第01版:头版 4下一版
 
版面导航

第01版
头版

第02版
综合新闻

第03版
综合新闻
 
标题导航
བོད་རང་སྐྱོང་ལྗོངས་ཀྱིས་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་བཙུགས་ནས་ལོ་70འཁོར་བ་དང་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱིས་རྒྱུན་ལས་ཨུ་ལྷན་བཙུགས་ནས་ལོ་45འཁོར་བར་རྟེན་འབྲེ@
རྒྱལ་ཁབ་ཀྱིས་མ་དངུལ་སྒོར་ཁྲི་1500བཏང་བའི་བསམ་ཡས་དགོན་པའི་དབུ་རྩེ་ལྷ་ཁང་གི་ལྡེབས་རིས་སྲུང་སྐྱོབ་ལས་གྲྭའི་འཕེལ་རིམ་བདེ་བླག་བྱུང་བ།
སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ནས་ལས་དོན་ཁག་ཏན་ཏིག་ངང་ཡག་པོ་སྒྲུབ་ཐོག་མི་དམངས་མང་ཚོགས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་ཟམ་མི་ཆད་པར་བསྐོང་དགོས་@
གྲོང་ཨུད་རིགས་གཞུང་སློབ་སྦྱོང་ལྟེ་བའི་ཚོ་ཆུང་གིས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་དགོངས་པར་ཆེད་དོན་སློབ་སྦྱོང་བྱས་པ།
| 山南网首页 |
2024年11月29日 星期
3 上一篇  下一篇 4 放大 缩小 默认
ལི་ཧྥུའུ་ཀྲུང་གིས་གྲོང་ཁྱེར་སློབ་གསོ་དང་ཚན་རྩལ། འཕྲོད་བསྟེན་བདེ་ཐང་སོགས་སུ་རྟོག་ཞིབ་གནང་སྐབས།
སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ནས་ལས་དོན་ཁག་ཏན་ཏིག་ངང་ཡག་པོ་སྒྲུབ་ཐོག་མི་དམངས་མང་ཚོགས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་ཟམ་མི་ཆད་པར་བསྐོང་དགོས་པའི་ནན་བཤད་གནང་བ།
 

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ།སྤྱི་ཚེས་27ཉིན། གྲོང་ཨུད་ཀྱི་ཧྲུའུ་ཅི་ལི་ཧྥུའུ་ཀྲུང་གིས་གྲོང་ཁྱེར་ཚན་རྩལ་ཅུད་དང་སློབ་གསོ་ཅུད། འཕྲོད་བསྟེན་བདེ་ཐང་ཨུ་ལྷན་སོགས་ཚན་པར་རྟོག་ཞིབ་གནང་ནས། སློབ་གསོ་དང་ཚན་རྩལ། འཕྲོད་བསྟེན་ཁོངས་གཏོགས་སུ་ལས་དོན་སྤེལ་ཚུལ་ལ་ཤེས་རྟོགས་ཞིབ་ཕྲ་དང་། ལས་བྱེད་ལས་བཟོ་ཚོར་འཚམས་འདྲི་གནང་བ་རེད།

གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཉི་མ་བསྟན་འཛིན་གྱིས་རྟོག་ཞིབ་ནང་ཞུགས།

རྟོག་ཞིབ་ཁྲོད། ལི་ཧྥུའུ་ཀྲུང་གིས་ལས་བྱེད་ལས་བཟོ་དང་སྤེལ་རེས་གནང་བ་དང་། ཁོང་ཚོའི་ལས་དོན་དང་སློབ་སྦྱོང་། འཚོ་བ་སོགས་ཀྱི་གནས་ཚུལ་བཀའ་འདྲི་ཞིབ་ཚགས་གནང་བ་མ་ཟད། གྲོང་ཨུད་ཀྱི་ཚབ་ཞུས་ནས་གྲོང་ཁྱེར་ཡོངས་ཀྱི་སློབ་གསོ་དང་ཚན་རྩལ། འཕྲོད་བསྟེན་ཁོངས་གཏོགས་ཀྱི་རྒྱ་ཆེའི་ལས་བྱེད་ལས་བཟོ་ཚོར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་གནང་བ་དང་སྦྲགས་འཚམས་འདྲི་ཡང་གནང་བ་རེད།

