འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ།ཉེ་ཆར། གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཝང་ཏེ་ཝུན་གྱིས་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཚོགས་འདུ་ཐེངས་ང་བདུན་པ་གཙོ་སྐྱོང་གནང་བ་རེད། ཚོགས་འདུའི་ཐོག《བོད་རང་སྐྱོང་ལྗོངས་ཀྱི་རིམ་ཁག་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཚད་ལྡན་རང་བཞིན་གྱི་ཡིག་ཆ་ཐོ་འགོད་ཞིབ་བཤེར་སྲོལ་ཡིག》བརྒྱུད་བསྒྲགས་སློབ་སྦྱོང་བྱས་པ་དང་། གྲོང་ཁྱེར་སྐབས་གཉིས་པའི་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་ཉེར་གཉིས་པར་འབུལ་རྒྱུའི་འབྲེལ་ཡོད་གཏན་འབེབས་འཆར་ཟིན་དང་། གྲོས་ཆོད་འཆར་ཟིན། གྲོང་ཁྱེར་སྲིད་གཞུང་གི་འབྲེལ་ཡོད་སྙན་སྒྲོན། གྲོང་ཁྱེར་མི་དམངས་འཐུས་ཚོགས་ཀྱི་འབྲེལ་ཡོད་ཆེད་དོན་ཨུ་ལྷན་ལ་འབུལ་རྒྱུའི་ཞིབ་བཤེར་སྙན་ཞུ་སོགས་ལ་ (པར་ངོས་གསུམ་པར་གཟིགས) (པར་ངོས་དང་པོར་མཐུད) ཞིབ་འཇུག་བྱས་པ་དང་། གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་འབྲེལ་ཡོད་ཁྲིམས་འཛིན་ཞིབ་བཤེར་སྙན་ཞུ་དང་ཆེད་དོན་བརྟག་ཞིབ་སྙན་ཞུར་ཞིབ་འཇུག འབྲེལ་ཡོད་འཐུས་མིའི་ལས་དོན་ཐད་ཀྱི་སྒྲིག་སྲོལ་ལམ་ལུགས་ལ་ཞིབ་འཇུག བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པར་ཞུགས་མཁན་ལྷོ་ཁ་གྲོང་ཁྱེར་གྱི་འཐུས་མིའི་འབྲེལ་ཡོད་དོན་ཚན་ལ་ཞིབ་འཇུག་བཅས་བྱས་པ་དང་། མི་དོན་བསྐོ་འཐེན་ལས་དོན་ལ་ཞིབ་བཤེར་བྱས་པ་མ་ཟད། འབྲེལ་ཡོད་སློབ་སྦྱོང་གནས་ཚུལ་གྱི་སྙན་ཞུ་གསན་པ་རེད།
གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཧྲེན་པའེ་ཚུན་དང་བསོད་ནམས་རྡོ་རྗེ། ཉིའུ་ཁུན། གྲའེ་ཁུན་བཅས་ཚོགས་ཞུགས་གནང་བ་རེད།
ཝང་ཏེ་ཝུན་གྱིས་བླང་བྱ་བཏོན་དོན། ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་གཏོང་བ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་རང་རྟོགས་ངང་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དང་ཐོ་འགོད་ཞིབ་བཤེར་ལས་དོན་སྐོར་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་རྣམ་བཤད་གལ་ཆེན་སྤྱད་དེ་ཐོ་འགོད་ཞིབ་བཤེར་ལག་ལེན་ལ་མཛུབ་ཁྲིད་བྱེད་དགོས་པ་དང་། ཐོ་འགོད་ཞིབ་བཤེར་ལས་དོན་གྱི་སྟོབས་ཤུགས་དང་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ལ་སྔར་བས་སྐུལ་འདེད། སློབ་སྦྱོང་ལག