第01版:头版 4下一版
 
版面导航

第01版
头版

第02版
综合新闻

第03版
综合新闻
 
标题导航
རང་ལྗོངས་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་ཚད་གཞི་མཐོ་པོས་སྤེལ་བ།
ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང@
གྲོང་ཁྱེར་བཀོད་པ་མཛེས། གྲོང་མི་བདེ་ཞིང་སྐྱིད།
གྲོང་ཁྱེར་མི་དམངས་འཐུས་ཚོགས་ཀྱི་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོའི་ཆེད་དོན་དཔེ་ཀློག་འཛིན་གྲྭ་སློབ་འགོ་ཚུགས་@
| 山南网首页 |
2025年4月21日 星期
3 上一篇  下一篇 4 放大 缩小 默认
ལི་ཧྥུའུ་ཀྲུང་གིས་གྲོང་ཨུད་ཀྱི་ཆེད་དོན་ཚོགས་འདུའི་ཐོག
ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ།
 

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། སྤྱི་ཚེས་17ཉིན། གྲོང་ཨུད་ཀྱི་ཧྲུའུ་ཅི་ལི་ཧྥུའུ་ཀྲུང་གིས་གྲོང་ཨུད་ཀྱི་ཆེད་དོན་ཚོགས་འདུ་སྐོང་འཚོགས་གནང་ཞིང་། ཚོགས་འདུའི་ཐོག 《ཞི་ཅིན་ཕིང་གིས་དཔལ་འབྱོར་འཛུགས་སྐྲུན་སྐོར་གླེང་བ(2025ལོ་)》དང་ཀྲུང་དབྱང་གི་འབྲེལ་ཡོད་ཡིག་ཆའི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་བྱས་ཐོག 2024ལོའི་རང་སྐྱོང་ལྗོངས་ཀྱི་ཕྱོགས་བསྡུས་དཔྱད་ཞིབ་གནས་ཚུལ་བརྡ་ཁྱབ་བཏང་བ་དང་། 2025ལོའི་གྲོང་ཁྱེར་ཡོངས་ཀྱི་དུས་ཚིགས་དང་པོའི་དཔལ་འབྱོར་འཁོར་སྐྱོད་གནས་ཚུལ་གྱི་སྙན་ཞུ་གསན་ནས་མིག་སྔའི་དཔལ་འབྱོར་དུས་བབ་ལ་དབྱེ་ཞིབ་དང་ཞིབ་འཇུག་སྒོས། གཙོ་གནད་ལས་དོན་ལ་བཀོད་སྒྲིག་བྱས་པ་རེད། ཁོང་གིས་ནན་བཤད་གནང་དོན། ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བླང་བྱ་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་སྤྱོད་ཚུལ་སྔར་བས་ལེགས་སུ་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པ། དམ་འཛིན་མྱུར་པོ། དངོས་འཛིན་དངོས་སྒྲུབ་བཅས་བྱས་ནས་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས། (པར་ངོས་གསུམ་པར་གཟིགས) (པར་ངོས་དང་པོར་མཐུད) གྲོང་ཁྱེར་འགོ་ཁྲིད་བསམ་གྲུབ་ཚེ་རིང་དང་། ཝང་ཏེ་ཝུན། བག་གྲོ ཉི་མ་བསྟན་འཛིན། ཧྲན་ཆང་། ཝང་ཡུན་ཆིང་། ལི་ཡཱ་ཞང་། བཀྲ་ཤིས་ཕུན་ཚོགས། ཧྥུང་ཞའོ་དབྱི། ཕན་ཀང་ཕིང་། ལིའུ་ཧྲེང་གཡུས། ཀྲང་ཝུའེ་སོགས་ཚོགས་འདུར་ཞུགས་པ་རེད། ཚོགས་འདུའི་ཐོག