第01版:头版 4下一版
 
版面导航

第01版
头版

第02版
综合新闻

第03版
综合新闻
 
标题导航
འདི་ལོ་རང་ལྗོངས་ཀྱིས་གཙོ་གནད་རྣམ་གྲངས་170བསྐྲུན་རྒྱུ་ཡིན་པ།
ཀརྨ་ཚེ་བརྟན་གྱིས་ལྷོ་ཁ་གྲོང་ཁྱེར་དུ་རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་དགོངས་དོན་སྒྲོག་འགྲེལ་དང་སྦྲགས་བརྟག་ཞིབ་གནང་བ།
གདོང་ཐུག་ཕོད་པའི་བློ་སྟོབས་ཐོག་ནས་སྤྱི་འདོམས་འཆར་འགོད་བྱས་ཐོག་བསྒྱུར་བཅོས་ཀྱི་ལས་འགན་ལ་ཕན་འབྲས་དངོས་ཐོན་རྒྱུར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ།
རྩིས་བཤེར་ལྟ་སྐུལ་གྱི་སྤུས་ཚད་དང་ཕན་འབྲས་ཟམ་མི་ཆད་པར་མཐོ་རུ་བཏང་ཐོག་སྤུས་མཐོའི་རྩིས་བཤེར་ལྟ་སྐུལ་ལ་བརྟེན་ནས་དཔལ་འབྱོར་སྤྱི་ཚོགས་སྤུས་མཐོའི་གོང་འཕེལ་ཡོང་རྒྱུར་འདེགས་སྐྱོར་@
ལྷོ་ཁས་སྒོར་དུང་ཕྱུར་5.4བཏང་ནས་ཟམ་པ་ཆེན་པོ་ཞིག་སྐྲུན་བཞིན་པ།
ཝང་ཡུན་ཆིང་དང་པའེ་ཡུན་ཧྥུང་སོགས་ཚོགས་འདུར་ཞུགས།
| 山南网首页 |
2025年4月2日 星期
3 上一篇  下一篇 4 放大 缩小 默认
ལི་ཧྥུའུ་ཀྲུང་གིས་གྲོང་ཨུད་རྩིས་བཤེར་ཨུ་ལྷན་གྱི་ཚོགས་འདུ་གཙོ་སྐྱོང་གནང་སྐབས།
རྩིས་བཤེར་ལྟ་སྐུལ་གྱི་སྤུས་ཚད་དང་ཕན་འབྲས་ཟམ་མི་ཆད་པར་མཐོ་རུ་བཏང་ཐོག་སྤུས་མཐོའི་རྩིས་བཤེར་ལྟ་སྐུལ་ལ་བརྟེན་ནས་དཔལ་འབྱོར་སྤྱི་ཚོགས་སྤུས་མཐོའི་གོང་འཕེལ་ཡོང་རྒྱུར་འདེགས་སྐྱོར་བྱེད་དགོས་པའི་ནན་བཤད་གནང་བ།
 

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ།ཉེ་ལམ། གྲོང་ཨུད་ཀྱི་ཧྲུའུ་ཅི་ལི་ཧྥུའུ་ཀྲུང་གིས་གྲོང་ཨུད་རྩིས་བཤེར་ཨུ་ལྷན་གྱི་ཚོགས་འདུ་བསྐོང་འཚོགས་གནང་ཞིང་། ཚོགས་འདུའི་ཐོག 2024ལོའི་གྲོང་ཨུད་རྩིས་བཤེར་ཨུ་ལྷན་གྱི་ལས་དོན་སྙན་ཞུ་གསན་པ་དང་། གྲོང་ཨུད་རྩིས་བཤེར་ཨུ་ལྷན་གྱི་2025ལོའི་ལས་ཀའི་གཙོ་གནད་དང་ལས་ཀའི་འཆར་གཞིར་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་འབྲེལ། རྩིས་བཤེར་ལས་དོན་ལ་ཞིབ་འཇུག་བཀོད་སྒྲིག་བྱས་པ་རེད།

གྲོང་ཁྱེར་འགོ་ཁྲིད་ཝང་ཏེ་ཝུན་དང་། བག་གྲོ། ཝང་ཡུན་ཆིང་། བསྟན་འཛིན། ལི་ཡཱ་ཞང་། (པར་ངོས་གསུམ་པར་གཟིགས) (པར་ངོས་དང་པོར་མཐུད)བཀྲ་ཤིས་ཕུན་ཚོགས། ཧྥུང་ཞའོ་དབྱི། ཕན་ཀང་ཕིང་། ཀྲང་ཝུའེ་སོགས་ཚོགས་འདུར་ཞུགས་པ་རེད།

