第01版:头版 4下一版
 
版面导航

第01版
头版

第02版
综合新闻

第03版
综合新闻
 
标题导航
འདི་ལོ་རང་ལྗོངས་ཀྱིས་གཙོ་གནད་རྣམ་གྲངས་170བསྐྲུན་རྒྱུ་ཡིན་པ།
ཀརྨ་ཚེ་བརྟན་གྱིས་ལྷོ་ཁ་གྲོང་ཁྱེར་དུ་རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་དགོངས་དོན་སྒྲོག་འགྲེལ་དང་སྦྲགས་བརྟག་ཞིབ་གནང་བ།
གདོང་ཐུག་ཕོད་པའི་བློ་སྟོབས་ཐོག་ནས་སྤྱི་འདོམས་འཆར་འགོད་བྱས་ཐོག་བསྒྱུར་བཅོས་ཀྱི་ལས་འགན་ལ་ཕན་འབྲས་དངོས་ཐོན་རྒྱུར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ།
རྩིས་བཤེར་ལྟ་སྐུལ་གྱི་སྤུས་ཚད་དང་ཕན་འབྲས་ཟམ་མི་ཆད་པར་མཐོ་རུ་བཏང་ཐོག་སྤུས་མཐོའི་རྩིས་བཤེར་ལྟ་སྐུལ་ལ་བརྟེན་ནས་དཔལ་འབྱོར་སྤྱི་ཚོགས་སྤུས་མཐོའི་གོང་འཕེལ་ཡོང་རྒྱུར་འདེགས་སྐྱོར་@
ལྷོ་ཁས་སྒོར་དུང་ཕྱུར་5.4བཏང་ནས་ཟམ་པ་ཆེན་པོ་ཞིག་སྐྲུན་བཞིན་པ།
ཝང་ཡུན་ཆིང་དང་པའེ་ཡུན་ཧྥུང་སོགས་ཚོགས་འདུར་ཞུགས།
| 山南网首页 |
2025年4月2日 星期
3 上一篇  下一篇 4 放大 缩小 默认
ཀརྨ་ཚེ་བརྟན་གྱིས་ལྷོ་ཁ་གྲོང་ཁྱེར་དུ་རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་དགོངས་དོན་སྒྲོག་འགྲེལ་དང་སྦྲགས་བརྟག་ཞིབ་གནང་བ།
 

བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉེ་ཆར། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཀརྨ་ཚེ་བརྟན་གྱིས་ལྷོ་ཁ་གྲོང་ཁྱེར་དུ་རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་དགོངས་དོན་སྒྲོག་འགྲེལ་དང་སྦྲགས་བརྟག་ཞིབ་གནང་བ་རེད།

སྣེ་གདོང་ཆུས་དང་། མཚོ་སྣ་གྲོང་ཁྱེར། མཚོ་སྨད་རྫོང་། ལྷུན་རྩེ་རྫོང་བཅས་སུ་ཀརྨ་ཚེ་བརྟན་གྱིས་གཞི་རིམ་མང་ཚོགས་དང་ཐད་ཀར་སྤེལ་རེས་གནང་སྟེ་ཡོང་འབབ་དང་འཕེལ་རྒྱས་ཀྱི་སྐོར་གླེང་བ་མ་ཟད། རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་དགོངས་དོན་སྒྲོག་འགྲེལ་གནང་བ་རེད། ཁོང་གིས། བོད་ཀྱི་དམངས་ཕན་སྲིད་ཇུས་ཚང་མའི་ནང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་དམིགས་བསལ་ཐུགས་ཁུར་འདུས་ཡོད། ང་ཚོས་ཕན་པ་གང་ནས་བྱུང་བ་དང་བཀའ་དྲིན་སུ་ལ་འཇལ་དགོས་ལུགས་ཤེས་དགོས་པ་མ་ཟད། བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་བྱེད་དགོས་ཞེས་གསུངས་ཤིང་། གཞན་ཡང་ཀརྨ་ཚེ་བརྟན་གྱིས། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་སྤྱི་པའི་ཞབས་ཞུའི་ཆུ་ཚད་མཐོ་རུ་བཏང་ནས་མཐའ་མཚམས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་བ་དང་། མི་སེར་གྱི“རེ་སྒུག་བྱེད་པའི་དོན་དག”སྲིད་གཞུང་གིས“སྒྲུབ་དགོས་པའི་དོན་དག”ལ་བརྩིས་ནས་མང་ཚོགས་ཀྱི་ཐོབ་སྣང་དང་བློ་ཡིད་ཚིམ་ཚད་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་པའི་བཀའ་མངགས་ཡང་ཡང་གནང་བ་རེད།

