第01版:头版 4下一版
 
版面导航

第01版
头版

第02版
综合新闻

第03版
综合新闻
 
标题导航
རང་ལྗོངས་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་ཚད་གཞི་མཐོ་པོས་སྤེལ་བ།
ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང@
གྲོང་ཁྱེར་བཀོད་པ་མཛེས། གྲོང་མི་བདེ་ཞིང་སྐྱིད།
གྲོང་ཁྱེར་མི་དམངས་འཐུས་ཚོགས་ཀྱི་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོའི་ཆེད་དོན་དཔེ་ཀློག་འཛིན་གྲྭ་སློབ་འགོ་ཚུགས་@
| 山南网首页 |
2025年4月21日 星期
3 上一篇 放大 缩小 默认
གྲོང་ཁྱེར་མི་དམངས་འཐུས་ཚོགས་ཀྱི་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོའི་ཆེད་དོན་དཔེ་ཀློག་འཛིན་གྲྭ་སློབ་འགོ་ཚུགས་པ།
ཝང་ཏེ་ཝུན་གྱིས་གསུང་བཤད་གནང་།
 

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་དུས། གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཏང་ཙུའུ་ཡིས་རིགས་གཞུང་སློབ་སྦྱོང་ལྟེ་བའི་ཚོ་ཆུང་གི་སློབ་སྦྱོང་(རྒྱ་ཆེ)ཚོགས་འདུ་ཐེངས་ཞེ་བདུན་པ་དང་“རིམ་གཉིས”ཏང་ཙུའུ་ཚན་ཁག་གིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་ཆེད་དོན་དཔེ་ཀློག་འཛིན་གྲྭ་གཉེར་ནས། 《ཏང་གི་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ཞི་ཅིན་ཕིང་གི་རྣམ་བཤད་ལེགས་བཏུས》ཁག་བཞི་པ་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་ཀྱི་དགོངས་དོན་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལག་བསྟར་བྱ་ཐབས། གྲོང་ཨུད་ཀྱི་ལག་བསྟར་བསམ་འཆར་བཅས་དང་། ལྗོངས་ཏང་ཨུད་དང་། ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་། གྲོང་ཨུད་བཅས་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ (པར་ངོས་གཉིས་པར་གཟིགས) ( པར་ངོས་དང་པོར་མཐུད) ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོའི་ཆེད་དོན་དཔེ་ཀློག་འཛིན་གྲྭའི་དགོངས་དོན་བཅས་བརྒྱུད་བསྒྲགས་སློབ་སྦྱོང་བྱས་པ་རེད། གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཏང་ཙུའི་ཧྲུའུ་ཅི། ཀྲུའུ་རེན་ཝང་ཏེ་ཝུན་གྱིས་གཙོ་སྐྱོང་གནང་། གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཏང་ཙུའི་ཁོངས་མི། ཀྲུའུ་རེན་གཞོན་པ་བསོད་ནམས་རྡོ་རྗེ་དང་། ཉིའུ་ཁུན། འཇིགས་མེད། གྲའེ་ཁུན་བཅས་ཚོགས་འདུར་ཞུགས། ད་ཐེངས་ཀྱི་དཔེ་ཀློག་འཛིན་གྲྭའི་གཉེར་ཡུན་ཉིན་གཉིས་ཡིན་ཞིང་། གཅིག་བསྡུས་སློབ་སྦྱོང་དང་། སྒེར་གྱི་རང་སྦྱོང་། ཞིབ་གྲོས་སྤེལ་རེས་བཅས་ཟུང་འབྲེལ་གྱི་བྱ་ཐབས་སྤྱད་དེ《ཏང་གི་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ཞི་ཅིན་ཕིང་གི་རྣམ་བཤད་ལེགས་བཏུས》སོགས་ཡིག་ཚགས་གལ་ཆེན་དང་ཡིག་ཆ་གལ་ཆེན་ལ་དམིགས་ནས་སློབ་སྦྱོང་གཏིང་ཟབ་བྱ་རྒྱུ་དང་། ཚོགས་ཞུགས་བློ་མཐོན་ཚོས། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་འདི་ཉིད་རང་ཉིད་ཀྱི་བྱ་སྤྱོད་ཚད་གཞིར་བཟུང་ནས་ལས་ཁུངས་ཡོངས་ཀྱི་སྤྱོད་ཚུལ་སྔར་བས་མཐོ་རུ་གཏོང་རྒྱུར་སྐུལ་ཁྲིད་བྱ་རྒྱུའི་ཆོད་སེམས་བསྟན་པ་རེད། ཝང་ཏེ་ཝུན་གྱིས་གསུངས་དོན། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་ཆབ་སྲིད་ཀྱི་རང་རྟོགས་དང་། བསམ་བློའི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་ལག་བསྟར་དོན་འཁྱོལ་བྱས་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཁག་གྲོང་ཁྱེར་མི་དམངས་འཐུས་ཚོགས་ཀྱི་ཕྱོགས་ཡོངས་དང་གནད་ལ་འཁེལ་བའི་སྒོ་ནས་ལག་བསྟར་དོན་འཁྱོལ་ཐུབ་པའི་འགན་ལེན་བྱེད་དགོས། རིགས་པའི་གཞུང་ལུགས་སློབ་སྦྱོང་གཏིང་ཟབ་དང་ཉེན་བརྡའི་སློབ་གསོ་སྤེལ་བ་བརྒྱུད་ཏང་ཡོན་ལས་བྱེད་པར་གྱོད་གཞི་དཔྱད་གཞིར་འཛིན་ནས། འཇིགས་བཀུར་ཤེས་པ་དང་། མཐའ་ཚད་རྟོགས་པ། སྒྲིག་ལམ་སྲུང་བ་བཅས་བྱེད་དགོས། འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་བ་དང་དོན་ཐོག་ཏུ་འཁྱོལ་བ། ཕན་འབྲས་ཐོན་པ་བཅས་འགན་ལེན་བྱས་ཏེ་སློབ་སྦྱོང་སློབ་གསོ་འདི་ཉིད་ལས་དོན་ལ་སྐུལ་འདེད་གཏོང་རྒྱུ་དང་འབྲེལ་མཐུད་ཐུབ་པ་བྱས་ནས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དེ་ཁྲིམས་འཛུགས་དང་། ལྟ་སྐུལ། འཐུས་མི། རང་ངོས་འཛུགས་སྐྱོང་སོགས་ཀྱི་ལས་དོན་གྱི་ཐོག་མཐའ་བར་གསུམ་དུ་ཁྱབ་པ་བྱེད་དགོས་པ་དང་། ཁྲིམས་ལྟར་རང་འགན་གཙང་སྒྲུབ་དང་འགན་འཁྲི་འཁུར་སེམས་ཆེ་རུ་བཏང་སྟེ། ངེད་གྲོང་ཁྱེར་གྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་འབུལ་དགོས། བདེ་སྐྱིད་དཔལ་སྒྲོལ་གྱིས་བསྒྱུར། བསོད་དོན་དང་བཟང་མོས་ཞུས།

3 上一篇 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:综合新闻
   第03版:综合新闻
   第04版:公益广告
རང་ལྗོངས་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་ཚད་གཞི་མཐོ་པོས་སྤེལ་བ།
ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང@
གྲོང་ཁྱེར་བཀོད་པ་མཛེས། གྲོང་མི་བདེ་ཞིང་སྐྱིད།
གྲོང་ཁྱེར་མི་དམངས་འཐུས་ཚོགས་ཀྱི་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོའི་ཆེད་དོན་དཔེ་ཀློག་འཛིན་གྲྭ་སློབ་འགོ་ཚུགས་@