第01版:头版 4下一版
 
版面导航

第01版
头版

第02版
综合新闻

第03版
综合新闻
 
标题导航
འདི་ལོ་རང་ལྗོངས་ཀྱིས་གཙོ་གནད་རྣམ་གྲངས་170བསྐྲུན་རྒྱུ་ཡིན་པ།
ཀརྨ་ཚེ་བརྟན་གྱིས་ལྷོ་ཁ་གྲོང་ཁྱེར་དུ་རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་དགོངས་དོན་སྒྲོག་འགྲེལ་དང་སྦྲགས་བརྟག་ཞིབ་གནང་བ།
གདོང་ཐུག་ཕོད་པའི་བློ་སྟོབས་ཐོག་ནས་སྤྱི་འདོམས་འཆར་འགོད་བྱས་ཐོག་བསྒྱུར་བཅོས་ཀྱི་ལས་འགན་ལ་ཕན་འབྲས་དངོས་ཐོན་རྒྱུར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ།
རྩིས་བཤེར་ལྟ་སྐུལ་གྱི་སྤུས་ཚད་དང་ཕན་འབྲས་ཟམ་མི་ཆད་པར་མཐོ་རུ་བཏང་ཐོག་སྤུས་མཐོའི་རྩིས་བཤེར་ལྟ་སྐུལ་ལ་བརྟེན་ནས་དཔལ་འབྱོར་སྤྱི་ཚོགས་སྤུས་མཐོའི་གོང་འཕེལ་ཡོང་རྒྱུར་འདེགས་སྐྱོར་@
ལྷོ་ཁས་སྒོར་དུང་ཕྱུར་5.4བཏང་ནས་ཟམ་པ་ཆེན་པོ་ཞིག་སྐྲུན་བཞིན་པ།
ཝང་ཡུན་ཆིང་དང་པའེ་ཡུན་ཧྥུང་སོགས་ཚོགས་འདུར་ཞུགས།
| 山南网首页 |
2025年4月2日 星期
3 上一篇  下一篇 4 放大 缩小 默认
ལི་ཧྥུའུ་ཀྲུང་གིས་གྲོང་ཨུད་ཕྱོགས་ཡོངས་ནས་བསྒྱུར་བཅོས་གཏིང་ཟབ་བྱེད་པའི་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་གཙོ་སྐྱོང་གནང་ནས།
གདོང་ཐུག་ཕོད་པའི་བློ་སྟོབས་ཐོག་ནས་སྤྱི་འདོམས་འཆར་འགོད་བྱས་ཐོག་བསྒྱུར་བཅོས་ཀྱི་ལས་འགན་ལ་ཕན་འབྲས་དངོས་ཐོན་རྒྱུར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ།
 

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ།ཉེ་ཆར། གྲོང་ཨུད་ཀྱི་ཧྲུའུ་ཅི། གྲོང་ཨུད་ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ལི་ཧྥུའུ་ཀྲུང་གིས་གྲོང་ཨུད་ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་གཙོ་སྐྱོང་གནང་ནས། ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་ཨུ་ཡོན་ལྷན་ཁང་གི་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། 《ཀྲུང་གུང་ལྷོ་ཁ་གྲོང་ཨུད་ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་ཨུ་ཡོན་ལྷན་ཁང་གི་2025ལོའི་ལས་དོན་གཙོ་གནད》ལ་གྲོས་ཞིབ་བྱས་པ་མ་ཟད། ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་ལས་དོན་ལ་བཀོད་སྒྲིག་བྱས་པ་རེད།

གྲོང་ཁྱེར་འགོ་ཁྲིད་ཝང་ཏེ་ཝུན་དང་། བག་གྲོ། ཝང་ཡུན་ཆིང་། བསྟན་འཛིན། ལི་ཡཱ་ཞང་། བཀྲ་ཤིས་ཕུན་ཚོགས། ཧྥུང་ཞའོ་དབྱི། ཕན་ཀང་ཕིང་། ལིའུ་ཧྲེང་གཡུས། ཀྲང་ཝུའེ་སོགས་ཚོགས་འདུར་ཞུགས་ཡོད་པ་རེད།