ཡུལ་སྨད་ཤང་ཡུལ་སྨད་གྲོང་ཚོར་ཀརྨ་ཚེ་བརྟན་གྱིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་དེ་བཞིན་ཧྲུའུ་ཅི་ཝང་ཅུན་ཀྲེང་གི་ཚབ་ཞུས་ནས་(པར་ངོས་གསུམ་པར་གཟིགས) (པར་ངོས་དང་པོར་མཐུད)ཆེད་མངགས་སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་ལ་གཟིགས་པ་དང་འཚམས་འདྲི་གནང་བ་དང་། ཡུལ་སྨད་ཤང་གི་རྒྱལ་གཅེས་མཐའ་སྲུང་གི་སྔོན་ཐོན་བྱས་རྗེས་འགྲེམས་སྟོན་ཁང་ལ་གཟིགས་སྐོར་གནང་ཞིང་། སྒྲོལ་དཀར་དང་གཡང་འཛོམས་ཁྱིམ་ཚང་གི་རྒྱལ་གཅེས་མཐའ་སྲུང་གི་སྔོན་ཐོན་བྱས་རྗེས་ལ་གུས་འདུད་ཞུས་པ་དང་། ཁོང་ཚོར་མུ་མཐུད་མིག་དཔེའི་ནུས་པ་བཏོན་ནས་རྒྱལ་གཅེས་མཐའ་སྲུང་གི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། ལས་བྱེད་པ་དང་མང་ཚོགས་དེ་བས་མང་བར་སྐུལ་ཁྲིད་ཀྱིས་སྐལ་བཟང་མེ་ཏོག་དང་འདྲ་བར་གངས་ལྗོངས་ཀྱི་མཐའ་མཚམས་སུ་རྩ་བ་ཚུགས་ཏེ་མེས་རྒྱལ་མངའ་ཁོངས་ཀྱི་རྩྭ་རྩི་ཤིང་ཚུན་ཆད་ལ་སྲུང་སྐྱོང་ཡག་པོ་བྱ་རྒྱུའི་ལྕག་སྐུལ་གནང་ཡོད།

མཚོ་སྣ་གྲོང་ཁྱེར་སླད་ཤང་གི་ཇ་རར་ཀརྨ་ཚེ་བརྟན་གྱིས་སྤུས་ཀ་གཙོ་བོར་འཛིན་པ་མཐའ་འཁྱོངས་བྱས་ཏེ་ཞིབ་ཚགས་ཅན་གྱི་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་། ཁེ་ཕན་སྦྲེལ་མཐུད་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། “ཡུལ་ཟོག”གི་ལས་དོན་ཡག་པོ་སྒྲུབ་པ་བཅས་བྱས་ནས་ཐོན་ཁུངས་ཀྱི་ལེགས་ཆ་དེ་འཕེལ་རྒྱས་ཀྱི་ལེགས་ཆར་བསྒྱུར་དགོས་ཞེས་གསུངས་པ་རེད།

ལྷུན་རྩེ་རྫོང་རྩ་རི་གྲོང་རྡལ་དུ་ཀརྨ་ཚེ་བརྟན་གྱིས་ཡུལ་དེ་གས་ཁྱད་ལྡན་ཐོན་ཁུངས་ལ་བརྟེན་ནས་རིག་གནས་དང་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་བཏང་ཚུལ་ལ་མཁྱེན་རྟོགས་གནང་ཞིང་། ཁོང་གིས་ཡུལ་སྐོར་ཐོན་རྫས་མཁོ་སྤྲོད་ཕུན་སུམ་ཚོགས་སུ་གཏོང་བ་དང་། ཡུལ་སྐོར་གྱི་ལས་རྣམ་དང་འཛད་སྤྱོད་ཀྱི་རྣམ་པ་གསར་གཏོད། ཡུལ་སྐོར་དུ་ཡོང་མཁན་མང་དུ་འགྲོ་བར་ཤུགས་སྣོན་རྒྱག་པ། ཞབས་ཞུའི་སྤུས་ཚད་དང་དོ་དམ་གྱི་ཆུ་ཚད་རྒྱུན་མཐུད་མཐོ་རུ་གཏོང་བ་བཅས་བྱས་ནས། མི་སེར་ལ“ཡུལ་སྐོར་གྱི་ཡོང་འབབ”གསོག་པ་དང་འཚོ་བ་ཡག་པོ་སྐྱེལ་ཐུབ་པར་བྱེད་དགོས་པའི་ནན་བཤད་གནང་བ་རེད།

