འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ལམ། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། གྲོང་ཁྱེར་སྲིད་གཞུང་གི་ཏང་ཙུའི་ཧྲུའུ་ཅི། གྲོང་སྤྱི་བཅས་ཡིན་པའི་བསམ་གྲུབ་ཚེ་རིང་གིས་གྲོང་ཁྱེར་སྲིད་གཞུང་གི་ཏང་ཙུའི(རྒྱ་ཆེ)ཚོགས་འདུ་སྐོང་འཚོགས་གནང་སྟེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་། 《ཏང་ཨུད(ཏང་ཙུའུ)ཡིས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་བྱེད་པོའི་འགན་འཁྲི་དོན་འཁྱོལ་བྱ་རྒྱུའི་གཏན་འབེབས》བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཏེ་2024ལོའི་སྲིད་གཞུང་ཁོངས་གཏོགས་ཀྱིས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ལས་དོན་སྤེལ་ཚུལ་ལ་ཕྱོགས་སྡོམ་དང་། དུས་བབ་ལ་དབྱེ་ཞིབ། 2025ལོའི་ལས་དོན་ལ་བཀོད་སྒྲིག་བཅས་གནང་བ་རེད།
ཚོགས་འདུས་ནན་བཤད་བྱས་དོན། སེམས་ནང་སྡོམ་ཁྲིམས་ཡོད་པ་བྱེད་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་བློ་སྟོབས་གཅིག་སྒྲིལ་དང་། བཀུར་སྐྲག་ཤེས་པ། དོགས་ཟོན་དང་འཇིགས་སྣང་ཡོད་པ། མ་མཐའི་མཚམས་ཐིག་སྲུང་བ་བཅས་ཀྱི་ཐོག་ནས་ (པར་ངོས་གསུམ་པར་གཟིགས) (པར་ངོས་དང་པོར་མཐུད) རུལ་སུངས་ལ་ངོ་རྒོལ་དང་ངོ་འགྱུར་སྔོན་འགོག་གི་བསམ་བློའི་འགོག་སྲུང་འཛིང་རགས་བརྟན་པོ་བཙུགས་ཏེ་ལས་སྒྲུབ་ལས་གཏོད་ཀྱི་སྙིང་སྟོབས་རབ་ཏུ་འཕེལ་བ་བྱེད་དགོས། ལག་ལེན་གང་ལེགས་བསྟར་དགོས། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་བྱེད་པོའི་འགན་འཁྲི་ཇི་མ་ཇི་བཞིན་དོན་འཁྱོལ་བྱས་ཏེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་དང་ལས་སྒོའི་ལས་དོན་མཉམ་དུ་བཀོད་སྒྲིག་དང་། མཉམ་དུ་དོན་འཁྱོལ། མཉམ་དུ་ཞིབ་བཤེར། མཉམ་དུ་དཔྱད་ཞིབ་བཅས་བྱེད་དགོས། རིམ་ཁག་ཏང་ཨུད(ཏང་ཙུའུ)ཧྲུའུ་ཅིས་འགན་འཁུར་བ་དང་པོའི་འགན་འཁྲི་ཡག་པོ་བསྒྲུབས་ནས་ལས་དོན་གལ་ཆེན་ལ་སྐུ་ངོ་མས་བཀོད་སྒྲིག་དང་། གནད་དོན་གལ་ཆེན་ལ་སྐུ་ངོ་མས་འདྲི་རྩད། ལས་འགན་གལ་ཆེན་ལ་སྐུ་ངོ་མས་སྐུལ་སྒྲུབ་བཅས་བྱེད་དགོས། ཚན་པའི་ཁོངས་མི་དང་ཚན་པའི་འགན་འཁུར་བློ་མཐུན་གྱིས“ལས་གནས་གཅིག་ལ་འགན་འཁྲི་གཉིས”ལག་བསྟར་ནན་པོ་བྱས་ཏེ་ཁོངས་གཏོགས་ལ་དོ་དམ་ནན་པོ་དང་། འགན་འཁྲི་ནན་འཁུར། རང་གཅུན་ནན་པོ་བཅས་བྱས་ཐོག་ལས་བགོས་འགན་གཉེར་ཁྱབ་ཁོངས་ཀྱི་ཉེན་ཁ་འགོག་ཟོན་ལ་ཤུགས་སྣོན་རྒྱག་དགོས། དམ་འཛིན་ནན་པོ་དང་དོ་དམ་ནན་པོ་བྱ་དགོས། འགྲིམ་འགྲུལ་དང་། ནུས་ཁུངས། ཆུ་བེད་ལ་སོགས་པའི་ཁྱབ་ཁོངས་ཀྱི་ལས་གྲྭའི་རྣམ་གྲངས་གལ་ཆེན་གྱི་འཛུགས་སྐྲུན་དང་། རྒྱལ་ཁབ་ལ་དབང་བའི་ཁེ་ལས་ཀྱི་གཉེར་སྐྱོང་ཐབས་ཇུས། རྣམ་གྲངས་ཞིབ་བཤེར་མཆན་འགོད། མ་དངུལ་དོ་དམ་སོགས་འགག་རྩའི་ལྷུ་ཚིགས་ལ་གཙོ་གནད་དུ་དམིགས་ནས། སྲིད་དོན་གཙང་སྐྱོང་གི་ཉེན་ཁ་འཚོལ་བཤེར་འཕྱུགས་མེད་དང་། ལྟ་སྐུལ་དོ་དམ་ནན་པོ་བྱ་དགོས་པ་མ་ཟད་དམིགས་སའི་རང་བཞིན་ལྡན་པའི་འགོག་ཟོན་བྱེད་ཐབས་རེ་རེ་བཞིན་འཛུགས་པ་དང་། ལམ་ལུགས་ཀྱི་རླུང་རྩི་དམ་དུ་གཏོང་བ། ལྟ་སྐུལ་གྱི་ཚད་ཤིང་དམ་དུ་གཏོང་བ་བཅས་བྱས་ནས་སྒྲིག་ཁྲིམས་ནན་པོ་སྲུང་བ་དང་བཀག་སྡོམ་གྱི་ཟིལ་ཤུགས་ངོ་མ་ཐོན་པ་བྱ་དགོས། སྲིད་གཞུང་ཁོངས་གཏོགས་ཀྱི་སྤྱོད་ཚུལ་དག་ཐེར་ཆེན་པོ་བྱེད་པ་དང་། “སྤྱོད་ཚུལ་བཞི”མུ་མཐུད་ཡོ་བསྲང་དང་བཅོས་སྐྱོང་བྱེད་པ། “འཕྲལ་དུ་སྒྲུབ་པ་དང་། དམ་པ་དོན་གཉེར”གྱི་ལས་ཀའི་སྤྱོད་ཚུལ་དར་སྤེལ་ཤུགས་ཆེ་གཏོང་བ་བཅས་བྱས་ནས་རྟག་ཏུ་གཞི་རིམ་དང་། མང་ཚོགས། ས་ཡུལ་མདུན་མར་སྐྱོད་པ་བཅས་བྱས་ཏེ་མང་ཚོགས་ཀྱི་ཁ་ཚ་དགོས་གཏུགས་ཆེ་ཤོས་དང་། དཀའ་ངལ་ཆེ་ཤོས། སེམས་ཁྲལ་ཆེ་ཤོས། རེ་སྒུག་ཆེ་ཤོས་བཅས་ཀྱི་གནད་དོན་ཐག་གཅོད་གང་ཐུབ་བྱེད་དགོས།