(པར་ངོས་གསུམ་པར་གཟིགས) (པར་ངོས་དང་པོར་མཐུད) ལི་ཧྥུའུ་ཀྲུང་གིས་གསུངས་དོན། འདས་ཟིན་པའི་ལོ་གཅིག་རིང་། གྲོང་ཁྱེར་ཡོངས་ཀྱི་གོང་འོག་ཚང་མས་ཕྱོགས་ཡོངས་ནས་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གསར་པ་དང་། ལྟ་བ་གསར་པ། ཆོད་གཏམ་གསར་པ་བཅས་སློབ་སྦྱོང་དང་ལག་བསྟར་མཐར་ཕྱིན་བྱས་པ་དང་། ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་། ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ཕྱོགས་ཡོངས་ནས་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་གསུང་བཤད་དང་མཛུབ་སྟོན་དགོངས་དོན་། ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱིས་ཁ་གསལ་བཟོས་པའི་བསྒྱུར་བཅོས་ཀྱི་དོན་ཚན་བཅས་ལ་དམ་པོར་དམིགས་པ། སྤྱི་ཚོགས་བཅོས་སྐྱོང་དང་དཔལ་འབྱོར་འཛུགས་སྐྲུན། དམངས་འཚོ་ལེགས་གཏོང་། སྐྱེ་ཁམས་ཁོར་ཡུག མཐའ་མཚམས་བཅོས་སྐྱོང་། ཏང་འཛུགས་སྐྱོང་སོགས་ཀྱི་ཁྱབ་ཁོངས་སུ། སྒྱུར་བཅོས་བྱེད་ཤུགས་ཆེ་རུ་བཏང་ནས་གསར་གཏོད་ཕོད་པ་དང་།འཁུར་ཕོད་བྱས་རྗེས་འཇོག་པའི་ཐོག་ནས་བསྒྱུར་བཅོས་ཀྱི་ཕན་འབྲས་རྒྱུན་ཆད་མེད་པར་མངོན་གསལ་དོད་དུ་བཏང་སྟེ་ལྷོ་ཁ་ཡུན་རིང་བདེ་འཁོད་དང་སྤུས་མཐོའི་གོང་འཕེལ་ལ་སྒུལ་ཤུགས་དང་ལམ་ལུགས་འགན་སྲུང་ཆེན་པོ་མཁོ་འདོན་བྱས་ཡོད།

ལི་ཧྥུའུ་ཀྲུང་གིས་ནན་བཤད་གནང་དོན། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏ ང་ཐོག་ཕྱོགས་ཡོངས་ནས་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་ནན་ཏན་དང་དོན་འཁྱོལ་བྱེད་དགོས་པ་དང་། དཔལ་འབྱོར་ལམ་ལུགས་ཀྱི་བསྒྱུར་བཅོས་ཁྲིད་སྟོན་དུ་བྱས་ཏེ། དོན་ཆེན་བཞི་དེ་ཉིད་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་ལྟེ་བའི་ལས་འགན་ཏུ་བརྩི་རྒྱུ་མཐའ་འཁྱོངས་ཀྱིས། བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་ལས་དོན་དམ་འཛིན་ཏན་ཏིག་བྱས་ཏེ། བསྒྱུར་བཅོས་དོན་འཁྱོལ་ལ་རྒྱུན་མཐུད་ཤུགས་ཆེར་གཏོང་དགོས་པ་དང་། རེ་རེ་བཞིན་ཞིབ་འཇུག་དང་། རེ་རེ་བཞིན་སྐུལ་འདེད་བཏང་སྟེ། བསྒྱུར་བཅོས་ཀྱི་ལས་འགན་ཁག་དོན་འཁྱོལ་ཡོང་བར་འགན་ལེན་བྱེད་དགོས། བསྒྱུར་བཅོས་ཀྱི་འདུ་ཤེས་ཤུགས་ཆེར་བཏང་ནས་ཉམས་མྱོང་ལ་མུ་མཐུད་ཕྱོགས་བསྡོམས་དང་། གྲུབ་འབྲས་དར་སྤེལ། ངེད་གྲོང་ཁྱེར་གྱི་བསྒྱུར་བཅོས་ཀྱི་གཙོ་གནད་ལས་འགན་ལ་དམ་པོར་དམིགས་པ། གཙོ་གནད་ཁྱབ་ཁོངས་དང་གཙོ་གནད་ལས་འགན་ལ་དམིགས་པ། སྤྱི་ཡོངས་འཆར་འགོད་དང་སྐུལ་འདེད་གཏིང་ཟབ་གཏོང་བ། གཟེར་འདེབས་སྙིང་སྟོབས་ལ་བརྟེན་ནས་བསྒྱུར་བཅོས་དོན་འཁྱོལ་དམ་འཛིན་ནན་པོ་བཅས་བྱ་དགོས། གཙོ་གནད་ཁྱབ་ཁོངས་དག་འགག་སྒྲོལ་གྱི་ཁ་བཤོ་འབིགས་ས་བྱས་ཐོག་གཏིང་ཟབ་སར་འཛུལ་ཕོད་པ་དང་། མུར་ཁག་ས་མུར་ཕོད་པ། འགལ་ཟླར་ཐད་ཀར་གདོང་གཏད་ཕོད་པ། དཀའ་ངལ་ལ་གདོང་ཐུག་ནས་སེལ་ཕོད་པ། སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བཅས་བྱས་ཏེ་བསྒྱུར་བཅོས་གལ་ཆེན་ལ་ཕན་འབྲས་དངོས་ཐོན་རྒྱུར་སྐུལ་འདེད་མཐའ་འཁྱོངས་གཏོང་དགོས།