ལྷུན་རྩེ་རྫོང་རི་ཐང་གྲོང་རྡལ་དར་ཤིང་གྲོང་ཚོར་ཀརྨ་ཚེ་བརྟན་གྱིས་ས་ཞིང་གི་སེར་ལངས་ཚུལ་ལ་གཟིགས་པ་དང་། དཔྱིད་རྨོད་དཔྱིད་འདེབས་བྱེད་བཞིན་པའི་གཞི་རིམ་མང་ཚོགས་དང་སྤེལ་རེས་གཏིང་ཟབ་གནང་ཞིང་། ཁོང་གིས་ཞིང་བརྟེན་འབྲུ་གསོག་དང་རྩལ་བརྟེན་འབྲུ་གསོག་མཐའ་འཁྱོངས་བྱས་ཏེ་ཚད་གཞི་མཐོ་བའི་ཞིང་ས་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་གཏོང་བ་དང་། སོན་བཟང་དང་བྱེད་ཐབས་བཟང་པོ་ཁྱབ་སྤེལ་གཏོང་ཤུགས་ཆེ་རུ་གཏོང་བ། ཞིང་ལས་རྒྱུ་ཆ་མཁོ་སྤྲོད་དང་ཞིང་ལས་ལག་རྩལ་ཞབས་ཞུར་ཤུགས་སྣོན་རྒྱག་པ་བཅས་བྱས་ནས། ལོ་ཧྲིལ་པོར་འབྲུ་རིགས་ལོ་ལེགས་ཡོང་བར་རྨང་གཞི་བརྟན་པོ་འདིང་དགོས་པའི་ནན་བཤད་གནང་བ་རེད།

3 上一篇  下一篇 4 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:综合新闻
   第03版:综合新闻
   第04版:公益广告
འདི་ལོ་རང་ལྗོངས་ཀྱིས་གཙོ་གནད་རྣམ་གྲངས་170བསྐྲུན་རྒྱུ་ཡིན་པ།
ཀརྨ་ཚེ་བརྟན་གྱིས་ལྷོ་ཁ་གྲོང་ཁྱེར་དུ་རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་དགོངས་དོན་སྒྲོག་འགྲེལ་དང་སྦྲགས་བརྟག་ཞིབ་གནང་བ།
གདོང་ཐུག་ཕོད་པའི་བློ་སྟོབས་ཐོག་ནས་སྤྱི་འདོམས་འཆར་འགོད་བྱས་ཐོག་བསྒྱུར་བཅོས་ཀྱི་ལས་འགན་ལ་ཕན་འབྲས་དངོས་ཐོན་རྒྱུར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ།
རྩིས་བཤེར་ལྟ་སྐུལ་གྱི་སྤུས་ཚད་དང་ཕན་འབྲས་ཟམ་མི་ཆད་པར་མཐོ་རུ་བཏང་ཐོག་སྤུས་མཐོའི་རྩིས་བཤེར་ལྟ་སྐུལ་ལ་བརྟེན་ནས་དཔལ་འབྱོར་སྤྱི་ཚོགས་སྤུས་མཐོའི་གོང་འཕེལ་ཡོང་རྒྱུར་འདེགས་སྐྱོར་@
ལྷོ་ཁས་སྒོར་དུང་ཕྱུར་5.4བཏང་ནས་ཟམ་པ་ཆེན་པོ་ཞིག་སྐྲུན་བཞིན་པ།
ཝང་ཡུན་ཆིང་དང་པའེ་ཡུན་ཧྥུང་སོགས་ཚོགས་འདུར་ཞུགས།