第02版:综合新闻 上一版3  4下一版
 
版面导航

第01版
头版

第02版
综合新闻

第03版
综合新闻
 
标题导航
སྣེ་གདོང་ཆུས་ཀྱི་ཐོན་སྐྱེད་ནུས་ཤུགས་གསར་མ་སྐྱེ་འཚར་མགྱོགས།
ལི་ཧྥུའུ་ཀྲུང་གིས་གྲོང་ཁྱེར་ཡིག་བསྐུར་ངོ་བཅར་ཅུད་དུ་ངོ་བཅར་བྱེད་མཁན་མང་ཚོགས་ལ་སྣེ་ལེན་གནང་སྐབས་སེམས་རྩ་འཁོལ་པོས་ཡིག་བསྐུར་ངོ་བཅར་ལས་དོན་བསྒྲུབས་ནས་ཁྲིམས་སྲོལ་ལྟར་མང་ཚོགས་@
ཀླུང་
ལི་ཧྥུའུ་ཀྲུང་གིས་ངེད་གྲོང་ཁྱེར་གྱི་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོའི་གྲ་སྒྲིག་ལས་དོན་ལ་རྟོག་ཞིབ་མཛུབ་སྟོན་གནང་སྐབས་འགན་འཁྲི་འཁུར་ཕོད་ལ་@
| 山南网首页 |
2025年8月6日 星期
下一篇 4 放大 缩小 默认
སྣེ་གདོང་ཆུས་ཀྱི་ཐོན་སྐྱེད་ནུས་ཤུགས་གསར་མ་སྐྱེ་འཚར་མགྱོགས།
བསོད་ནམས་བསྟན་པས་བསྒྱུར།
 

ལྷོ་ཁའི་སྣེ་གདོང་དུ་སླེབས་ཙ་ན། སྐུ་ཉིད་ཀྱི་ཡིད་ལ་ཅི་ཞིག་འཆར་སྲིད། ལོ་རྒྱུས་ཐོག་ཞིང་ལ་སྔ་བ་དང་། ཕོ་བྲང་ལ་སྔ་བ། དམངས་གཙོ་བསྒྱུར་བཅོས་བྱས་རྗེས་ཀྱི་གྲོང་ཚོ་དང་པོ་ལ་སོགས།……

གནའ་བོའི་གྲོང་ཁྱེར་དུ་འབོད་ལ་དེང་རབས་འཕོ་འགྱུར་དབྱར་མཚོ་རྒྱས་པའི་གྲོང་ཁྱེར་འདིས། ཐོན་སྐྱེད་ནུས་ཤུགས་གསར་མའི་འགྲན་ལམ་ཐོག་དཔའ་ངར་ཆེན་པོས་སྔོན་སྐྱོད་བརྩོན་ལེན་བྱེད་བཞིན་མཆིས།

ཉེ་བའི་ལོ་ཤས་རིང་། དམའ་དབྱིངས་དཔལ་འབྱོར་ལ་བརྟེན་ནས་མདུན་ལྗོངས་ཡངས་པོ་བཤངས། མངོན་ཆེ་མེད་པའི་འཕར་ཤུགས་ལས་གཏིང་ཤུགས་སྟོབས་ཆེན་སྤྲད།

འདི་ཉིད་སྣེ་གདོང་ཆུས་ཀྱི་འཕེལ་རྒྱས་ལ་འགུལ་ནུས་གསར་པ་སྤྲོད་མཁན་ཞིག་དང་།ཐོན་སྐྱེད་ནུས་ཤུགས་གསར་མ་སྟོབས་ཆེར་གཏོང་བའི་སྒུལ་བྱེད་གསར་པར་གྱུར།

སྣེ་གདོང་ཆུས་ཀྱི་བྱང་རྒྱུད་ཐོན་ལས་གླིང་ཁུལ་དུ། བོད་ལྗོངས་ཁྲོང་པོའོ་མཁའ་སྐྱོད་ཚན་རྩལ་ཚད་ཡོད་ཀུང་སིའི་བབས་ཐང་ཐོག མི་མེད་གནམ་གྲུ་ཁག་ཅིག་འཕུར་སྐྱོད་ཀྱི་སྟ་གོན་ལས་ལ་བྲེལ་བཞིན་ཡོད།

དབེན་དབེན་གྱི་སྒྲ་དང་བསྟུན་ནས། མི་མེད་གནམ་གྲུ་དྲུག་དུང་འཁོར་གཡས་འཁྱིལ་ཇི་བཞིན་དུས་མཉམ་དུ་འཕུར་འགོ་ཚུགས། སྐར་མ་ཁ་ཤས་རྗེས་སུ་གནམ་གྲུ་དེ་དག་མཁའ་དབྱིངས་སུ་ངང་པའི་ཚུལ་བཞིན། བར་སྣང་དུ་སྟར་ལ་བསྒྲིགས།ཡར་ཀླུང་གཙང་པོའི་ཆུ་ལམ་བརྒྱུད་ནས་ཕྱོགས་བཞིར་སྐོར་ཞིབ་བྱེད་འགོ་ཚུགས།

