第02版:综合新闻 上一版3  4下一版
 
版面导航

第01版
头版

第02版
综合新闻

第03版
综合新闻
 
标题导航
གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་གཉིས་པའི་རྒྱུན་ཨུད་ཚོགས་འདུ་ཐེངས་ཉེར་གཉིས་པ་འཚོགས་པ།
གྲོང་ཁྱེར་སྲིད་གཞུང་ཏང་ཙུའུ་ཡིས་རིགས་གཞུང་སློབ་སྦྱོང་ལྟེ་བའི་ཚོ་ཆུང་གི(རྒྱ་ཆེ)སློབ་སྦྱོང་ཚོགས་འདུ་འཚོགས་པ།
ལྷོ་ཁ་གྲོང་ཁྱེར་གྱི་སྤྱི་ཚོགས་རིམ་གྲས་མི་སྣའི་འཐབ་ཕྱོགས་གཅིག་གྱུར་ལས་དོན་གྱི་ལག་ལེན་གསར་གཏོད་རྟེན་གཞི་གསར་པའི་སྒོ་བྱང་བཀལ་བ།
ལིའུ་ཧྲེང་གཡུས་ཀྱིས་གོང་དཀར་རྫོང་གི་“གཅིག་འཐུས་རྣམ་པའི”འགལ་རྩོད་འདུམ་འགྲིག་ལྟེ་གནས་སུ་ལྟ་སྐུལ་ཞིབ་བཤེར་གནང་བ།
ཡར་
གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་གཉིས་པའི་ཚོགས་འདུ་ཐེངས་བརྒྱད་པའི་གྲ་སྒྲིག་ལས་ཀའི་འགོ་ཁྲིད་ཚོ་ཆུང་གི་ཚོགས་འདུ་འཚོགས་པ།
| 山南网首页 |
2024年12月20日 星期
下一篇 4 放大 缩小 默认
གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་གཉིས་པའི་རྒྱུན་ཨུད་ཚོགས་འདུ་ཐེངས་ཉེར་གཉིས་པ་འཚོགས་པ།
 
འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ལམ། གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་གཉིས་པ་འཚོགས་ཤིང་། ལྟ་སྐུལ་བཅའ་ཁྲིམས་དང་ཐོ་འགོད་ཞིབ་བཤེར་སྲོལ་ཡིག་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ། སྔོན་རྩིས་ལེགས་སྒྲིག་ཇུས་གཞིར་གྲོས་ཞིབ་བྱས་ནས་ཆོག་མཆན་བྱས་པ། རྩིས་བཤེར་ནང་རྩད་ཆོད་བྱུང་བའི་གནད་དོན་དག་ཐེར་ཡོ་བསྲང་དང་། ནུས་ཁུངས་གཙང་མའི་ཐོན་ལས་སྤུས་ཚད་མཐོ་པོའི་སྒོ་ནས་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱེད་པའི་གཟིགས་སྐྱོང་སྲིད་ཇུས་དོན་འཁྱོལ་བྱས་ཚུལ། རྒྱལ་ཁབ་ཀྱི་འཕྲོད་བསྟེན་གྲོང་ཁྱེར་འཛུགས་སྐྲུན། ཚད་ལྡན་རང་བཞིན་གྱི་ཡིག་ཆ་ཐོ་འགོད་ཞིབ་བཤེར་སོགས་ཀྱི་སྙན་ཞུ་དང་། 《མཐའ་མཚམས་དོ་དམ་སྲོལ་ཡིག་》གི་ཁྲིམས་བསྟར་ཞིབ་བཤེར་སྙན་ཞུ་བཅས་ཉན་པ་དང་གྲོས་ཞིབ་བྱས་པ། “སྲིད་གཅིག་ཁང་གཉིས་”ཀྱིས་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བའི་ལས་དོན་དོན་འཁྱོལ་བྱས་ཚུལ་གྱི་སྙན་ཞུར་གྲོས་ཞིབ་བྱས་པའི་བསམ་འཆར་ལ་གྲོས་ཞིབ་དང་བློ་ཡིད་ཚིམ་ཚད་ལ་དཔྱད་ཞིབ་བྱས་པ། འཐུས་མིའི་གྲོས་འགོ་བསྒྲུབས་ཚུལ་སྐོར་གྱི་སྙན་ཞུར་གྲོས་ཞིབ་བྱས་པ། གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་གཉིས་པའི་ཚོགས་འདུ་ཐེངས་བརྒྱད་པ་སྐོང་ཚོགས་བྱ་རྒྱུའི་སྐོར་གྱི་གཏན་འབེབས་དང་། རྒྱུན་ལས་ཨུ་ལྷན་གྱི་ལས་དོན་སྒྲིག་གཞི་འཛུགས་རྒྱུའི་སྐོར་གྱི་གཏན་འབེབས། མི་དོན་བསྐོ་འཐེན་སྐོར་གྱི་དོན་གནད་བཅས་ལ་གྲོས་འཆམ་བྱས་པ། རང་སྐྱོང་ལྗོངས་སྐབས་བཅུ་གཉིས་པའི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་གསབ་འདེམས་བྱས་པ། རྩ་ཁྲིམས་ལ་དམ་བཅའ་འཇོག་པའི་མཛད་སྒོ་འཚོགས་པ་བཅས་བྱས་པ་རེད།

གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝང་ཏེ་ཝུན་གྱིས་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད། གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཧྲེན་པའེ་ཚུན་དང་། བསོད་ནམས་རྡོ་རྗེ། ཉིའུ་ཁུན། གྲའེ་ཁུན་བཅས་ཚོགས་འདུར་ཕེབས་ཡོད་པ་རེད།

གྲོང་སྤྱི་གཞོན་པ་ལིའུ་ཙུང་ཁྲང་དང་། གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་སྒྲོལ་མ་གཡང་འཛོམས། གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་ཀྲང་ལིའུ་ཧྥ་ལིན་བཅས་ཚོགས་འདུར་ཟུར་ཞུགས་གནང་བ་རེད།

ཚོགས་འདུར་ཕེབས་དགོས་པའི་ཁོངས་མི་42དང་། ནད་དགོངས་དང་དོན་དགོངས་ཞུས་པ་11དངོས་སུ་ཕེབས་པའི་མི་གྲངས་31བཅས་ཡོད་པས་ཚོགས་འདུར་ཕེབས་པའི་མི་གྲངས་དེ་ཁྲིམས་གཏན་འཁེལ་བའི་མི་གྲངས་དང་མཐུན་ཡོད་པ་རེད།

ཚོགས་འདུའི་རིང་། ཀྲུའུ་རེན་ཚོགས་འདུ་ཐེངས་ལྔ་བཅུ་ང་བརྒྱད་པ་སྐོང་ཚོགས་བྱས་པ་དང་། ཕུལ་བྱུང་འཐུས་མིའི་གྲོས་གཞི་དང་སྒྲུབ་འགན་འཁུར་མཁན་སྔོན་ཐོན་ལས་ཁུངས། ཁྲིམས་འཛུགས་གྲོས་གཞི་དང་ལེན་བྱེད་མཁན་སྔོན་ཐོན་ལས་ཁུངས་དང་མི་སྒེར་བཅས་ལ་གཟེངས་བསྟོད་བྱས་པ་རེད།

下一篇 4 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:综合新闻
   第03版:综合新闻
   第04版:专版