གྲོང་ཁྱེར་ཡོངས་ཀྱི་དུས་ཚིགས་དང་པོའི་དཔལ་འབྱོར་འཁོར་སྐྱོད་གནས་ཚུལ་ལ་ཕྱོགས་ཡོངས་ནས་ཕྱིར་དྲན་དང་རྩིས་བཤེར་བྱས་པ་དང་། དུས་ཚིགས་དང་པོའི་དཔལ་འབྱོར་ལས་དོན་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་ཐོག ལྷག་བསྡད་པའི་གནད་དོན་དང་འཕྲད་པའི་དུས་བབ་ལ་དབྱེ་ཞིབ་གཏིང་ཟབ་བྱས་པ་རེད། ལི་ཧྥུའུ་ཀྲུང་གིས་ནན་བཤད་གནང་དོན། ངེད་གྲོང་ཁྱེར་གྱི་མིག་སྔའི་དཔལ་འབྱོར་དུས་བབ་ཁོང་དུ་ཡང་དག་ཆུད་པ་བྱས་ཏེ་དཔལ་འབྱོར་ལས་དོན་ལ་དམ་འཛིན་ཡག་པོ་བྱེད་པའི་དགོས་གཏུགས་ཀྱི་བསམ་པ་དང་འགན་འཁྲིའི་བསམ་པ་ཆེ་རུ་ཏན་ཏིག་བཏང་ནས་ད་ལྟ་སྤེལ་བཞིན་པའི་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་དང་ཟུང་འབྲེལ་བྱེད་པ་དང་། རང་སྐྱོང་ལྗོངས་ཀྱི་2024ལོ་འཁོར་གྱི་ཕྱོགས་བསྡུས་དཔྱད་བསྡུར་གནས་ཚུལ་དང་ཟུང་འབྲེལ་བྱས་ཏེ། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་ཞིབ་བསྡུར་ནན་ཏན་དང་ཞིབ་བཤེར་གཏིང་ཟབ་བྱས་ནས་གཅིག་སྡུད་བཅོས་སྒྲིག་དང་ཐག་གཅོད་ཏན་ཏིག་བྱས་ཏེ་ལས་བྱེད་པའི་འཇོན་ཐང་ཆེ་རུ་གཏོང་བ་དང་སྤྱོད་ཚུལ་འགྱུར་ལྡོག་ལ་བརྟེན་ནས་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ཡིད་ཆེས་བརྟན་པོ་དང་གོ་སྐབས་དམ་འཛིན་བྱས་ཏེ་ཕྱོགས་གང་ཅིའི་ཐད་ཀྱི་དགེ་མཚན་ལྡན་པའི་རྒྱུ་རྐྱེན་དེ་འཕེལ་རྒྱས་ཀྱི་གྲུབ་འབྲས་དངོས་སུ་བསྒྱུར་གང་ཐུབ་བྱས་ནས་ཐབས་ཤེས་འཚོལ་བ་དང་། ཐབས་ལམ་འཚོལ་བ། བྱེད་ཐབས་སྣོན་པ། ལས་ཀར་དམ་འཛིན་བཅས་བྱས་ཏེ་དངོས་སྒྲུབ་སྔོན་བརྩོན་གྱི་རྣམ་པའི་ཐོག་ནས་དུས་ཚིགས་གཉིས་པར་འགག་སྒྲོལ་དང་འཕར་སྣོན་བརྟན་པོ་ཡོང་བར་སྐུལ་འདེད་གཏོང་དགོས། ལི་ཧྥུའུ་ཀྲུང་གིས་བླང་བྱ་བཏོན་གནང་དོན། གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་དང་ཚན་པ་ཁག་གིས་དམིགས་ཚད་ལ་འགྱུར་ལྡོག་མི་གཏོང་བ་དང་ལས་འགན་ཉུང་དུ་མི་གཏོང་བ། ལས་ཀའི་གཙོ་གནད་དམ་འཛིན་ནན་པོ་བཅས་བྱས་ཏེ་ཤུགས་ཚད་དེ་བས་ཆེ་བ་དང་། གོམ་སྟབས་སྔར་ལས་མགྱོགས་པ། བྱེད་ཐབས་སྔར་ལས་ཏན་ཏིག སྤྱོད་ཚུལ་སྔར་ལས་ནན་པོ་བཅས་ལ་བརྟེན་ནས་ནུས་ཤུགས་ཡོད་རྒུས་དཔལ་འབྱོར་ལ་བརྩོན་ལེན་དང་ངར་ཤུགས་གཅིག་སྒྲིམ་གྱིས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། དཔལ་འབྱོར་གྱི་ལས་འགན་ལོ་ཕྱེད་རིང་ཁྱབ་ཁོངས་གཉིས་ཀའི་སྟོན་གྲངས་ཕྱེད་ཀ་ལས་བརྒལ་བ་ཡོང་རྒྱུར་སྐུལ་འདེད་ཧུར་ཐག་བཏང་སྟེ་ལོ་ཧྲིལ་པོའི་དམིགས་ཚད་དང་ལས་འགན་