第02版:综合新闻 上一版3  4下一版
 
版面导航

第01版
头版

第02版
综合新闻

第03版
综合新闻
 
标题导航
སྣེ་གདོང་ཆུས་ཀྱི་ཐོན་སྐྱེད་ནུས་ཤུགས་གསར་མ་སྐྱེ་འཚར་མགྱོགས།
ལི་ཧྥུའུ་ཀྲུང་གིས་གྲོང་ཁྱེར་ཡིག་བསྐུར་ངོ་བཅར་ཅུད་དུ་ངོ་བཅར་བྱེད་མཁན་མང་ཚོགས་ལ་སྣེ་ལེན་གནང་སྐབས་སེམས་རྩ་འཁོལ་པོས་ཡིག་བསྐུར་ངོ་བཅར་ལས་དོན་བསྒྲུབས་ནས་ཁྲིམས་སྲོལ་ལྟར་མང་ཚོགས་@
ཀླུང་
ལི་ཧྥུའུ་ཀྲུང་གིས་ངེད་གྲོང་ཁྱེར་གྱི་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོའི་གྲ་སྒྲིག་ལས་དོན་ལ་རྟོག་ཞིབ་མཛུབ་སྟོན་གནང་སྐབས་འགན་འཁྲི་འཁུར་ཕོད་ལ་@
| 山南网首页 |
2025年8月6日 星期
3 上一篇  下一篇 4 放大 缩小 默认
ལི་ཧྥུའུ་ཀྲུང་གིས་གྲོང་ཁྱེར་ཡིག་བསྐུར་ངོ་བཅར་ཅུད་དུ་ངོ་བཅར་བྱེད་མཁན་མང་ཚོགས་ལ་སྣེ་ལེན་གནང་སྐབས་སེམས་རྩ་འཁོལ་པོས་ཡིག་བསྐུར་ངོ་བཅར་ལས་དོན་བསྒྲུབས་ནས་ཁྲིམས་སྲོལ་ལྟར་མང་ཚོགས་ཀྱི་ལུགས་མཐུན་རེ་ཞུ་ཐག་གཅོད་བྱས་ཐོག་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་གནད་དོན་ཐག་གཅོད་གང་ལེགས་བྱེད་དགོས་པའི་ནན་བཤད་གནང་བ།
 

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ།ཉེ་ཆར། གྲོང་ཨུད་ཀྱི་ཧྲུའུ་ཅི་ལི་ཧྥུའུ་ཀྲུང་གིས་གྲོང་ཁྱེར་མི་དམངས་ཡིག་བསྐུར་ངོ་བཅར་སྣེ་ལེན་ཁང་དུ་ཕེབས་ནས་འགོ་ཁྲིད་ལས་བྱེད་པས་ངོ་བཅར་སྣེ་ལེན་གྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་བྱེད་པར་སྣེ་ཁྲིད་གནང་བ་དང་། ས་གནས་ས་ཐོག་ཏུ་ངོ་བཅར་ལ་ཕེབས་པའི་མང་ཚོགས་ལ་སྣེ་ལེན་ཞུས་གནང་སྟེ་མི་དམངས་ཀྱི་ཡིག་བསྐུར་ངོ་བཅར་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་སློབ་སྦྱོང་ལག་བསྟར་མཐར་ཕྱིན་བྱེད་དགོས་པ་དང་། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་འདུ་ཤེས་མཐའ་འཁྱོངས་བྱེད་དགོས་པ། དུས་རབས་གསར་པའི་ཏང་གི་མང་ཚོགས་ལམ་ཕྱོགས་དང་“ཧྥེང་ཆའོ་ཡི་ཉམས་མྱོང”ལག་ལེན་ནན་ཏན་བསྟར་བ། སེམས་ནུས་ཡོད་རྒུས་ཡིག་བསྐུར་ངོ་བཅར་ལས་དོན་ཡག་པོ་སྒྲུབ་པ། མང་ཚོགས་ཀྱི་ལུགས་མཐུན་རེ་ཞུ་ཁྲིམས་སྲོལ་ལྟར་ཐག་གཅོད་བཅས་བྱས་ཏེ་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་སྲུང་སྐྱོང་ཏན་ཏིག་བྱེད་དགོས་པའི་ནན་བཤད་གནང་བ་རེད།