ལི་ཧྥུའུ་ཀྲུང་གིས་བསྟན་དོན། འདས་ཟིན་པའི་ལོ་གཅིག་གི་ནང་། གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་རྩིས་བཤེར་ལས་ཁུངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྩིས་བཤེར་ལས་དོན་སྐོར་ལ་གནང་བའི་མཛུབ་སྟོན་གལ་ཆེན་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ཐོག ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་དང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་རེ་འདུན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཐོག གྲོང་ཨུད་ཀྱི་ལྟེ་བའི་ལས་དོན་ལ་དམ་ཟབ་དམིགས་ནས་རྩིས་བཤེར་ཐོན་ཁུངས་ལེགས་སྒྲིག་དང་རྩིས་བཤེར་ལས་དོན་ལ་གཅིག་གྱུར་བཀོད་སྒྲིག་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་མ་ཟད། སྤུས་མཐོའི་འཕེལ་རྒྱས་ལ་སྐུལ་འདེད་དང་བསྒྱུར་བཅོས་སྒོ་འབྱེད་ལ་སྐུལ་འདེད་བྱེད་པ་སོགས་ཕྱོགས་ཁག་ལ་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཏེ། ལྷོ་ཁའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཆེད་འགན་སྲུང་ནུས་ལྡན་མཁོ་འདོན་བྱས་ཡོད། ལི་ཧྥུའུ་ཀྲུང་གིས་ནན་བཤད་གནང་དོན། གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་རྩིས་བཤེར་ལས་ཁུངས་ཀྱིས་ཏང་གིས་རྩིས་བཤེར་ལས་དོན་གྱི་བརྒྱུད་རིམ་ཡོངས་དང་ཕྱོགས་ཁག་ཚང་མར་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། ལྷག་བསམ་དག་པོས་འགན་འཁྲི་ལག་བསྟར་དང་རང་འགུལ་བྱས་འཇོག་བྱས་ནས་རྩིས་བཤེར་ལས་ཀའི་ཆུ་ཚད་མཐོར་འདེགས་བརྒྱུད། ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་དང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་རེ་འདུན་དག་རྩིས་བཤེར་གྱི་ལྟ་སྐུལ་ལས་དོན་ཁྲོད་དོན་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་ཐོན་པའི་འགན་ལེན་བྱེད་དགོས། འབྱུང་རྩ་ནས་སྔོན་འགོག་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་སྤྱི་ཡོངས་ལ་རང་འགུལ་ངང་ཞབས་འདེགས་ཞུ་དགོས་པ་མ་ཟད། རྣམ་གྲངས་ཀྱི་མ་དངུལ་གཏོང་ཕྱོགས་དང་སྤྱོད་ཕྱོགས་གནས་ཚུལ་ལ་རྩིས་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས་གཙོ་གནད་ཁྱབ་ཁོངས་ཀྱི་ཉེན་ཁ་འགོག་ཟོན་ལ་དམིགས་ཏེ་རྩིས་བཤེར་གྱི་ལྟ་སྐུལ་ནུས་ལྡན་ལ་བརྟེན་ནས་བསྒྱུར་བཅོས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་ཞབས་ཞུ་བསྒྲུབས་དགོས། སྐོར་གཟིགས་དང་སྐོར་ཞིབ། ནོར་སྲིད་ལྟ་སྐུལ། སྒྲིག་བཤེར་ལྟ་ཞིབ། བསྡོམས་རྩིས་སོགས་དང་མཉམ་འབྲེལ་མཉམ་འགུལ་ལ་ཤུགས་སྣོན་བརྒྱབ་སྟེ། རྩིས་བཤེར་འདི་ཉིད་ལྟ་སྐུལ་གྱི་བརྒྱུད་རིམ་ཆ་ཚང་ལ་ཁྱབ་པ་བྱེད་དགོས། རྩིས་བཤེར་ཡོ་བསྲང་ལས་དོན་གྱི་ལམ་སྲོལ་འཐུས་ཚང་འཛུགས་སྐྱོང་བྱས་ཏེ། ཕྱོགས་ཡོངས་ནས་ཀྲུང་དབྱང་དང་རང་སྐྱོང་ལྗོངས་རྩིས་བཤེར་གྱི་ལན་ཆའི་གནད་དོན་བཅོས་སྒྲིག་ལས་དོན་དོན་འཁྱོལ་བྱེད་དགོས་པ་དང་། བཅོས་སྒྲིག་གནད་ལ་སྨིན་པ་དང་། ཐག་གཅོད་ཡང་དག་པ། འགན་འཁྲི་བདའ་འདེད་གནད་ལ་འཁེལ་བ་བཅས་ཡོང་རྒྱུར་སྐུལ་འདེད་གཏོང་དགོས། རྩིས་བཤེར་དཔུང་ཁག་ལེགས་ཤོས་གསོ་སྐྱོང་བྱས་ཐོག ཏང་གི་གསར་གཏོད་རིགས་གཞུང་གིས་བསམ་བློར་དྲག་ཆས་སྤྲས་ཏེ། ལས་གནས་ཐོག་སྦྱོང་བརྡར་དང་ལག་ལེན་ལ་ཤུགས་སྣོན་བརྒྱབ་ནས་རྩིས་བཤེར་དཔུང་ཁག་གི་ཕྱོགས་བསྡུས་བྱང་ཚད་དང་ལས་སྒོའི་ཆེད་ལས་ནུས་པ་མཐོར་འདེགས་གཏོང་དགོས། ལི་ཧྥུའུ་ཀྲུང་གིས་ནན་བཤད་གནང་དོན། ཏང་གིས་རྩིས་བཤེར་ལས་དོན་ལ་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱེད་ཤུགས་ཆེ་རུ་བཏང་སྟེ། རིམ་ཁག་ཏང་ཨུད་དམ་ཏང་ཙུའུ་ཡིས་ཆབ་སྲིད་ཀྱི་འགན་འཁྲི་ཕྲག་ཐོག་ཏུ་ཡག་པོ་འཁུར་ཐོག བྱེད་པོའི་འཁྲི་འགན་དོན་ཐོག་ཏུ་ནན་འཁྱོལ་བྱེད་དགོས་པ་དང་། རྩིས་བཤེར་ལས་དོན་ལ་མཐོང་ཆེན་དང་རྒྱབ་སྐྱོར་ཤུགས་ཆེན་བྱས་ཏེ། རྩིས་བཤེར་ལས་དོན་ལ་འགོ་ཁྲིད་བྱེད་ནུས་ཇེ་མཐོར་གཏོང་དགོས་སོ། །