ཡོངས་སུ་ལེགས་འགྲུབ་ཡོང་བར་རྨང་གཞི་བརྟན་པོ་འདིང་དགོས་པ་སྟེ། རྣམ་གྲངས་ཀྱི་མ་འཇོག་ལ་དམ་འཛིན་དང་། འཛད་སྤྱོད་ཁྱོན་ཡོངས་ནས་ཆེ་རུ་གཏོང་བ། ཐོན་ལས་རྒྱ་སྟོབས་ཆེ་རུ་གཏོང་བ། ཚོང་འགུགས་མ་འདྲེན་ལ་དམ་འཛིན། དམངས་འཚོ་ལེགས་བཅོས་ལ་ཤུགས་སྣོན། བདེ་འཇགས་བརྟན་ལྷིང་ལ་དམ་འཛིན་བཅས་བྱེད་དགོས། ལི་ཧྥུའུ་ཀྲུང་གིས་ནན་བཤད་གནང་དོན། ཏང་གིས་དཔལ་འབྱོར་ལས་དོན་ལ་འགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ལས་ཀ་གཙོ་བོར་འཛིན་རྒྱུ་མཐའ་འཁྱོངས། ཡིད་ཆེས་ཆེ་རུ་གཏོང་བ། དུས་དང་རྣམ་པ་ཀུན་ཏུ་དམིགས་ཚད་ལ་བསྡུར་བ། གནད་ལ་འཁེལ་བའི་ཁ་ཕྱོགས་མཐའ་འཁྱོངས། ལས་ཀའི་འགན་འཁུར་ཡག་པ། གོམ་སྟབས་ཆེན་པོ་སྤོ་བ་དང་ལས་ཕྱོད་མཐོ་རུ་གཏོང་བ། མཉམ་སྒྲུབ་མཐུན་སྦྱོར་ལ་དོ་སྣང་དང་ལས་ཀའི་འགྲིལ་ཤུགས་ཆེ་རུ་གཏོང་བ། སེམས་ལ་འཇིགས་བཀུར་ཤེས་པ་དང་ལས་ཀའི་ཁོར་ཡུག་ལེགས་པ་བཅས་བྱས་ཏེ་ལས་འགན་ཁག་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་ཏན་ཏིག་སྤེལ་ནས་བསམ་བློ་དེ་ལས་དོན་སྒྲུབ་འདོད་པའི་ཐོག་གཅིག་སྡུད་བྱེད་པ་དང་འགན་འཁྲི་འཁུར་ཕོད་པ་དེ་ལས་དོན་སྒྲུབ་ཕོད་པའི་ཐོག་མངོན་པ་བྱེད་པ། འཇོན་ཐང་དེ་ལས་དོན་སྒྲུབ་ཤེས་པའི་ཐོག་མངོན་པ་བཅས་བྱས་ཏེ་དམིགས་ཚད་དེ་ལས་དོན་སྒྲུབ་ཐུབ་པའི་ཐོག་དོན་འཁྱོལ་བྱས་ནས་སྤྱོད་ཚུལ་འགྱུར་ལྡོག་ལ་བརྟེན་ནས་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་བ་དང་ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བར་བསུ་བ་ཞུ་དགོས། ཚོགས་འདུའི་ཐོག སྣེ་གདོང་ཆུས་དང་། མཚོ་སྣ་གྲོང་ཁྱེར། གྲོང་ཁྱེར་འགྲིམ་འགྲུལ་སྐྱེལ་འདྲེན་ཅུད། མ་འཇོག་སྐུལ་སྤེལ་ཅུད་བཅས་ཀྱིས་གཏམ་བཤད་སྤེལ་བ་རེད།

ཡེ་བཟང་གིས་བསྒྱུར། བསོད་དོན་དང་བདེ་དཔལ་གྱིས་ཞུས།

3 上一篇  下一篇 4 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:综合新闻
   第03版:综合新闻
   第04版:公益广告
རང་ལྗོངས་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་ཚད་གཞི་མཐོ་པོས་སྤེལ་བ།
ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང@
གྲོང་ཁྱེར་བཀོད་པ་མཛེས། གྲོང་མི་བདེ་ཞིང་སྐྱིད།
གྲོང་ཁྱེར་མི་དམངས་འཐུས་ཚོགས་ཀྱི་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོའི་ཆེད་དོན་དཔེ་ཀློག་འཛིན་གྲྭ་སློབ་འགོ་ཚུགས་@