འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ།ཉེ་ལམ། ལྷོ་ཁ་གྲོང་ཁྱེར་གྱི་རིག་གནས་སྒྱུ་རྩལ་ལྟེ་གནས་སྒོ་ཕྱེ་བའི་མཛད་སྒོ་འཚོགས་པ་རེད། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། གྲོང་སྤྱི་བསམ་གྲུབ་ཚེ་རིང་མཛད་སྒོར་ཞུགས་པ་དང་། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རྒྱུན་ལས་གྲོང་སྤྱི་གཞོན་པ་པའེ་ཡུན་ཧྥུང་གིས་ཤིས་ཚིག་གསུངས་པ་རེད།
པའེ་ཡུན་ཧྥུང་གི་ཤིས་ཚིག་ནང་། ལྷོ་ཁ་གྲོང་ཁྱེར་རིག་གནས་སྒྱུ་རྩལ་ལྟེ་གནས་བསྐྲུན་ནས་སྤྱོད་འགོ་ཚུགས་པ་དེས་བོད་མིའི་འབྱུང་གནས་ལྷོ་ཁའི་རིག་གནས་ཀྱི་རྨང་གཞི་སྔར་བས་བརྟན་དུ་བཏང་ནས་ལྷོ་ཁའི་མི་དམངས་ལ་བསམ་བློ་སྤེལ་རེས་དང་། བློ་སྒོ་འབྱེད་པ། བརྩེ་སེམས་ཟབ་ཏུ་གཏོང་བ་བཅས་ལ་རྟེན་གཞི་གལ་ཆེན་ཞིག་མཁོ་འདོན་ཐུབ་ངེས་ཡིན་ལ་ལྷོ་ཁའི་རིག་གནས་ཡུལ་སྐོར་བྱ་གཞག་དར་རྒྱས་གོང་འཕེལ་ཡོང་བར་ཡང་སྐུལ་འདེད་ཐུབ་ངེས་རེད། ད་ཆའི་ལྷོ་ཁ་གྲོང་ཁྱེར་རིག་གནས་སྒྱུ་རྩལ་ལྟེ་གནས་སུ་དེང་རབས་ཅན་གྱི་ (པར་ངོས་གསུམ་པར་གཟིགས) (པར་ངོས་དང་པོར་མཐུད) འཛུགས་སྐྲུན་ཕྱི་ངོས་ཡོད་པ་ཙམ་མ་ཟད། ད་དུང་འཐུས་སྒོ་ཚང་བའི་ནུས་པའི་སྒྲིག་ཆས་དང་། སྐྱིད་སྣང་དོད་པའི་སྤེལ་རེས་ས་ཁོངས་ཡོད་པ། ད་དུང་སྔོན་ཐོན་གྱི་འཁྲབ་སྟོན་ཁང་སོགས་ཡོད་པས། དེ་ནི་སྒྱུ་རྩལ་གཅིག་སྡུད་དང་། སྒྱུ་རྩལ་འགྲེམས་སྟོན། སྒྱུ་རྩལ་བརྒྱུད་སྤྲོད། སྒྱུ་རྩལ་སྤེལ་རེས་བཅས་ཀྱི་ལས་སྟེགས་རྒྱ་ཆེན་ཞིག་རེད། ཚང་མས་མཉམ་དུ་འབད་བརྩོན་བྱས་ཏེ་ཐུན་མོང་ཐོག་ལྷོ་ཁ་གྲོང་ཁྱེར་གྱི་རིག་གནས་སྒྱུ་རྩལ་ལྟེ་གནས་འདི་ཉིད་མི་དམངས་མང་ཚོགས་ཀྱི་སྒྱུ་རྩལ་ཕོ་བྲང་དང་། རིག་རྩལ་ལས་དོན་པའི་དྲོ་སྐྱིད་ལྡན་པའི་ཁྱིམ་གཞིས། རིག་གནས་སྒྱུ་རྩལ་གྱི་གསར་གཏོད་མཐོ་ས་བཅས་སུ་བསྐྲུན་ཐོག་དུས་རབས་གསར་པའི་ཡར་ཀླུང་རིག་གནས་སྒྱུ་རྩལ་གྱི་འོད་སྟོང་གསར་པ་ཕྱོགས་ཡོངས་ནས་འཕྲོ་ཐུབ་རྒྱུ་རེད་ཅེས་གསུངས།
