第01版:头版 4下一版
 
版面导航

第01版
头版

第02版
综合新闻

第03版
综合新闻
 
标题导航
བོད་རང་སྐྱོང་ལྗོངས་ཀྱིས་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་བཙུགས་ནས་ལོ་70འཁོར་བ་དང་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱིས་རྒྱུན་ལས་ཨུ་ལྷན་བཙུགས་ནས་ལོ་45འཁོར་བར་རྟེན་འབྲེ@
རྒྱལ་ཁབ་ཀྱིས་མ་དངུལ་སྒོར་ཁྲི་1500བཏང་བའི་བསམ་ཡས་དགོན་པའི་དབུ་རྩེ་ལྷ་ཁང་གི་ལྡེབས་རིས་སྲུང་སྐྱོབ་ལས་གྲྭའི་འཕེལ་རིམ་བདེ་བླག་བྱུང་བ།
སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ནས་ལས་དོན་ཁག་ཏན་ཏིག་ངང་ཡག་པོ་སྒྲུབ་ཐོག་མི་དམངས་མང་ཚོགས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་ཟམ་མི་ཆད་པར་བསྐོང་དགོས་@
གྲོང་ཨུད་རིགས་གཞུང་སློབ་སྦྱོང་ལྟེ་བའི་ཚོ་ཆུང་གིས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་དགོངས་པར་ཆེད་དོན་སློབ་སྦྱོང་བྱས་པ།
| 山南网首页 |
2024年11月29日 星期
3 上一篇 放大 缩小 默认
གྲོང་ཨུད་རིགས་གཞུང་སློབ་སྦྱོང་ལྟེ་བའི་ཚོ་ཆུང་གིས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་དགོངས་པར་ཆེད་དོན་སློབ་སྦྱོང་བྱས་པ།
 

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་དུས། གྲོང་ཨུད་ཀྱི་ཧྲུའུ་ཅི་ལི་ཧྥུའུ་ཀྲུང་གིས་གྲོང་ཨུད་རིགས་གཞུང་སློབ་སྦྱོང་ལྟེ་བའི་ཚོ་ཆུང་གི་སློབ་སྦྱོང་ཚོགས་འདུ་གཙོ་སྐྱོང་སྐོང་འཚོགས་གནང་ནས། ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་དགོངས་པ་སློབ་སྦྱོང་གཏིང་ཟབ་དང་། གྲོང་ཁྱེར་ཡོངས་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དང་ལྷོ་བྱང་རི་བོ་སྔོ་འགྱུར་ལས་ཀའི་སྐུལ་འདེད་གནས་ཚུལ་གསན་པ་དང་། ཆེད་དོན་སྤེལ་རེས་ཞིབ་བསྡུར་གནང་བ་རེད།

ཚོགས་འདུའི་ཐོག《ཞི་ཅིན་ཕིང་གི་སྤྱི་ཚོགས་རིང་ལུགས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་སྐོར་གླེང་བ(2024ལོ)》དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྨ་ཆུ་རྒྱུག་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་། ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཀྱིས“ཁུལ་གསུམ་དང་མཐོ་ས་གཅིག”ནུས་ཤུགས་ཡོད་རྒུས་གཏོད་པའི་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་ཀྱི་དགོངས་དོན། རང་སྐྱོང་ལྗོངས་ཀྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་མཐོ་ས་འཛུགས་གཏོད་དང་ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་བཅོས་སྒྲིག་ལས་དོན་སྐུལ་འདེད་ཚོགས་འདུའི་དགོངས་དོན་བཅས་སློབ་སྦྱོང་བྱས་པ་རེད། (པར་ངོས་གསུམ་པར་གཟིགས) (པར་ངོས་དང་པོར་མཐུད། ) གྲོང་ཁྱེར་འགོ་ཁྲིད་ཝང་ཡུན་ཆིང་དང་། ལི་ཡཱ་ཞང་། ལེའུ་ཧྲེང་གཡུས། ཕུན་ཚོགས་བཅས་ཀྱིས་སློབ་སྦྱོང་གི་བརྗོད་དོན་ལ་དམིགས་ནས་གཏམ་བཤད་སྤེལ་བ་རེད།