ཤར་འོད་སློབ་འབྲིང་གི་གཞོན་ནུ་ལོ་ཆུང་ཚན་རྩལ་ཁང་དུ། ལི་ཧྥུའུ་ཀྲུང་གིས་VRདང་། མཉམ་འགུལ། ཆ་འཕྲིན་ཀུན་གསལ་སོགས་སྨྱན་སྦྱོར་གྱི་ལག་རྩལ་བྱ་ཐབས་སྤྱད་དེ་ཚན་རྩལ་ཁྱབ་གདལ་བཏང་ཚུལ་ཤེས་རྟོགས་གནང་། ཁོང་གིས། ཚན་རྩལ་ཁང་དེ་ཚན་རིག་གི་རྩ་བའི་རིག་པ་འགྲེམས་སྟོན་དང་། ཚན་རིག་གི་ཤེས་བྱ་སློབ་སྦྱོང་། ཚན་རིག་གི་སྙིང་སྟོབས་དར་སྤེལ་གཏོང་བ་བཅས་ཀྱི་ལག་ལེན་བྱེད་གནས་གལ་ཆེན་ཞིག་ཏུ་འཛུགས་སྐྲུན་བྱེད་དགོས་པ་དང་། གཞོན་ནུ་ལོ་ཆུང་གི་ཚན་རིག་བྱང་ཚད་གསོ་སྐྱོང་བྱ་རྒྱུ་དེ་སློབ་གྲྭའི་རྒྱུན་གཏན་སློབ་གསོ་སློབ་ཁྲིད་དང་མཉམ་འདྲེས་གཏིང་ཟབ་བྱས་ཏེ་སློབ་མའི་ཚན་རིག་སློབ་སྦྱོང་དང་།ཚན་རིག་ལ་དགའ་ཞེན། ཚན་རིག་བེད་སྤྱོད་བཅས་ཀྱི་སྤྲོ་སྣང་རྒྱུན་ཆད་མེད་པར་འཕེལ་བ་བྱེད་དགོས་པའི་ནན་བཤད་གནང་བ་རེད།

གྲོང་ཁྱེར་ཚན་རྩལ་ཅུད་དུ། ལི་ཧྥུའུ་ཀྲུང་གིས་ཉེ་བའི་ལོ་ཤས་རིང་གི་ཚན་རྩལ་རྣམ་གྲངས་ཀྱི་གྲུབ་འབྲས་གཞན་སྒྱུར་དང་། ཚན་རྩལ་ལས་སྟེགས་ འཛུགས་སྐྲུན། (པར་ངོས་གཉིས་པར་གཟིགས) (པར་ངོས་དང་པོར་མཐུད།) ཤེས་ལྡན་མི་སྣ་གསོ་སྐྱོང་སོགས་ཀྱི་གནས་ཚུལ་ལ་རྟོག་ཞིབ་གནང་། ཁོང་གིས། ཚན་རྩལ་གྲུབ་འབྲས་གཞན་སྒྱུར་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་དང་། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་མུ་མཐུད་ཤུགས་སྣོན་རྒྱག་པ། གཞི་ཁྱོན་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་ཚན་རྩལ་གསར་གཏོད་ཀྱི་རྣམ་གྲངས་དེ་བས་མང་བ་ལྷོ་ཁར་དོན་འཁྱོལ་ཐུབ་པའི་བརྩོན་ལེན་བྱེད་དགོས། རང་སྐྱོང་ལྗོངས་རིམ་པའི“གཉིས་གཏོད”ལས་སྟེགས་སྐྲུན་མགྱོགས་སུ་གཏོང་བ་དང་། བྱ་གཞག་གསར་གཏོད་ཀྱི་འགྲན་བསྡུར་ཆེ་མོ་སྒྲིག་འཛུགས་ཡག་པོ་བྱེད་པ། ཁྲོམ་ར་ཡོད་པའི་ཚན་རྩལ་རྣམ་གྲངས་ལ་རྒྱབ་སྐྱོར་ཤུགས་ཆེ་བཅས་བྱས་ནས་ཚན་རྩལ་ལས་དོན་ལ་ཕན་འབྲས་དངོས་ཐོབ་རྒྱུར་སྐུལ་འདེད་གཏོང་དགོས། བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་གྱི་ཚན་རྩལ་གསར་གཏོད་ཐོན་ཁུངས་དགེ་མཚན་འདོན་སྤེལ་བྱས་ནས་ལྷོ་ཁའི་ཚན་རྩལ་ལས་དོན་གྱི་ སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད།