ངོ་བཅར་སྣེ་ལེན་གནང་རིང་། ལི་ཧྥུའུ་ཀྲུང་གིས་ངང་རྒྱུད་རིང་པོས་ངོ་བཅར་དུ་ཡོང་མཁན་མང་ཚོགས་ཁག་གཉིས་ཀྱི་རེ་ཞུ་གསན་པ་དང་། གནས་ཚུལ་ཤེས་རྟོགས་ཞིབ་ཕྲ་གནང་རྗེས་ (པར་ངོས་གཉིས་པར་གཟིགས) (པར་ངོས་དང་པོར་མཐུད) གནད་དོན་ཐོན་ས་འདྲི་རྩད་དང་ཐག་གཅོད་བྱེད་ཐབས་ལ་ཞིབ་འཇུག། ཞིབ་ཕྲའི་བསམ་འཆར་འདོན་པ། མང་ཚོགས་ཀྱི་དོ་ཁུར་ལ་ལན་འདེབས་པ་བཅས་གནང་རྗེས། མང་ཚོགས་ཀྱིས་བཏོན་པའི་གནད་དོན་ཁག་དུས་ཐོག་ཏུ་ཐག་གཅོད་ཡག་པོ་བྱེད་དགོས་པ་དང་། བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་དུས་བཀག་ནང་ཐག་གཅོད་ཐུབ་པ། མི་སྤྱོད་ཚན་པས་ངལ་རྩོལ་གན་རྒྱ་ལག་བསྟར་ནན་པོ་བྱ་རྒྱུར་སྐུལ་འདེད་བཏང་ནས་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ཡག་པོ་བཅས་བྱེད་དགོས་པའི་བཀའ་སློབ་གནང་བར་ངོ་བཅར་དུ་ཡོང་བའི་མང་ཚོགས་ཀྱིས་གནད་དོན་ཐག་གཅོད་བྱས་ཚུལ་ལ་བློ་མགུ་པོ་བྱུང་ནས། ཏང་ཨུད་དང་སྲིད་གཞུང་གིས་ཐུགས་ཁུར་དང་རོགས་རམ་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་པ་རེད།

ལི་ཧྥུའུ་ཀྲུང་གིས་ངེད་གྲོང་ཁྱེར་གྱི་ཡིག་བསྐུར་ངོ་བཅར་ལས་དོན་ལ་གདེང་འཇོག་གང་ལེགས་གནང་བ་དང་ཆབས་ཅིག་ཁོང་གིས་ཡིག་བསྐུར་ངོ་བཅར་ལས་དོན་ནི་མང་ཚོགས་ཀྱི་སྒོ་རྩར་བསྐྱལ་བའི་ལས་དོན་ཞིག་དང་སྤྱི་ཚུལ་དམངས་འདུན་ཤེས་རྟོགས་བྱེད་པའི་ལས་དོན་གལ་ཆེན་ཞིག་ཡིན་པས་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་དང་འབྲེལ་བ་ཡོད། གྲོང་ཁྱེར་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་དམིགས་ཡུལ་གྱི་འདུ་ཤེས་སྔར་བས་ཟབ་ཏུ་བཏང་ནས་རང་སྡོད་སར་མི་བཞག་ནས་བསམ་ཤེས་བྱེད་དགོས་པ་དང་། མང་ཚོགས་ཀྱི་བདེ་སྡུག་གང་ཡིན་ཉན་པ་དང་དེར་སེམས་ཁུར་བྱས་ནས་ལྷག་བསམ་དག་པོས་མང་ཚོགས་ཀྱི་བྲེལ་དཀའ་སྡུག་སྨོན་གྱི་གནད་དོན་ཁག་ཐག་གཅོད་གང་ལེགས་བྱེད་དགོས་པའི་བཀའ་སློབ་གནང་།

ལི་ཧྥུའུ་ཀྲུང་གིས། མང་ཚོགས་ཉེ་འགྲམ་གྱི་དོན་ཆུང་མཐའ་དག་ཏང་ཨུད་དང་སྲིད་གཞུང་གི་དོན་ཆེན་ལ་བརྩི་དགོས་པ་དང་། ལས་ཀའི་གཙོ་གནད་མངོན་གསལ་དོད་པོ་ཡོང་བ། གཙོ་གནད་དུས་མཚམས་ཁོང་དུ་ཆུད་པ། གཙོ་གནད་ཁྱབ་ཁོངས་ལ་དམ་པོར་དམིགས་པ། གནས་ཚུལ་གང་ཡིན་ཁོང་དུ་ཆུད་པ་བཅས་བྱས་ཏེ་མང་ཚོགས་ཀྱི་ལས་དོན་ཁག་ཞིབ་ཚགས་པོ་དང་ཏན་ཏིག་ངང་བསྒྲུབས་ཐོག་མིག་མཐོང་ལག་ཟིན་གྱི་ལས་ཀའི་ཕན་འབྲས་ལ་བརྟེན་ནས་དམངས་ཀྱི་ཡིད་ཆེས་ཐོབ་པ་བྱེད་དགོས། སྔོན་ཚུད་ནས་ཇུས་འགོད་དང་བཀོད་སྒྲིག་བྱེད་དགོས་པ་དང་། སྔོན་ཚུད་ནས་ཉེན་བརྡ་དང་དབྱེ་ཞིབ་བརྡར་གཅོད་བྱས་ཏེ་ཐབས་མང་མཉམ་སྤྱོད་དང་ཕྱོགས་བསྡུས་ཇུས་འདོན་གྱིས་འགལ་ཟླ་དང་རྩོད་གཞི་རྣམས་སྔ་ཙམ་ཤེས་རྟོགས་དང་། སྔ་ཙམ་ནས་སྔོན་འགོག ཐོན་མ་ཐག་ཐག་གཅོད་བཅས་བྱེད་དགོས། ཁྲིམས་སྐྱོང་ཅན་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་《ཡིག་བསྐུར་ངོ་བཅར་ལས་དོན་སྲོལ་ཡིག》སློབ་སྦྱོང་ལག་བསྟར་ནན་ཏན་གྱིས་ཁྲིམས་སྐྱོང་བསམ་གཞི་དང་ཁྲིམས་སྐྱོང་བྱེད་ཐབས་བརྒྱུད་གནད་དོན་ཐག་གཅོད་བྱེད་པའི་འཇོན་ཐང་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་པའི་བླང་བྱ་བཏོན་གནང་བ་རེད།

