གྲོང་ཁྱེར་ཁོར་ཡུག་སྤུས་ཚད་མཐོར་འདེགས་གཏོང་རྒྱུའི་སྐོར་གྱི་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ཡོང་ཆེད། ཉིན་ཤས་བསྟུད་མར། ལྷོ་ཁའི་གྲོང་ཁྱེར་དོ་དམ་ཅུད་ཀྱིས་ཚན་པ་མང་པོ་དང་མཉམ་འབྲེལ་ཐོག་གྲོང་ཁྱེར་ནང་ཁུལ་གྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་གི་ཆེད་དོན་བྱ་སྤྱོད་སྤེལ་ཞིང་། དོ་དམ་ཚགས་ཚུད་ཅན་ལ་བརྟེན་ནས་གྲོང་ཁྱེར་ནང་ཁུལ་བཀོད་གཙང་ཅན་དང་། ལེགས་འགྱུར་ཅན། མཛེས་སྡུག་ཅན། སྔོ་ལྗང་ཅན། རིག་ནུས་ཅན་བཅས་ཀྱི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ་དང་། མིག་སྔར། དུས་མཚམས་རང་བཞིན་གྱི་ཕན་འབྲས་ཐོན་ཡོད་པ་རེད།
གྲོང་ཁྱེར་བཀོད་གཙང་གསར་བརྗེས་ལས་གཞི་ལག་བསྟར་བྱས་པ་སྟེ། བཅོས་སྒྲིག་ཆེད་སྒྲུབ་ཚོ་ཆུང་གིས་ཆེད་ལས་སྟོབས་ཤུགས་སྒྲིག་འཛུགས་བྱས་ནས་མགོན་པོ་ལམ་དང་མི་རིགས་ལམ་སོགས་གཙོ་གནད་ལམ་དུམ་དུ་བཀོད་གཙང་ལས་དོན་ཡག་པོ་སྤེལ་ཏེ། སྔ་རྗེས་སུ་འགྲུལ་བཞུད་ལམ་ངོས་95དང་། གྱང་ངོས་100ལྷག སྙིགས་སྣོད་291བཅས་ཀྱི་སྦགས་བཙོག་དང་། བརྡ་སྦྱོར། སྙིགས་རོ་གཙང་སེལ་བྱས་པ་རེད། དུས་མཚུངས། འཕྲིན་གཏོང་ལས་གཉེར་ཚོང་དུད་དང་མཐུན་སྦྱོར་བྱས་ཏེ། སྐལ་བཟང་ལམ་ལས་གཉེར་ཐིང་གནས་སའི་ཕྱི་ངོས་ཆེད་དོན་གཙང་སེལ་བྱས་པ་དང་། ཧུའུ་ནན་ལམ་དུག་འགོག་དྲིལ་བསྒྲགས་སྒྲིག་ཆས་ཉམས་བཟོ་དང་བརྗེ་སྒྱུར་སོགས་ཀྱི་ལས་དོན་སྤུས་ཚད་དང་ལྡན་པ་སྤེལ་བས། གྲོང་ཁྱེར་གྱི་རྣམ་པ་ཇེ་མཛེས་ཇེ་ཡག་ཏུ་མངོན་ནོ། །
རྨང་གཞིའི་སྒྲིག་བཀོད་མཐོར་འདེགས་ལས་གཞིར་སྐུལ་འདེད་དུས་མཉམ་བྱས་པ་སྟེ། སྣེ་གདོང་ལམ་དང་ཧུའུ་པེ་ལམ་ཆེན་སོགས་གཞུང་ལམ་ཨ་མ་གནས་ཁུལ་དུ་སྒྱུར་བཀོད་ཕྲན་བུ་བཏང་ཐོག