་ལེན་དང་ལམ་ལུགས་འཛུགས་སྐྱོང་ལ་ཤུགས་སྣོན། ཐོ་འགོད་ཞིབ་བཤེར་གྱི་ནུས་པ་དང་བྱང་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ། རང་འགུལ་དང་ཁྲིམས་ལུགས་དང་སྒྲིག་སྲོལ་ལྟར་ལས་དོན་ཡག་པོ་སྒྲུབ་པ་བཅས་བྱས་ནས་ཐོ་འགོད་ཞིབ་བཤེར་ལས་དོན་གྱི་སྤུས་ཚད་དང་ཆུ་ཚད་མཐོ་རུ་ཏན་ཏིག་གཏོང་དགོས། “སྲིད་གཅིག་དང་ཁང་གཉིས”ཀྱིས་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ཚད་ལྡན་རང་བཞིན་གྱི་ཡིག་ཆ་ཚང་མ་ཐོ་འགོད་ཞིབ་བཤེར་གྱི་ཁྱབ་ཁོངས་སུ་བཅུག་ནས་ཐོ་འགོད་ལས་དོན་གྱི་འགན་འཁྲིའི་ལམ་ལུགས་བཟོས་ཏེ་ཐོ་འགོད་ལས་དོན་ཁྱོན་ཡོངས་ལ་ཁྱབ་པ་དང་རྒྱུན་རྣམ་ཅན་དུ་འགྱུར་བ་བྱེད་དགོས། མི་དམངས་འཐུས་ཚོགས་ཀྱི་ཐོ་འགོད་ཞིབ་བཤེར་ཚན་པས་ལས་ཀའི་ལས་རིམ་ལེགས་སུ་གཏོང་བ་དང་། ཐོ་འགོད་སྙན་སེང་གི་བྱ་སྤྱོད་ཚད་ལྡན་དུ་གཏོང་བ། ཡིག་ཆ་བཟོ་མཁན་ལས་ཁུངས་དང་རྒྱུན་ལྡན་གྱི་འབྲེལ་གཏུག་བྱེད་ཤུགས་ཆེ་རུ་གཏོང་བ། ཡིག་ཆ་བཟོ་མཁན་ལས་ཁུངས་ཀྱིས་ཁྲིམས་ལྟར་དུས་ཐོག་ཏུ་ཐོ་འགོད་སྙན་སེང་ཚད་ལྡན་ཡོང་རྒྱུར་མཛུབ་སྟོན་དང་སྐུལ་འདེད་གཏོང་དགོས་པ། རྫོང་དང་ཤང་མི་དམངས་འཐུས་ཚོགས་ཀྱི་ཐོ་འགོད་སྙན་སེང་དང་ཞིབ་བཤེར་ལས་ཀར་མཛུབ་སྟོན་བྱེད་ཤུགས་ཆེ་རུ་གཏོང་བ། ཕྱོགས་ཡོངས་ནས་ཞིབ་བཤེར་དང་གཙོ་གནད་ཞིབ་བཤེར་ཟུང་འབྲེལ་བྱ་རྒྱུར་མཐོང་ཆེན་བྱས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱ་རྒྱུ་བཅས་དང་འབྲེལ་བ་ཡོད་པ་དང་། དེ་བཞིན་སྤྱི་དམངས་དང་། ཁྲིམས་མི། རྩ་འཛུགས་གཞན་དག་བཅས་ཀྱི་དབང་ཆ་འོས་འགན་དང་འབྲེལ་བ་ཡོད་པའི་ཡིག་ཆར་ཞིབ་བཤེར་བྱ་རྒྱུར་སྔར་བས་ཤུགས་སྣོན་བརྒྱབ་སྟེ། ཤེས་རྟོགས་བྱུང་བའི་གནད་དོན་དུས་ཐོག་ཏུ་དག་ཐེར་བྱེད་དགོས། ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་ཚད་ལྡན་རང་བཞིན་གྱི་ཡིག་ཆར་ཆེད་དོན་ཞིབ་བཤེར་བྱེད་རྒྱུའི་བླང་བྱ་དོན་འཁྱོལ་ནན་ཏན་བྱས་ཏེ། གཙང་བཤེར་དང་ཞིབ་བཤེར་བྱས་ཚུལ་ལ་གཞིགས་ནས་ཐག་གཅོད་བྱེད་དགོས་པའི་བསམ་འཆར་འདོན་དགོས་པ་མ་ཟད། འབྲེལ་ཡོད་ཚན་པར་འབྲེལ་ཡོད་ཡིག་ཆ་དུས་ཐོག་ཏུ་བཟོ་བཅོས་སམ་ཡང་ན་མེད་པ་བཟོ་རྒྱུའི་སྐུལ་འདེད་གཏོང་དགོས། ཚད་ལྡན་རང་བཞིན་གྱི་ཡིག་ཆ་ཐོ་འགོད་སྙན་སེང་གི་གནས་ཚུལ་བརྡ་ཁྱབ་གཏོང་དགོས་པ་དང་། ཐོ་འགོད་སྙན་སེང་གི་ཞིབ་བཤེར་ལས་དོན་གྱི་འགན་འཁྲི་ནན་དུ་གཏོང་དགོས།།
ཡེ་ཤེས་བཟང་མོས་བསྒྱུར། བསོད་བདེ་མཚམས་ཀྱིས་ཞུས།