གྲོང་ཁྱེར་སློབ་གསོ་ཅུད་དུ། ལི་ཧྥུའུ་ཀྲུང་གིས་སློབ་གསོའི་ཞིབ་འཇུག་ལས་དོན་སྤེལ་ཚུལ་དང་། རྨང་གཞིའི་སློབ་གསོ། སློབ་བསྡུའི་རྒྱུགས་ལེན།“འགན་ལེན་གསུམ”གྱི་འགྲོ་གྲོན་དོ་དམ་དང་བེད་སྤྱོད་སོགས་ཀྱི་གནས་ཚུལ་ལ་བརྟག་ཞིབ་དང་ཤེས་རྟོགས་གནང་། ཁོང་གིས། ལྗོངས་ཕྱིའི་སློབ་ཁྲིད་ཞིབ་འཇུག་ལས་ཁུངས་དང་འབྲེལ་མཐུད་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་སྔོན་ཐོན་ཉམས་མྱོང་སློབ་སྦྱོང་ཧུར་ཐག་བྱས་ནས་འཐབ་ཕྱོགས་དང་པོའི་རྐང་འཛིན་དགེ་རྒན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་པ་དང་། ཞིབ་འཇུག་བྱ་གཞིར་ཤུགས་སྣོན་བརྒྱབ་ནས་གྲུབ་འབྲས་བེད་སྤྱོད་ཤུགས་ཆེ་བཅས་བྱས་ནས་རྒྱ་ཆེའི་དགེ་རྒན་རྣམས“དཔེ་ཁྲིད་པ”ནས་ཞིབ་འཇུག་ཅན་དང་། མཁས་དབང་ཅན། རྩོམ་པ་པོ་བཅས་ཀྱི་དགེ་རྒན་དུ་འགྱུར་བ་བྱེད་དགོས། སློབ་གསོའི་གྲོན་དངུལ་གྱི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་། “འགན་ལེན་གསུམ”གྱི་གྲོན་དངུལ་བེད་སྤྱོད་ཚད་ལྡན་དམ་ནན་བྱེད་པ། ས་ཆ་གཞན་དུ“ཚབ་སྦྱོང་”བྱེད་པའི་ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་སློབ་མ་དེ་བས་མང་བ“ཕྱིར་སྐྱོད”ཐུབ་པ་བྱེད་དགོས། སློབ་བསྡུའི་རྒྱུགས་ལེན་ལྟེ་གནས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་རྒྱུགས་ལེན་སློབ་བསྡུའི་ལས་དོན་ཚད་ལྡན་ཅན་གྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད།

གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དུ། ལི་ཧྥུའུ་ཀྲུང་གིས་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་སྨན་བཅོས་ཏང་འཛུགས་སྐྱོང་དང་རྒྱལ་ཁབ་ཀྱི་འཕྲོད་བསྟེན་གྲོང་ཁྱེར་འཛུགས་གཏོད་སོགས་ཀྱི་ལས་དོན་སྤེལ་ཚུལ་ལ་རྟོག་ཞིབ་དང་ཤེས་རྟོགས་ཞིབ་ཕྲ་གནང་། ཁོང་གིས། སྤྱི་དབང་མིན་པའི་སྨན་བཅོས་ཀྱི་ཏང་འཛུགས་སྐྱོང་ལས་ཀར་དོ་དམ་དང་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་ཏང་རྩ་འཛུགས་ཀྱི་འཐབ་འཛིང་བཙན་རྫོང་གི་ནུས་པ་དང་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། རྒྱལ་ཁབ་ཀྱི་འཕྲོད་བསྟེན་གྲོང་ཁྱེར་འཛུགས་གཏོད་ལ་ཚད་མཐོའི་མཐོང་ཆེན་དང་རང་འགུལ་ངང་བྱ་སྤྱོད་སྤེལ་ནས་ཚན་པའི་དབར་མཉམ་འགུལ་ཤུགས་ཆེ་བྱེད་དགོས་པ་དང་། འཕྲོད་བསྟེན་གྲོང་ཁྱེར་གཏོད་པའི་ཚད་གཞིར་ཞིབ་བསྡུར་བྱེད་པ། གནད་དོན་གྱི་གསལ་ཐོ་བཟོ་བ་བཅས་བྱས་ཏེ་འཕྲོད་བསྟེན་གྲོང་ཁྱེར་གཏོད་པའི་ལས་དོན་ལ་དམ་འཛིན་ཞིབ་ཚགས་བྱས་ནས་ཕན་འབྲས་དངོས་ཐོན་པ་བྱེད་དགོས་པའི་ནན་བཤད་གནང་བ་རེད།

དེ་རྗེས་སྐོང་འཚོགས་བྱས་པའི་བཞུགས་མོལ་ཚོགས་འདུའི་ཐོག ལི་ཧྥུའུ་ཀྲུང་གིས་གྲོང་ཁྱེར་སློབ་གསོ་ཅུད་དང་ཚན་རྩལ་ཅུད། འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་ལས་དོན་སྤེལ་ཚུལ་གྱི་སྙན་ཞུ་གསན་པ་དང་། ཁོང་གིས། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་སློབ་སྦྱོང་ལག་བསྟར་བྱས་ཏེ་བསམ་བློ་དང་བྱ་སྤྱོད་དེ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ལྗོངས་ཏང་ཨུད་དང་གྲོང་ཨུད་ཀྱི་ལས་ཀའི་བླང་བྱའི་ཐོག་གཅིག་གྱུར་ཡོང་བ་བྱས་ཐོག་ “ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག་”གི་བླང་བྱ་དོན་འཁྱོལ། སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་དམ་འཛིན། གྲོང་ཁྱེར་ཡོངས་ཀྱི་སློབ་གསོ་དང་།ཚན་རྩལ། འཕྲོད་བསྟེན་སོགས་ཁྱབ་ཁོངས་ཀྱི་བྱ་བ་ལེགས་པར་བསྒྲུབ་པ། མི་དམངས་མང་ཚོགས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་དགོས་མཁོ་སྐོང་ཐུབ་པ་བཅས་བྱས་ཐོག བྱ་སྤྱོད་དངོས་དང་གྲུབ་འབྲས་དངོས་ཀྱི་ཐོག་ནས་ཏང་ལ་ལྷག་བསམ་རྣམ་དག་མཐའ་གཅིག་ཏུ་མཚོན་པ་བྱེད་དགོས་པའི་ནན་བཤད་གནང་བ་རེད།

