第03版:综合新闻 上一版3  4下一版
 
版面导航

第01版
头版

第02版
综合新闻

第03版
综合新闻
 
标题导航
བོད་ལྗོངས་ཀྱི་ཞིང་ཆེན་ལམ་ལྔ་པའི་ལྷ་ས་ནས་རྩེད་ཐང་བར་གྱི་མྱུར་བགྲོད་གཞུང་ལམ་ཚོད་ལྟའི་གཉེར་སྐྱོང་བྱས་པ།
ལིའུ་ཅང་གིས་ལྷོ་ཁ་གྲོང་ཁྱེར་དུ་བརྟག་ཞིབ་གནང་བ།
གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་ཀྲུའུ་རེན་ཚོགས་འདུ་ཐེངས་ང་བདུན་པ་སྐོང་འཚོགས་བྱས་པ།
གྲོང་ཁྱེར་སྲིད་གཞུང་གིས་ཏང་ཙུའི(རྒྱ་ཆེ)ཚོགས་འདུ་འཚོགས་ཏེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ལས་དོན་ལ་ཆེད་དོན་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ།
ལྷོ་ཁའི་རིག་གནས་སྒྱུ་རྩལ་ལྟེ་གནས་དངོས་སུ་ལས་སྒོ་ཕྱེ་བ།
| 山南网首页 |
2024年12月20日 星期
3 上一篇  下一篇 4 放大 缩小 默认
ལིའུ་ཅང་གིས་ལྷོ་ཁ་གྲོང་ཁྱེར་དུ་བརྟག་ཞིབ་གནང་བ།
 

བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉེ་ལམ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ལིའུ་ཅང་གིས་ལྷོ་ཁ་གྲོང་ཁྱེར་དུ་བརྟག་ཞིབ་གནང་ནས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་། དགོན་སྡེ་དོ་དམ་ལ་ཤུགས་སྣོན་རྒྱག་པ་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད།

ལིའུ་ཅང་གིས་སྔ་རྗེས་སུ་ལྷུན་རྩེ་རྫོང་དང་། མཚོ་སྣ་གྲོང་ཁྱེར། ལྷོ་བྲག་རྫོང་། སྣ་དཀར་རྩེ་རྫོང་། གོང་དཀར་རྫོང་བཅས་སུ་བརྟག་ཞིབ་གནང་ཞིང་། ལམ་བར་དུ་འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་གཟིགས་ཞིབ་གནང་བ་དང་འབྲེལ། གཞུང་ལམ་དྲ་བའི་བཀོད་པ་སྔར་བས་ལེགས་སུ་གཏོང་བ་དང་འཐུས་སྒོ་ཚང་དུ་བཏང་ནས་ལྗང་མདོག་དང་། རིག་ནུས།བདེ་འཇགས་བཅས་ཀྱི་འགྲིམ་འགྲུལ་དྲ་བ་བསྐྲུན་ཏེ་འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་ཀྱི་དྲ་རྒྱའི་ཁྱབ་ཚད་དང་འཁོར་རྒྱུག་གི་ལས་ཕྱོད་ཆེ་རུ་གཏོང་དགོས་པའི་བླང་བྱ་བཏོན་གནང་བ་རེད། རྫོང་སྤྱི་བདེ་ཅུས་དང་མཐའ་མཚམས་མངགས་གཏོང་ཁང་སོགས་སུ་ལིའུ་ཅང་གིས་དྲ་མིག་ཅན་གྱི་དོ་དམ་དང་སྤྱི་ཚོགས་བདེ་འཇགས་སྔོན་འགོག་ཚོད་འཛིན་མ་ལག་འཛུགས་སྐྱོང་གི་གནས་ཚུལ་ངོ་སྤྲོད་གསན་པ་དང་འབྲེལ་ས་གནས་ས་ཐོག་ཏུ་གྲོང་གསེབ་ཀྱི་དྲ་མིག་པ་དང་བརྙན་ལམ་སྦྲེལ་མཐུད་ཀྱིས་ཕྱོགས་བསྡུས་བཅོས་སྐྱོང་གི་APPབཀོལ་སྤྱོད་གནས་ཚུལ་ལ་ཞིབ་བཤེར་གནང་བ་དང་འབྲེལ་ཚན་རྩལ་ལ་བརྟེན་ནས་ཉེན་རྟོག་པའི་ (པར་ངོས་གསུམ་པར་གཟིགས)(པར་ངོས་དང་པོར་མཐུད) སྟོབས་ཤུགས་དང་། དམག་འཐབ་ཀྱི་ནུས་པ། ཞབས་ཞུའི་ནུས་པ་བཅས་ལེགས་སུ་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་ཉེན་ཁ་དང་མངོན་མེད་རྐྱེན་ངན་དུས་ཐོག་ཏུ་ཤེས་རྟོགས་ཐུབ་པ་དང་བསལ་ཏེ། “འཛུགས་གཏོད་བཞིར”སྐུལ་འདེད་གཏོང་བར་བདེ་འཇགས་དང་བརྟན་ལྷིང་གི་སྤྱི་ཚོགས་ཁོར་ཡུག་བསྐྲུན་དགོས་པའི་ནན་བཤད་གནང་བ་རེད།