ལི་ཧྥུའུ་ཀྲུང་གིས་ནན་བཤད་གནང་དོན། རྩ་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་དགོས་པ་དང་། མིག་མང་འགྲིག་སྐོར་གཅིག་གི་བསམ་བློ་བརྟན་པོ་འཛུགས་པ། འགན་འཁྲི་ཁ་གསལ་དང་། འབྲེལ་ཐག་ཆ་ཚང་བ། ལྕགས་ཐག་ལྟ་བུར་ཕན་ཚུན་དམ་འབྲེལ་བཅས་ཀྱི་བསྒྱུར་བཅོས་སྐུལ་འདེད་ལམ་སྲོལ་ཆ་ཚང་ཞིག་བཙུགས་ནས་ལས་ཀའི་འགན་འཁྲི་ནན་གཏོང་དང་། ལྟ་སྐུལ་དཔྱད་ཞིབ་ཤུགས་ཆེན། དུས་ཐོག་ཏུ་བསྒྱུར་བཅོས་ཀྱི་ཉམས་མྱོང་བཟང་པོ་དང་བྱ་ཐབས་བཟང་པོར་ཕྱོགས་བསྡོམས་དང་ལེགས་བསྡུ་བཅས་བྱས་ཐོག་ལམ་ལུགས་ཀྱི་གྲུབ་འབྲས་དག་འཕེལ་རྒྱས་ཀྱི་སྒུལ་ཤུགས་དངོས་ལ་འགྱུར་ཐུབ་པ་བྱེད་དགོས་སོ།།

བསོད་ནམས་བསྟན་པས་བསྒྱུར། བསོད་ཡེས་ཞུས།

3 上一篇  下一篇 4 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:综合新闻
   第03版:综合新闻
   第04版:公益广告
འདི་ལོ་རང་ལྗོངས་ཀྱིས་གཙོ་གནད་རྣམ་གྲངས་170བསྐྲུན་རྒྱུ་ཡིན་པ།
ཀརྨ་ཚེ་བརྟན་གྱིས་ལྷོ་ཁ་གྲོང་ཁྱེར་དུ་རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་དགོངས་དོན་སྒྲོག་འགྲེལ་དང་སྦྲགས་བརྟག་ཞིབ་གནང་བ།
གདོང་ཐུག་ཕོད་པའི་བློ་སྟོབས་ཐོག་ནས་སྤྱི་འདོམས་འཆར་འགོད་བྱས་ཐོག་བསྒྱུར་བཅོས་ཀྱི་ལས་འགན་ལ་ཕན་འབྲས་དངོས་ཐོན་རྒྱུར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ།
རྩིས་བཤེར་ལྟ་སྐུལ་གྱི་སྤུས་ཚད་དང་ཕན་འབྲས་ཟམ་མི་ཆད་པར་མཐོ་རུ་བཏང་ཐོག་སྤུས་མཐོའི་རྩིས་བཤེར་ལྟ་སྐུལ་ལ་བརྟེན་ནས་དཔལ་འབྱོར་སྤྱི་ཚོགས་སྤུས་མཐོའི་གོང་འཕེལ་ཡོང་རྒྱུར་འདེགས་སྐྱོར་@
ལྷོ་ཁས་སྒོར་དུང་ཕྱུར་5.4བཏང་ནས་ཟམ་པ་ཆེན་པོ་ཞིག་སྐྲུན་བཞིན་པ།
ཝང་ཡུན་ཆིང་དང་པའེ་ཡུན་ཧྥུང་སོགས་ཚོགས་འདུར་ཞུགས།