མི་མེད་གནམ་གྲུས་ཆུ་ལམ་ལ་སྐོར་ཞིབ་བྱེད་པ་དེ་ནི། ད་ལོའི་ལོ་འགོར། བོད་ལྗོངས་ཁྲོན་པོའོ་མཁའ་སྐྱོད་ཀུང་སི་དང་ས་གནས་ཀྱི་ཆུ་བེད་སྡེ་ཚན་དབར་མཉམ་ལས་བྱས་པའི་རྣམ་གྲངས་གསར་པ་ཞིག་ཏེ། སྤྱི་ལེ་བཅུའི་ཆུ་བོའི་སྐོར་ཞིབ་ལས་འགན་སྒྲུབ་རྒྱུ་དེ་ཡིན་ལ། མི་མེད་གནམ་གྲུས་སྐར་མ་བཅུ་གྲངས་ནང་ལེགས་གྲུབ་བྱེད་པའི་ཐབས་ལམ་དང་།སྔོན་ཆད་མིས་ཆུ་བོར་སྐོར་ཞིབ་བྱེད་པའི་ལས་ཕྱོད་ཀྱི་ལྡབ་གྲངས་ལས་ལྷག་པ་ཞིག་རེད།

སྣེ་གདོང་ཆུས་མི་མེད་མཁའ་སྐྱོད་ཁེ་ལས་ཐོན་ལས་རྟེན་གཞིའི་གཙོ་གནད་ཚོང་འགུགས་མ་འདྲེན་ཡིན་པའི་བོད་ལྗོངས་ཁྲོང་པོའོ་མཁའ་སྐྱོད་དེ་ཉིད་2023ལོར་བཙུགས་པ་དང་ཆབས་ཅིག་གནས་དེར་འཚར་ལོངས་དང་སྟོབས་ཆེར་སོང་།ཞིང་ས་གཅིག་ཏུ་གནས་པའི་སྣེ་གདོང་ཆུས་ཀྱི་གཙང་པོའི་བྱང་རྒྱུད་ཐོན་ལས་གླིང་གི“ཡར་གཙང་ཨང་དང་པོར་”གྲགས་པའི་རིག་ནུས་རྩིས་རྒྱག་ལྟེ་གནས་སུ།“དམའ་དབྱིངས་དང་རིག་ནུས་རྩིས་རྒྱག་”ལྷན་སྦྱར་བྱས་པའི་ས་བོན་མཉམ་དུ་དར།

འདི་ལོའི་ཟླ་6པར། གཞིས་རྐང་ཚུགས་པ་མ་ཐག་པའི“ཡར་གཙང་ཨང་དང་པོ”ཅེས་པའི་རིག་ནུས་རྩིས་རྒྱག་ལྟེ་གནས་དེ་རང་ལྗོངས་ཀྱི་ས་མཐོའི་རིག་ནུས་རྩིས་རྒྱག་ལྟེ་གནས་ཐོག་མར་གྱུར། ཐུན་མིན་དགེ་མཚན་དེ་དག་ལ་བརྟེན་ནས“ཡར་གཙང་ཨང་དང་པོར”གྲགས་པའི་རིག་ནུས་རྩིས་རྒྱག་ལྟེ་གནས་དེས་རང་ངོས་ནུས་ཆེས་འཁོར་སྐྱོད་བྱེད་པའི་རྨང་གཞི་བརྟན་དུ་བཏང་བ་མ་ཟད། ད་དུང་རྩིས་རྒྱག་འཕྲོ་ནུས་འདོན་སྤེལ་གྱིས་ས་ཁོངས་ཀྱི་ཐོན་ལས་གྲངས་གཞི་ཅན་དུ་འགྱུར་བར་འདེགས་སྐྱོར་གལ་ཆེན་བྱས།

སྣེ་གདོང་ཆུས་ཀྱི་གཙང་པོའི་བྱང་རྒྱུད་ཐོན་ལས་གླིང་དུ།གསར་གཏོད་ཀྱི་གསོན་ཤུགས་རྦ་རླབས་འཕྱུར། བོད་ལྗོངས་ཆིང་ཅང་གློག་ཆས་ཚན་རྩལ་ཚད་ཡོད་ཀུང་སིའི་འགྲེམས་སྟོན་ཁང་ནང་། སྤྱི་ཁྱབ་ཅིང་ལི་ལིའུ་ཡན་ལིན་གྱིས་དབྱང་རླུང་བཟོ་སྐྲུན་འཕྲུལ་ཆས་ཀྱི་ལྷུ་ལག་གཙོ་བོ་ངོ་སྤྲོད་བྱེད་ཀྱིན། གནོན་བཙིར་འཕྲུལ་འཁོར་གྱིས་ཐོན་དང་པོ་ནས་ལྔ་པའི་བར་གྱི་གསར་བརྗེ་ཚབ་བྱེད་གནས་ཚུལ་ངོ་སྤྲོད་བྱེད།