རྐང་ལམ་209ཡི་ལམ་ངོས་རྡོ་གཅལ་ཉམས་བཟོ་དང་། རྡོ་གཅལ་ཆག་གྲུམ་ཤོར་ས་225བརྗེ་སྒྱུར་དང་ལམ་འགྲམ་ལྗོན་ཤིང་སྐྱོར་རྟེན་163རྒྱས་སྐྲུན། ས་འོག་ཆུ་སྦུག་དོང་ཁེབས་95ཡི་མངོན་མེད་རྐྱེན་རྩ་མེད་པ་བཟོས་པ་བཅས་བྱས་ཡོད་པ་རེད། མང་ཚོགས་ཚོས་བསམ་འཆར་བཏོན་ཡུལ་དུ་འགྱུར་བའི་རླངས་འཁོར་འཁྲུད་སའི་ཁུལ་གྱི་སྣང་ཚུལ་ངན་པར་དམིགས་ཏེ། ཆེད་སྒྲུབ་ཚོ་ཆུང་གིས་འཁྲུད་ས་རེར་ཇུས་རེ་བཏོན་པའི་ཐོག་ནས་བརྡ་ཁྱབ་ཕྱི་སྒྲོམ་ཁག་16བཅོས་སྒྲིག་ཚད་ལྡན་བྱས་པ་མ་ཟད། ཚན་པ་མང་པོ་དང་མཉམ་འབྲེལ་ (པར་ངོས་གཉིས་པར་གཟིགས) ( པར་ངོས་དང་པོར་མཐུད) ཐོག་ནས་སྒྲིག་འགལ་བརྡ་ཆ་སྦྱར་ས་125དང་གློག་སྐུད་རང་དགར་འཐེན་པ་སོགས་གྲོང་ཁྱེར་དོ་དམ་ལ་གནོད་པའི་སྣང་ཚུལ་ཐག་གཅོད་བྱས་པ་རེད།
གྲོང་ཁྱེར་སྔོ་འགྱུར་སྤུས་ཚད་མཐོར་འདེགས་ལས་གཞི་སྤེལ་བར་ཕན་འབྲས་མངོན་སུམ་ཐོན་པ་སྟེ། སྐྱེད་ཚལ་ལྗང་མདོག་ཅན་ལྟེ་གནས་ཀྱིས་ཆེད་ལས་བདག་སྐྱོང་ཁེ་ལས་3སྒྲིག་འཛུགས་བྱས་ཏེ། ལྗང་གསབ་ཚོན་ཁྲ་བསྣན་པའི་བྱ་སྤྱོད་སྤེལ་བ་དང་། གྲོང་ཁྱེར་ནང་ཁུལ་གྱི་གཞུང་ལམ་ཨ་མ་དང་སྤྱི་པའི་བར་ཁྱམས་སུ་མཛེས་འཆོས་ལྗོན་ཤིང་སྣ་ཚོགས་ནང་འདྲེན་བྱས་ནས་སྡོང་རྐང་ཁྲི་28འདེབས་འཛུགས་བྱས་པས། བང་རིམ་བཟང་ཤིང་ཚོན་མདོག་རྣམ་པར་བཀྲ་བའི་སྔོ་ལྗང་མཛེས་ལྗོངས་བསྐྲུན་ཡོད་པ་རེད།
གྲོང་ཁྱེར་དོ་དམ་ཅུད་ཀྱི་གཞུང་དོན་ཁང་གི་འགན་འཁུར་བ་སྒྲོལ་གཡང་གིས་ངོ་སྤྲོད་བྱས་པར་གཞིགས་པ། ད་ཐེངས་སྤེལ་བའི་ཕྱོགས་བསྡུས་བཅོས་སྐྱོང་བྱ་སྤྱོད་ནང་། གནད་དོན་འཚོལ་བཤེར་དང་། འགན་འཁྲི་ཁག་དབྱེ། བཅོས་སྒྲིག་གཙང་སེལ་བཅས་ལྡན་པའི་གདུབ་ཟུམ་ལམ་སྲོལ་འཛུགས་སྐྱོང་བྱས་པའི་ཁར། ལས་གནས་གཏན་འཁེལ་དང་། མི་སྣ་གཏན་འཁེལ། འགན་འཁྲི་གཏན་འཁེལ་བཅས་ཀྱི་དྲ་མིག་དོ་དམ་ལག་ལེན་བསྟར་ཡོད། གོམ་སྟབས་རྗེས་མར། གཙོ་གནད་དུ་སྲང་ལམ་དང་། མཚན་ལྗོངས་གློག་སྒྲོན། རིག་གནས་འགྲེམ་གྱང་སོགས་ཀྱི་ཆེད་དོན་ལས་ཀ་སྤེལ་ཏེ། ལས་འཚམ་བདེ་སྡོད་དམིགས་སུ་བཀར་བའི་གྲོང་ཁྱེར་ཁོར་ཡུག་སྤུས་ཚད་དང་ལྡན་པ་གཏོད་རྒྱུ་དང་། གྲོང་ཁྱེར་རྣམ་པ་ལྟ་ན་སྡུག་ཅིང་བཀོད་པ་གཙང་བའི་ཐོག་ནས་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བའི་རྟེན་འབྲེལ་ལ་བསུ་བ་ཞུ་རྒྱུ་ཡིན།