ལིའུ་ཅང་ཤང་དང་གྲོང་རྡལ་ཁག་ཏུ་ཕེབས་ནས་རང་སྐྱོང་ལྗོངས་ཏང་ཨུད་དང་ཧྲུའུ་ཅི་ཝང་ཅུན་ཀྲེང་གི་ཚབ་ཞུས་ཏེ་མཐའ་མཚམས་ཀྱི་འཐབ་ས་དང་པོར་འབད་འཐབ་བྱེད་བཞིན་པའི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ལ་འཚམས་འདྲི་དང་གཞི་རིམ་ལས་བྱེད་པ་དང་བྱམས་བརྩེའི་སྤེལ་རེས་གནང་ནས་གཞི་རིམ་བཅོས་སྐྱོང་དང་། དམངས་ཕན་ཞབས་ཞུ། གཞི་རིམ་གྱི་ཁུར་པོ་ཡང་གཏོང་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད།

ལིའུ་ཅང་གིས་བརྟག་ཞིབ་གནང་སྐབས་རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ་དེ་ལས་འགན་ཨང་དང་པོ་དང་མཐའ་ཚད་ཀྱི་བླང་བྱར་བརྩི་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཉེན་བརྡ་རྒྱུན་གཏོང་དང་རྟག་ཏུ་དོགས་ཟོན་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། དྲ་མིག་ཅན་གྱི་དོ་དམ་དང་། གྲངས་འཛིན་ཅན་གྱི་བཅོས་སྒྲིག ཞིབ་ཚགས་ཅན་གྱི་ཞབས་ཞུ་བཅས་ཁྱབ་གདལ་ཤུགས་ཆེན་གཏོང་བ། གཞི་རིམ་གྱི་འགལ་ཟླ་དང་རྩོད་གཞི་གྲལ་བཤེར་དང་འདུམ་འགྲིག་བྱེད་པའི་ལས་དོན་ཡག་པོ་སྒྲུབ་པ། “ཐུན་མོང་ལྔ་དང་སྲ་བརྟན་ལྔའི”ཆ་སྒྲིག་མཉམ་སྐྲུན་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ཏེ། གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་གི་ཕན་ནུས་ཕྱོགས་ཡོངས་ནས་ཆེ་རུ་གཏོང་དགོས། “ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”གི་སྤྱིའི་བླང་བྱ་དོན་འཁྱོལ་བྱས་ཏེ་མཐའ་མཚམས་ཀྱི་རྨང་གཞིའི་སྒྲིག་བཀོད་དང་གཞི་རྩའི་སྤྱི་པའི་ཞབས་ཞུའི་ཞན་ཆ་མགྱོགས་མྱུར་སེལ་ནས་ཡུལ་བབ་དང་བསྟུན་ཏེ་ཁྱད་ལྡན་ལེགས་ཆའི་ཐོན་ལས་འཕེལ་རྒྱས་གཏོང་བ་དང་ཐབས་ལམ་མང་པོའི་ཐོག་ནས་ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་འཕར་བ་བྱེད་དགོས། “འདུ་ཤེས་གསུམ”གྱི་སློབ་གསོ་མུ་མཐུད་གཏིང་ཟབ་ཏུ་གཏོང་བ་དང་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་ལ་ཁྲིམས་ལྟར་ཚད་ལྡན་དོ་དམ་བྱས་ནས་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་སྐུལ་འདེད་གཏོང་དགོས། སྤྱི་ཡོངས་ཀྱི་འདུ་ཤེས་དང་མང་ཚོགས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། སྤྱོད་ཚུལ་ལེགས་སུ་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་བྱེད་པའི་ལས་དོན་མུ་མཐུད་གཏིང་ཟབ་སྤེལ་བ། མང་ཚོགས་ཀྱི་ལངས་ཕྱོགས་ཐོག་ནས་གནད་དོན་ལ་བསམ་བློ་གཏོང་བ། བརྩེ་སེམས་ཟབ་མོ་བཅངས་ནས་དམངས་ཀྱི་བྱ་བ་ཡག་པོ་སྒྲུབ་པ་བཅས་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

3 上一篇  下一篇 4 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:综合新闻
   第03版:综合新闻
   第04版:专版
བོད་ལྗོངས་ཀྱི་ཞིང་ཆེན་ལམ་ལྔ་པའི་ལྷ་ས་ནས་རྩེད་ཐང་བར་གྱི་མྱུར་བགྲོད་གཞུང་ལམ་ཚོད་ལྟའི་གཉེར་སྐྱོང་བྱས་པ།
ལིའུ་ཅང་གིས་ལྷོ་ཁ་གྲོང་ཁྱེར་དུ་བརྟག་ཞིབ་གནང་བ།
གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་ཀྲུའུ་རེན་ཚོགས་འདུ་ཐེངས་ང་བདུན་པ་སྐོང་འཚོགས་བྱས་པ།
གྲོང་ཁྱེར་སྲིད་གཞུང་གིས་ཏང་ཙུའི(རྒྱ་ཆེ)ཚོགས་འདུ་འཚོགས་ཏེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ལས་དོན་ལ་ཆེད་དོན་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ།
ལྷོ་ཁའི་རིག་གནས་སྒྱུ་རྩལ་ལྟེ་གནས་དངོས་སུ་ལས་སྒོ་ཕྱེ་བ།