“ལྷོ་ཁ་གྲོང་ཁྱེར་རིག་གནས་ལྟེ་གནས་ཀྱི་འཛུགས་སྐྲུན་རྣམ་གྲངས་དེ་2024ལོའི་ཟླ་10ཚེས་29ཉིན་ཞིབ་བཤེར་རྩིས་ལེན་རགས་ཙམ་བྱུང་བ་དང་། 2024ལོའི་ཟླ་12ཚེས་14ཉིན་ལས་མཇུག་འགྲིལ་ནས་ཞིབ་བཤེར་རྩིས་ལེན་ལེགས་གྲུབ་བྱུང་བ་དེ་གན་རྒྱའི་ལས་ཡུན་ལས་ཟླ་གསུམ་གྱིས་སྔ་སྣུར་དུ་འཛུགས་སྐྲུན་ལས་འགན་ལེགས་གྲུབ་བྱུང་ཡོད”ཅེས་ཨར་ལས་ཁེ་ལས་ཀྱི་འཐུས་མི། ཀྲུང་གོ་ལྕགས་ལམ་ཀོང་ཀྲོའུ་ལས་གྲྭ་ཅུས་ཚོགས་པ་ཚད་ཡོད་ཀུང་སིའི་བོད་ལྗོངས་ཁུལ་བདེ་འཇགས་སྤྱི་ཁྱབ་ལྟ་ཞིབ་པ་ལིའུ་ཆིས་དེ་ལྟར་བཤད།
ཤེས་རྟོགས་བྱུང་བར་གཞིགས་ན། ལྷོ་ཁ་གྲོང་ཁྱེར་རིག་གནས་སྒྱུ་རྩལ་ལྟེ་གནས་དེ་སྣེ་གདོང་ཆུས་ཤམ་ཆུ་ནུབ་ལམ་དུ་གནས་པ་དང་། འཛུགས་སྐྲུན་གྱི་མཐོ་ཚད་ལ་སྨི་23.8ཡོད་ཅིང་། དེའི་ནང་དཔེ་མཛོད་ཁང་དང་། ཞབས་བྲོ་སྦྱོང་ས། ནང་སྦྱོང་ཁང་། ཟློས་གར་ཁང་། གཞུང་དོན་ཁང་། བརྒྱུད་ལམ་སྣེ་མང་ཉམས་ལེན་ཁང་། ཕྱོགས་བསྡུས་བྱེད་སྒོ་ཁང་སོགས་ཚུད་ཡོད།
འདི་ལོ་ནས་བཟུང་། ངེད་གྲོང་ཁྱེར་གྱིས་ལས་ཀའི་ལམ་སྲོལ་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་བཏང་བ་དང་། གནད་ཆེའི་རྒྱུ་ཆ་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ། ཞབས་ཞུའི་ཕན་ནུས་ཆེ་རུ་གཏོང་བ་བཅས་བྱས་ཡོད་ཅིང་། འགོ་ཁྲིད་གཙོ་བོས་ཚོགས་འདུ་ཐེངས་མང་འཚོགས་ནས་བཀོད་གཏོང་དང་། ལས་ཡུལ་དངོས་ལ་བསྐྱོད་ནས་ལྟ་སྐུལ་མཛུབ་ཁྲིད། རྣམ་གྲངས་སྒྲུབ་ཡུན་མུ་མཐུད་ལེགས་སུ་གཏོང་བ་བཅས་བྱས་པས། ལྷོ་ཁ་གྲོང་ཁྱེར་གྱི་རིག་གནས་སྒྱུ་རྩལ་ལྟེ་གནས་རྣམ་གྲངས་དང་། རྩེད་ཐང་གྲོང་ཁུལ་གྱི་བཙོག་ཆུ་གཙང་སེལ་བཟོ་གྲྭའི་དུས་ཐེངས་གཉིས་པའི་རྣམ་གྲངས། གྲོང་ཁྱེར་མི་དམངས་ལུས་རྩལ་ཁང་དང་དེ་བཞིན་ལུས་སྦྱོང་ཞབས་ཞུའི་ལྟེ་གནས(ཆུ་རྐྱལ་ཁང)རྣམ་གྲངས་སོགས་གཙོ་གནད་རྣམ་གྲངས་ཁག་གཅིག་དང་དམངས་འཚོའི་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་བཏང་ཡོད་པ་རེད།
མཛད་སྒོ་མཇུག་འགྲིལ་རྗེས། བསམ་གྲུབ་ཚེ་རིང་སོགས་དབུ་ཁྲིད་དང་སྐུ་མགྲོན་ཚོས་སྒྱུ་རྩལ་ལྟེ་གནས་སུ་གཟིགས་སྐོར་གནང་བ་རེད།།
བསོད་བསྟན་གྱིས་བསྒྱུར། བདེ་དཔལ་དང་མཚམས་གཅོད་ཀྱིས་ཞུས།