ལི་ཧྥུའུ་ཀྲུང་གིས། ལས་ཀ་དོན་འཁྱོལ་དམ་འཛིན་དང་། སློབ་གསོ་སྔོན་ལ་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས། མི་དམངས་ཀྱི་བདེ་ཐང་འགན་སྲུང་བྱ་རྒྱུ་དེ་སྔོན་ལ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ཀྱི་གནས་བབ་ཐོག་འཇོག་པ། ཚན་རྩལ་གསར་གཏོད་ཀྱི་གྲུབ་འབྲས་བཀོལ་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་བ། བརྩེ་སེམས་བཅངས་ནས་རང་འགུལ་ངང་མི་འབོར་དང་། མི་སེམས། ཤེས་ལྡན་མི་སྣ་བཅས་ཀྱི་གནད་དོན་ཐག་གཅོད་ཡག་པོ་བྱེད་པ། གྲོང་ཁྱེར་ཡོངས་ཀྱི་སློབ་གསོ་དང་། ཚན་རྩལ། འཕྲོད་བསྟེན་བཅས་ཀྱི་བྱ་གཞག་ལ་རྣམ་པ་གསར་པ་གཏོད་པར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས། མི་དམངས་བློ་ཡིད་ཚིམ་པའི་སློབ་གསོ་ཡག་པོ་གཉེར་བ་དང་། ཀུན་སྤྱོད་ལ་བརྟེན་ནས་མི་སྣ་གསོ་སྐྱོང་བྱེད་པའི་རྩ་བའི་ལས་འགན་དོན་འཁྱོལ། རྨང་གཞིའི་སློབ་གསོ་དམ་འཛིན་། གཅིག་སྡུད་ཐོག་ཆེད་དོན་བཅོས་སྒྲིག། སློབ་མའི་སེམས་ཁམས་བདེ་ཐང་གི་སློབ་གསོར་ཤུགས་སྣོན། དུས་དང་རྣམ་པ་ཀུན་ཏུ་སློབ་གྲྭའི་བཟའ་བཅའི་བདེ་འཇགས་དང་སྤྱི་པའི་བདེ་འཇགས་སོགས་ཀྱི་ལས་དོན་ཁག་དམ་འཛིན་ཡག་པོ་བཅས་བྱས་ཏེ་སློབ་གྲྭའི་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས། ཚན་རྩལ་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ཚན་རྩལ་འགག་སྒྲོལ་བྱེད་ཤུགས་དང་གྲུབ་འབྲས་བཀོལ་སྤྱོད་དང་ཁྱབ་གདལ་གཏོང་ཤུགས་ཆེ་རུ་གཏོང་བ། ཚན་རིག་ཁྱབ་གདལ་གྱི་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་ཡུན་རིང་བདེ་འཁོད་དང་སྤུས་མཐོའི་གོང་འཕེལ་ཡོང་བ་བྱེད་དགོས། བདེ་ཐང་ལྷོ་ཁ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས་རྒྱལ་ཁབ་ཀྱི་འཕྲོད་བསྟེན་གྲོང་ཁྱེར་ནུས་ཤུགས་ཡོད་རྒུས་བསྐྲུན་དགོས་པ་དང་། སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་སྒྱུར་བཅོས་ལ་སྐུལ་འདེད་གཏོང་དགོས་པ། སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་དགོས་པ། སྨན་བཅོས་འགན་ལེན་གྱི་མཐའ་སྐྱོང་ནུས་པ་འདོན་སྤེལ་ཡག་པོ་བྱེད་དགོས་པ་བཅས་ཀྱི་བླང་བྱ་བཏོན་གནང་བ་རེད།