ཀུང་སི་འདིའི་གསར་གཏོད་དེ་ཐོན་རྫས་རང་སྟེང་གི་རིམ་འཇུག་རིམ་སྤར་ཙམ་མ་ཟད།ཉེར་སྤྱོད་རྣམ་པ་རྒྱ་བསྐྱེད་ཐད་རྒྱུན་མཐུད་ཚད་བརྒལ་བྱུང་བའི་རྣམ་པ་དེའོ།

མཁའ་དབྱིངས་ནས་ས་ངོས་བར་དང་། གྲངས་གཞི་ནས་དངོས་གཞིའི་བར། ཐོན་ལས་གསར་པ་དར་སྤེལ་གཏོང་མཁན་གསར་ཐོན་ཁེ་ལས་དེ་དག་འཚར་ལོངས་བྱུང་བ་ནི་སྣེ་གདོང་ཆུས་ཀྱིས་དཔལ་འབྱོར་སྤྱི་ཚོགས་སྤུས་མཐོའི་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་གསར་གཏོད་ལག་ལེན་ཞིག་རེད། “སྣེ་གདོང་”འདིས་ཀྱང་ས་ཁམས་ཀྱི་གནས་སྟངས་ལྟར་ཐོགས་པའི་“གླང་ཆེན་གཟུགས་ཀྱི་རི་བོའི་སྣེ་མོར་”གནས་པ་ཇི་བཞིན། ཐོན་སྐྱེད་ནུས་ཤུགས་གསར་མའི་འགྲན་ལམ་ཐོག་སྔོན་བསྐྱོད་ལ་བརྩོན་ཏེ། ས་ཁོངས་འདིའི་གསར་གཏོད་གོང་འཕེལ་གྱི་ལེའུ་གསར་པ་ཞིག་བྲིས་ཡོད།

ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཨུད་རྒྱུན་ཨུ་། རྒྱུན་ལས་ཆུས་ཀྲང་གཞོན་པ། ལི་ཤིནགྱིས་བརྗོད་དོན།ཉེ་བའི་ལོ་ཤས་རིང་། སྣེ་གདོང་ཆུས་ཀྱིས་དོན་ཆེན་བཞིར་དམིགས་པ་དང་། འཛུགས་གཏོད་བཞིའི་ཐོག་སེམས་ནུས་གཅིག་ཏུ་བསྒྲིལ་ཏེ། བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་ཐད་གསོན་ཤུགས་ཡོད་པ་དང་། ཚོང་གཉེར་ཁོར་ཡུག་ཐད་ལས་ཕྱོད་ཡོད་པ། ཕྱི་ཕྱོགས་སྒོ་འབྱེད་ཐད་བར་སྟོང་ཡོད་པ་བཅས་བྱས་ཐོག ལམ་སྲོལ་གསར་གཏོད་དང་། ཚན་རྩལ་ནུས་སྐྱེད། ཐོན་ལས་སྦྲེལ་ཐག། ཚོང་འགུགས་བར་བརྒལ་ཡོད་པ་བཅས་ལ་སྐུལ་འདེད་ཤུགས་ཆེན་བཏང་ཐོག ཚོང་འགུགས་མ་འདྲེན་དེ་ཉིད་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཏུ་བརྩིས་ནས། ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བར་སྐུལ་འདེད་ཤུག ས་ཆེན་བཏང་ཡོད་པ་རེད།།

བདེ་དཔལ་དང་ཡེ་བཟང་གིས་ཞུས།

下一篇 4 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:综合新闻
   第03版:综合新闻
   第04版:视觉山南
སྣེ་གདོང་ཆུས་ཀྱི་ཐོན་སྐྱེད་ནུས་ཤུགས་གསར་མ་སྐྱེ་འཚར་མགྱོགས།
ལི་ཧྥུའུ་ཀྲུང་གིས་གྲོང་ཁྱེར་ཡིག་བསྐུར་ངོ་བཅར་ཅུད་དུ་ངོ་བཅར་བྱེད་མཁན་མང་ཚོགས་ལ་སྣེ་ལེན་གནང་སྐབས་སེམས་རྩ་འཁོལ་པོས་ཡིག་བསྐུར་ངོ་བཅར་ལས་དོན་བསྒྲུབས་ནས་ཁྲིམས་སྲོལ་ལྟར་མང་ཚོགས་@
ཀླུང་
ལི་ཧྥུའུ་ཀྲུང་གིས་ངེད་གྲོང་ཁྱེར་གྱི་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོའི་གྲ་སྒྲིག་ལས་དོན་ལ་རྟོག་ཞིབ་མཛུབ་སྟོན་གནང་སྐབས་འགན་འཁྲི་འཁུར་ཕོད་ལ་@