འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ།ཟླ་12ཚེས་18ཉིན་གྱི་སྔ་དྲོ། བོད་ཀྱི་S5ལམ་ཐིག་ལྷ་ས་ནས་རྩེད་ཐང་བར་གྱི་མྱུར་བགྲོད་གཞུང་ལམ(གཤམ་དུ་བོད་ལྗོངས་S5ལམ་ཐིག་ཅེས་བསྡུ་རྒྱུ)དངོས་སུ་ཤར་གཏོང་ཐུབ་ནས་ཚོད་ལྟ་དང་སྦྲགས་ལས་གཉེར་བྱེད་འགོ་ཚུགས་པ་རེད།
སྤྱི་ཟླ་12ཚེས་18ཉིན་གྱི་སྔ་དྲོའི་ཆུ་ཚོད་10དང་ཕྱེད་ཀ་ནས་བཟུང་བོད་ལྗོངས་ཀྱི་ཞིང་ཆེན་ལམ་ལྔ་པའི་ལྷ་ས་ནས་རྩེད་ཐང་བར་གྱི་མྱུར་བགྲོད་གཞུང་ལམ་ཐོག་ཚོད་ལྟ་དང་སྦྲགས་རླངས་འཁོར་ཤར་གཏོང་གཉེར་སྐྱོང་བྱེད་འགོ་ཚུགས་པ་རེད།
བོད་ཀྱི་S5ལམ་ཐིག་རྣམ་གྲངས་ཀྱིས་ (པར་ངོས་གསུམ་པར་གཟིགས) (པར་ངོས་དང་པོར་མཐུད) ལྷ་ས་དང་ལྷོ་ཁ་གྲོང་ཁྱེར་གཉིས་འབྲེལ་མཐུད་བྱས་པ་དང་། མྱུར་བགྲོད་གཞུང་མ་དེ་ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་བདེ་ཆེན་གྲོང་རྡལ་གྱི་ལྷ་ཉིང་མྱུར་བགྲོད་གཞུང་ལམ་གྱི་སྦྲེལ་མཐུད་བྱེད་ས་ནས་འགོ་བཙུགས་ཡོད།(གཞུང་ལམ་ཨ་མ་རྒྱ་ལམ་318དང་སྦྲེལ་བ) དེའི་ནང་རྒོད་དཀར་ལའི་ཕུག་ལམ་གྱི་སྤྱིའི་རིང་ཚད་ལ་སྤྱི་ལེ་12.79ཡོད་པ་དང་། མཚོ་ཚད་མཐོ་ཤོས་སྨི་4300ཟིན་པ། དེ་ནི་བོད་ཀྱི་ཞིང་ཆེན་ལམ་ལྔ་པའི་ཚོད་འཛིན་རང་བཞིན་གྱི་ལས་གྲྭ་ཞིག་རེད། ཕུག་ལམ་གྱི་ཇུས་འགོད་མྱུར་ཚད་ནི་འཁོར་རིགས་ཆུང་གྲས་ཆུ་ཚོད་རེར་སྤྱི་ལེ་80ཡིན་པ་དང་། འཁོར་རིགས་ཆེ་གྲས་ཆུ་ཚོད་རེར་སྤྱི་ལེ་60ཡིན་པ། ཕུག་ལམ་རེར་འཁོར་ལམ་གཉིས་རེ་ཡོད་པ་རེད།
རྒོད་དཀར་ལའི་ཕུག་ལམ་དོན་རྗེས། སྨོན་ནང་རོང་བརྒྱུད་མུ་མཐུད་ལྷོ་ཕྱོགས་སུ་སྐྱོད་ན། ལྷོ་ཁ་གྲོང་ཁྱེར་བསམ་ཡས་གྲོང་རྡལ་གནས་མགོ་གྲོང་ཚོར་སླེབས་ཀྱི་ཡོད།
གྲ་ནང་གནས་མགོ་གྲོང་ཚོ་ནས་སྟག་རྩེའི་ཤིང་ཚང་གྲོང་ཚོ་བར་ལམ་ཐག་སྤྱི་ལེ་24ལས་མེད་ཀྱང་། རི་རབ་མང་རྐྱེན་མྱུར་བགྲོད་གཞུང་ལམ་དེ་ཤར་གཏོང་མ་བྱས་གོང་། གནས་མགོ་གྲོང་ཚོའི་གྲོང་མི་ཚོ་ལྷ་ས་འགྲོ་སྐབས་ཆུ་ཚོད་གསུམ་བཞི་འགོར་གྱི་ཡོད་པ་རེད།
རླངས་འཁོར་ཤར་གཏོང་ཐུབ་རྗེས། ལྷོ་ཁ་ནས་ལྷ་ས་བར་བར་ཐག་སྤྱི་ལེ་65ཙམ་ཐུང་དུ་འགྲོ་རྒྱུ་དང་། རླངས་འཁོར་བསྡད་ན་ཆུ་ཚོད་1ཙམ་ལས་དགོས་ཀྱི་མེད་པས། ས་གནས་གཉིས་ཀྱི་མང་ཚོགས་སྤེལ་རེས་དང་འགྲོ་འོང་བྱ་རྒྱུར་སྟབས་བདེ་ཆེན་པོ་བསྐྲུན་རྒྱུ་རེད་ལ། ལྷ་ས་དང་ལྷོ་ཁའི་དཔལ་འབྱོར་གཞི་གཅིག་ཅན་དུ་འཕེལ་རྒྱས་གཏོང་རྒྱུར་སྲ་ཞིང་བརྟན་པའི་འགྲིམ་འགྲུལ་གྱི་འགན་ལེན་ཐུབ་རྒྱུ་རེད།
ལྷ་ས་ནས་རྩེད་ཐང་བར་གྱི་ཕུག་ལམ་རྣམ་གྲངས་པུའི་སྤྱི་གཉེར་གཞོན་པ་ཅ་ཧའོ་ཧའོ་ཡིས་སྤྱི་ཟླ་12ཚེས་18ཉིན། བོད་ཀྱི་ཞིང་ཆེན་ལམ་ལྔ་པའི་མྱུར་བགྲོད་གཞུང་ལམ་དེར་དངོས་སུ་ཚོད་ལྟ་དང་སྦྲགས་ཤར་གཏོང་བྱས་ཡོད་པ་དང་། གཞུང་ལམ་དེ་ནི་འཁོར་ལམ་བཞི་ཅན་གྱི་རིམ་པ་དང་པོའི་གཞུང་ལམ་གྱི་ཚད་གཞི་ལྟར་འཛུགས་སྐྲུན་བྱས་པ་ཞིག་ཡིན་ཞིང་། ཇུས་འགོད་མྱུར་ཚད་ནི་ཆུ་ཚོད་རེར་སྤྱི་ལེ་80ཡིན་པ་དང་། ལམ་ཐག་ཧྲིལ་པོར་ཟམ་པ་དང་ཕུག་ལམ་གྱི་བཟུང་ཚད་ནི་བརྒྱ་ཆའི་65ཟིན་གྱི་ཡོད་ལ། ཁྱོན་ཟམ་པ་13ཡོད་པའི་ནང་སྐམ་ཟམ་གཉིས་ཡོད། རླངས་འཁོར་ཤར་གཏོང་ཐུབ་རྗེས། ལྷ་ས་ནས་ལྷོ་ཁའི་བར་རླངས་འཁོར་བསྡད་ན་ཆུ་ཚོད་1ཙམ་ལས་འགོར་གྱི་མེད་ཅེས་བཤད་པ་རེད།