ལི་ཧྥུའུ་ཀྲུང་གིས། ཏང་གིས་ཡིག་བསྐུར་ངོ་བཅར་ལས་དོན་ལ་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་རིམ་ཁག་སྡེ་ཚན་ཁག་གིས་ཡིག་བསྐུར་ངོ་བཅར་ལས་དོན་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་དམ་འཛིན་བྱེད་དགོས་པ་དང་། ཕྱོགས་ཁག་གི་འགན་འཁྲི་ནན་དུ་གཏོང་བ། འགོ་ཁྲིད་ཀྱིས་དུས་བཀག་ནང་ཡིག་བསྐུར་ངོ་བཅར་སྣེ་ལེན་དང་། གཤམ་སྐྱོད་ངོ་བཅར། གྱོད་གཞི་འགན་གཙང་ལེན་པ་བཅས་ཀྱི་ལམ་ལུགས་དོན་འཁྱོལ་གྱིས་མང་ཚོགས་ཀྱི་ལས་དོན་སྒྲུབ་པའི་འཇོན་ཐང་ཆེ་རུ་གཏོང་དགོས། བརྩེ་སེམས་དང་། འགན་འཁྲི། ལྷག་བསམ་བཅས་ཀྱི་ཐོག་ནས་ཡིག་བསྐུར་ངོ་བཅར་ལས་དོན་ཡག་པོ་བསྒྲུབ་ཐོག་ཡིག་བསྐུར་ངོ་བཅར་ལམ་ལུགས་ཀྱི་དགེ་མཚན་དེ་སྤྱི་ཚོགས་བཅོས་སྐྱོང་གི་ཕན་འབྲས་སུ་བསྒྱུར་ནས་སྤྱི་ཚོགས་ཁྱོན་ཡོངས་ཀྱི་ཞི་མཐུན་བརྟན་ལྷིང་ལ་སྲུང་སྐྱོང་བྱས་ཏེ། ཕུལ་བྱུང་གི་གྲུབ་འབྲས་བརྒྱུད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བར་བསུ་བ་ཞུ་དགོས་པའི་ནན་བཤད་གནང་བ་རེད།

གྲོང་ཁྱེར་དབུ་ཁྲིད་བཀྲ་ཤིས་ཕུན་ཚོགས་དང་ཉིའུ་ཁུན་རྟོག་ཞིབ་ནང་ལྷན་དུ་ཞུགས་ཡོད་པ་རེད།། ནོར་བུ་ཚང་ལྡན་གྱིས་བསྒྱུར། བསོད་ནམས་བསྟན་པས་ཞུས།

3 上一篇  下一篇 4 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:综合新闻
   第03版:综合新闻
   第04版:视觉山南
སྣེ་གདོང་ཆུས་ཀྱི་ཐོན་སྐྱེད་ནུས་ཤུགས་གསར་མ་སྐྱེ་འཚར་མགྱོགས།
ལི་ཧྥུའུ་ཀྲུང་གིས་གྲོང་ཁྱེར་ཡིག་བསྐུར་ངོ་བཅར་ཅུད་དུ་ངོ་བཅར་བྱེད་མཁན་མང་ཚོགས་ལ་སྣེ་ལེན་གནང་སྐབས་སེམས་རྩ་འཁོལ་པོས་ཡིག་བསྐུར་ངོ་བཅར་ལས་དོན་བསྒྲུབས་ནས་ཁྲིམས་སྲོལ་ལྟར་མང་ཚོགས་@
ཀླུང་
ལི་ཧྥུའུ་ཀྲུང་གིས་ངེད་གྲོང་ཁྱེར་གྱི་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོའི་གྲ་སྒྲིག་ལས་དོན་ལ་རྟོག་ཞིབ་མཛུབ་སྟོན་གནང་སྐབས་འགན་འཁྲི་འཁུར་ཕོད་ལ་@