འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་དུས། གྲོང་ཁྱེར་སྲིད་གཞུང་ཏང་ཙུའུ་ཡིས་རིགས་གཞུང་སློབ་སྦྱོང་ལྟེ་བའི་ཚོ་ཆུང་(རྒྱ་ཆེ)སློབ་སྦྱོང་ཚོགས་འདུ་ཐེངས་ཞེ་གཉིས་པ་དང་“སྤུས་མཐོའི་འཕེལ་རྒྱས་གླེང་སྟེགས”2024ལོའི་དུས་ཐེངས་6པའི་ཆེད་དོན་འཆད་ཁྲིད་འཚོགས་ཤིང་། རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་དཔལ་འབྱོར་འཐབ་ཇུས་ཞིབ་འཇུག་སོའོ་ཡི་སོའོ་ཀྲང་དང་། ཞིབ་འཇུག་པ། འབུམ་རམས་པ་བཅས་ཡིན་པའི་ཁྲེན་ཕུའུ་གདན་ཞུ་བྱས་ནས་ཆེད་དོན་འཆད་ཁྲིད་གནང་བ་རེད།
གྲོང་ཨུད་རྒྱུན་ཨུ། རྒྱུན་ལས་གྲོང་སྤྱི་གཞོན་པའི་འོས་མི་ཀྲང་ཝུའེ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་། གྲོང་ཁྱེར་འགོ་ཁྲིད་ཝང་ཡུན་ཆིང་དང་ཚེ་རིང་། ལིའུ་ཙུང་ཁྲང་། ཚེ་རིང་གཡང་འཛོམས་བཅས་ཚོགས་འདུར་ཞུགས།
ཚོགས་འདུའི་ཐོག ཁྲེན་ཕུའུ་ཡིས“བོད་ཀྱི་དོན་དངོས་དང་མཐུན་པའི་སྤུས་ཚད་མཐོ་བའི་ཐོན་སྐྱེད་ནུས་ཤུགས་སྐྱེད་སྲིང་བྱེད་རྒྱུ”བརྗོད་དོན་དུ་བྱས་ཏེ་སྤུས་ཚད་མཐོ་བའི་ཐོན་སྐྱེད་ནུས་ཤུགས་གང་འདྲ་བྱས་ནས་སྐྱེད་སྲིང་བྱེད་པ་དང་། སྤུས་ཚད་མཐོ་བའི་ཐོན་སྐྱེད་ནུས་ཤུགས་སྐྱེད་སྲིང་བྱེད་དགོས་དོན་གང་ཡིན་པ། བོད་ཀྱིས་སྤུས་ཚད་གསར་པའི་ཐོན་སྐྱེད་ནུས་ཤུགས་ཇི་ལྟར་སྐྱེད་སྲིང་བྱེད་པ་བཅས་ཕྱོགས་གསུམ་གྱི་ཐད་ནས་རྒྱ་ཆེའི་ཏང་ཡོན་ལས་བྱེད་པར་གསོན་ཉམས་དོད་པའི་ཆེད་ལས་སློབ་ཚན་དང་ངོ་མཚར་ཆེ་བའི་རིགས་པའི་གཞུང་ལུགས་ཀྱི་སློབ་ཚན་ཞིག་འཚོགས་པ་རེད།
ཀྲང་ཝུའེ་ཡིས་བླང་བྱ་བཏོན་གནང་དོན། འཆར་འགོད་སྔོན་ལ་བྱེད་པ་དང་ཚན་རིག་དང་མཐུན་པའི་སྒོ་ནས་བཀོད་སྒྲིག་བྱས་ཏེ་འབྲེལ་ཡོད་ཚན་པ་དང་རྫོང(ཆུས། གྲོང་ཁྱེར)ཁག་དབར་རང་འགུལ་ངང་འབྲེལ་མཐུད་བྱེད་ཤུགས་ཆེ་རུ་བཏང་ནས་གདམ་ག་ཡོད་པ་དང་། སྔ་རྗེས་ཡོད་པ། གཙོ་གནད་ཡོད་པ་བཅས་ཀྱི་སྒོ་ནས་སྤུས་ཚད་མཐོ་བའི་ཐོན་སྐྱེད་ནུས་ཤུགས་འཆར་འགོད་དང་འཕེལ་རྒྱས་གཏོང་དགོས། གཙོ་གནད་དམ་འཛིན་དང་། ཚན་རྩལ་གསར་གཏོད། དེང་རབས་ཐོན་ལས་མ་ལག གསར་གཏོད་ལ་མཁས་པའི་ཤེས་ལྡན་མི་སྣ་དཀོན་པ་བཅས་ཀྱི་གནད་དོན་ལ་དམིགས་ཏེ། སྲིད་གཞུང་གི་འཇོན་ཐང་འདོན་སྤེལ་བྱེད་པ་དང་། གྲོང་ཁྱེར་ཡོངས་ཀྱི་སྤུས་ཚད་གསར་པའི་ཐོན་སྐྱེད་ནུས་ཤུགས་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས། འགན་འཁྲི་ཏན་ཏིག་འཁུར་བ་དང་། མཉམ་ཤུགས་ཆགས་པ། རང་འགུལ་ངང་ལས་དོན་སྒྲུབ་པ། ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་མཉམ་འབྲེལ་ཚོགས་འདུའི་ལམ་སྲོལ་ནང་ཁ་གསལ་བཟོས་པའི་འགན་འཁྲི་དང་ལས་འགན་དོན་འཁྱོལ་ནན་པོ་བྱས་ནས་རང་འགན་རང་འཁུར་གྱི་ལས་ཀའི་རྣམ་པ་ཞིག་ཆགས་པ་བྱེད་དགོས།
ཡེ་ཤེས་བཟང་མོས་བསྒྱུར། བསོད་བསྟན་དང་བདེ་དཔལ་གྱིས་ཞུས།