བསོད་ནམས་དོན་གྲུབ་ཀྱིས་བསྒྱུར། བསོད་བདེ་ཡེས་ཞུས།

3 上一篇  下一篇 4 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:综合新闻
   第03版:综合新闻
   第04版:公益广告
འདི་ལོ་རང་ལྗོངས་ཀྱིས་གཙོ་གནད་རྣམ་གྲངས་170བསྐྲུན་རྒྱུ་ཡིན་པ།
ཀརྨ་ཚེ་བརྟན་གྱིས་ལྷོ་ཁ་གྲོང་ཁྱེར་དུ་རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་དགོངས་དོན་སྒྲོག་འགྲེལ་དང་སྦྲགས་བརྟག་ཞིབ་གནང་བ།
གདོང་ཐུག་ཕོད་པའི་བློ་སྟོབས་ཐོག་ནས་སྤྱི་འདོམས་འཆར་འགོད་བྱས་ཐོག་བསྒྱུར་བཅོས་ཀྱི་ལས་འགན་ལ་ཕན་འབྲས་དངོས་ཐོན་རྒྱུར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ།
རྩིས་བཤེར་ལྟ་སྐུལ་གྱི་སྤུས་ཚད་དང་ཕན་འབྲས་ཟམ་མི་ཆད་པར་མཐོ་རུ་བཏང་ཐོག་སྤུས་མཐོའི་རྩིས་བཤེར་ལྟ་སྐུལ་ལ་བརྟེན་ནས་དཔལ་འབྱོར་སྤྱི་ཚོགས་སྤུས་མཐོའི་གོང་འཕེལ་ཡོང་རྒྱུར་འདེགས་སྐྱོར་@
ལྷོ་ཁས་སྒོར་དུང་ཕྱུར་5.4བཏང་ནས་ཟམ་པ་ཆེན་པོ་ཞིག་སྐྲུན་བཞིན་པ།
ཝང་ཡུན་ཆིང་དང་པའེ་ཡུན་ཧྥུང་སོགས་ཚོགས་འདུར་ཞུགས།