོར་ཡུག་ལ་སྲུང་སྐྱོང་བྱེད་རྒྱུ་འདི། གྲོང་ཁྱེར་ཡོངས་ཀྱི་མི་དམངས་ཀྱི་ཐུན་མོང་ངོས་འཛིན་དང་རང་རྟོགས་བྱ་སྤྱོད་དུ་འགྱུར་བ་བྱེད་དགོས།

ལི་ཧྥུའུ་ཀྲུང་གིས་ནན་བཤད་གནང་དོན། ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ལས་དོན་ལ་གཞོགས་འདེགས་ཡག་པོ་བྱེད་དགོས་པ་འདི་གཡོལ་ཐབས་མེད་པའི་ཆབ་སྲིད་ལས་འགན་གལ་ཆེན་ཞིག་ལ་བརྩིས་ཏེ། ཆབ་སྲིད་ལངས་ཕྱོགས་དེ་བས་བརྟན་གཏོང་སྒོས། བཅོས་སྒྲིག་དོན་འཁྱོལ་གྱི་ལས་དོན་ཁག་ལ་མཐོང་ཆེན་ཚད་མཐོན་པོ་དང་། ཆེད་སྒྲུབ་ཚོ་ཆུང་སྒྲིག་འཛུགས་ཀྱིས་སྐུལ་སྤེལ། འཕྲལ་བཅོས་འཕྲལ་སྒྲུབ། སྒྲིག་ཁྲིམས་དམ་ནན་བཅས་མཐའ་འཁྱོངས་བྱེད་དགོས། བྱ་ཐབས་ཚགས་ཚུད་དང་དམ་པ་དོན་གཉེར་གྱི་ཐོག་ནས་ཏང་དང་མི་དམངས་བློ་ཡིད་ཚིམས་པའི་སྐྱེ་ཁམས་ཀྱི་རྒྱུགས་ལན་ཡག་པོ་ཞིག་འབུལ་དགོས་སོ། །

བསོད་ནམས་དོན་གྲུབ་ཀྱིས་བསྒྱུར། བསོད་བདེ་ལོ་ཡིས་ཞུས།

3 上一篇  下一篇 4 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:综合新闻
   第03版:综合新闻
   第04版:视觉山南
“གནོད་ལྡན་ཅན་”ནས“གནོད་མེད་ཅན་”བར།
《བོད་རང་སྐྱོང་ལྗོངས་ཀྱི་ལྷོ་བྱང་རི་བོའི་སྔོ་འགྱུར་དོ་དམ་སྲོལ་ཡིག(འཆར་ཟིན)》གི་རིགས་གཅིག་མཁས་ཅན་གྱི་བསམ་འཆར་བསྡུ་ལེན་ཚོགས་འདུ་འཚོགས་པ།
ལི་ཧྥུའུ་ཀྲུང་གིས་2026ལོའི་ནགས་དཔོན་ལམ་ལུགས་དང་མཚེའུ་ཆུ་དཔོན་ལམ་ལུགས་ལག་བསྟར་ལས་དོན་ཚོགས་འདུའི་ཐོག
ཚེས་15ཉིན་གྱི་ཡིག་འབུལ་ཞུ་བཅར་དང་ཐེར་འདོན་གྱི་གནས་ཚུལ།
ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་གྱི་མང་ཚོགས་ཀྱི་ཡིག་འབུལ་ཞུ་བཅར་དང་ཐེར་འདོན་བདག་སྤྲོད་བྱེད་ཐབས་སྐོར་གྱི་སྤྱི་བསྒྲགས།