ལི་ཧྥུའུ་ཀྲུང་གིས། ཏང་གི་ཁྱོན་ཡོངས་ཀྱི་འགོ་ཁྲིད་མཐའ་འཁྱོངས་དང་དེར་ཤུགས་སྣོན་རྒྱག་པ་དང་། ཏང་ཙུའུ་(ཏང་ཨུད)ཡི་ཁ་ཕྱོགས་སྟངས་འཛིན་དང་། ཕྱོགས་ཡོངས་ལ་དོ་དམ། དོན་འཁྱོལ་འགན་ལེན་བཅས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་པ། “གཙོ་གསུམ་ཆེ་གཅིག”དོན་དག་ཆེ་གྲས་ཀྱི་ཇུས་འགོད་ལམ་ལུགས་དོན་འཁྱོལ་ནན་པོ་བྱེད་པ། གཙོ་འགན་འཁུར་མཁན་གྱི་འགན་འཁྲི་ལག་བསྟར་ནན་ཏན་བྱེད་པ། ཚན་ཁག་དམ་འཛིན་དང་དཔུང་ཁག་སྣེ་ཁྲིད་ཡག་པོ་བཅས་བྱས་ཏེ་ལས་དོན་ཁག་ལ་ཕན་འབྲས་དངོས་ཐོན་རྒྱུར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། ལས་བྱེད་ལས་བཟོའི་སྲིད་གཙང་སློབ་གསོ་དང་ལས་རིགས་ཀུན་སྤྱོད་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ། གནས་གཅེས་ལས་བརྩོན་དང་འཇུངས་མེད་ལེགས་འབུལ་གྱི་ལས་ཀའི་རྣམ་པ་བཟང་པོ་ཞིག་གཏོད་དགོས། ལས་བྱེད་པར་སེམས་ཁུར་དང་གཅེས་སྐྱོང་བྱེད་པ་དང“གསོ་སྐྱོང་དང་། ནང་འདྲེན། བཀོལ་སྤྱོད། གནས་ཐུབ་པ”བཅས་གལ་ཆེ་མཉམ་འཛིན་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ལས་ཀའི་ཐད་རྒྱབ་སྐྱོར་དང་། ཐོབ་ཐང་ཐད་འགན་ལེན། འཚོ་བའི་ཐད་སེམས་ཁུར། སེམས་ཁམས་ཐད་མཛུབ་ཁྲིད་བཅས་ཧུར་ཐག་བྱས་ཏེ་ལས་བྱེད་ལས་བཟོའི་ལས་སྒྲུབ་ལས་གཏོད་དང་འགན་འཁྲི་འཁུར་སེམས་ལ་རྒྱུན་ཆད་མེད་པར་སྐུལ་མ་གཏོང་དགོས་པའི་ནན་བཤད་གནང་བ་རེད།།

ཡེ་ཤེས་བཟང་མོས་བསྒྱུར། བསོད་བསྟན་དང་བདེ་དཔལ་གྱིས་ཞུས།

3 上一篇  下一篇 4 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:综合新闻
   第03版:综合新闻
   第04版:专版
བོད་རང་སྐྱོང་ལྗོངས་ཀྱིས་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་བཙུགས་ནས་ལོ་70འཁོར་བ་དང་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱིས་རྒྱུན་ལས་ཨུ་ལྷན་བཙུགས་ནས་ལོ་45འཁོར་བར་རྟེན་འབྲེ@
རྒྱལ་ཁབ་ཀྱིས་མ་དངུལ་སྒོར་ཁྲི་1500བཏང་བའི་བསམ་ཡས་དགོན་པའི་དབུ་རྩེ་ལྷ་ཁང་གི་ལྡེབས་རིས་སྲུང་སྐྱོབ་ལས་གྲྭའི་འཕེལ་རིམ་བདེ་བླག་བྱུང་བ།
སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ནས་ལས་དོན་ཁག་ཏན་ཏིག་ངང་ཡག་པོ་སྒྲུབ་ཐོག་མི་དམངས་མང་ཚོགས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་ཟམ་མི་ཆད་པར་བསྐོང་དགོས་@
གྲོང་ཨུད་རིགས་གཞུང་སློབ་སྦྱོང་ལྟེ་བའི་ཚོ་ཆུང་གིས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་དགོངས་པར་ཆེད་དོན་སློབ་སྦྱོང་བྱས་པ།