ཚོགས་འདུས་ནན་བཤད་བྱས་དོན། གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་དགོངས་པ་སློབ་སྦྱོང་གཏིང་ཟབ་དང་། ཕུན་སུམ་ཚོགས་པའི་ནང་དོན། དགོངས་དོན་གྱི་ངོ་བོ། ལག་ལེན་གྱི་བླང་བྱ་བཅས་ཁོང་དུ་ཡང་དག་ཆུད་པ། མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་དང་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་པའི་རང་སྐྱོང་ལྗོངས་ཀྱི་གཙོ་གནད་ལས་འགན་ཁོང་དུ་ཆུད་པ་བཅས་བྱེད་དགོས་པ་དང་། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་དམ་འཛིན་ཡག་པོ་བྱ་རྒྱུ་དེ“གཏན་འཁེལ་གཉིས”ལ་སྲུང་སྐྱོང་བྱེད་པའི་ཞིབ་ཕྲའི་བྱ་སྤྱོད་དང“སྲུང་སྐྱོང་གཉིས”ཐུབ་པའི་ཞིབ་བཤེར་གལ་ཆེན་ཞིག་ཏུ་བརྩིས་ནས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པར་བརྟེན་ནས་ཏང་ཡོན་ལས་བྱེད་པའི་བསམ་བློར་དྲག་ཆས་སྤྲོས་པ་དང་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་ལག་ལེན་ལ་མཛུབ་ཁྲིད་བྱས་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ལྷོ་ཁར་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་དགོས།

ཚོགས་འདུས་བླང་བྱ་བཏོན་དོན། རྫོང(ཆུས་དང་གྲོང་ཁྱེར)ཁག་དང་ཚན་པ་ཁག་གིས་སྐྱེ་ཁམས་སྲུང་སྐྱོང་བྱ་རྒྱུ་དེ་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གཏིང་ཟབ་བྱེད་པའི་དུས་མཚམས་སུ་སླེབས་པའི་དུས་བབ་གསར་པ་ཁོང་དུ་ཆུད་པ་བྱས་ཏེ་རང་སྐྱོང་ལྗོངས་ཀྱི“རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་མཐོ་ས་འཛུགས་གཏོད”འཐབ་ཇུས་བཀོད་སྒྲིག་ལག་བསྟར་མཐའ་གཅིག་ཏུ་བྱས་ནས་ལས་འགན་སྒྲུབ་སེམས་དང་འགན་འཁྲི་འཁུར་སེམས་ཆེ་རུ་ཏན་ཏིག་བཏང་སྟེ་གནས་བབ་དེ་བས་མཐོ་བ་དང་། མཐོང་རྒྱ་དེ་བས་ཆེ་བ། ལས་དོན་སྤེལ་ཤུགས་དེ་བས་ཆེ་བ་བཅས་ཀྱི་ཐོག་ནས་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་དོན་ལ་ཇུས་འགོད་དང་སྐུལ་འདེད་གཏོང་དགོས། སྐྱེ་ཁམས་སྲུང་སྐྱོང་ལ་ཁྱོན་ཡོངས་ནས་ཤུགས་སྣོན་རྒྱག་པ་དང་། སྐྱེ་ཁམས་སླར་གསོའི་ལས་གྲྭ་གལ་ཆེན་ལག་བསྟར། རྒྱལ་ཁབ་ཀྱི་ས་ཆ་སྔོ་སྒྱུར་བྱ་སྤྱོད་ཚན་རིག་དང་མཐུན་པར་སྤེལ་བ། ཆུ་བོ་དང་མཚེའུ། འཁྱགས་རོམ་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། རྒྱལ་ཁབ་ཀྱི་མངའ་ཁོངས་ཡུལ་ཁམས་བཀོད་པ་རྒྱུན་མ་ཆད་པར་ལེགས་སུ་གཏོང་དགོས། ལྗང་མདོག་ཕྱོགས་སྒྱུར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ནུས་རྒྱུ་གཙང་མའི་རྟེན་གཞི་བསྐྲུན་པ། ལྗང་མདོག་བཟོ་ལས་འཕེལ་རྒྱས་མགྱོགས་སུ་གཏོང་བ། ནུས་སྤྱོད་གོམས་སྲོལ་རིམ་བཞིན་བསྒྱུར་བ། ལྗང་མདོག་འཚོ་བ་སྐྱེལ་སྟངས་དར་སྤེལ་གཏོང་བ་བཅས་བྱེད་དགོས། མངོན་གསལ་དོད་པའི་ཁོར་ཡུག་གི་གནད་དོན་ཐག་གཅོད་བྱས་ཏེ་སྦགས་བཙོག་འགོག་བཅོས་བྱེད་རྒྱུར་ཤུགས་སྣོན་རྒྱག་པ་དང་སྡོད་མལ་ཁོར་ཡུག་བཅོས་སྒྲིག་བྱས་ནས་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཀྱི་ལན་ཆགནད་དོན་བཅོས་སྒྲིག་བྱེད་རྒྱུ་དམ་འཛིན་བྱེད་དགོས།

ཚོགས་འདུས་ནན་བཤད་བྱས་དོན། ཏང་གིས་ཁྱོན་ཡོངས་ལ་འགོ་ཁྲིད་མཐའ་འཁྱོངས་དང་དེར་ཤུགས་སྣོན་རྒྱག་པ་དང་། “ཏང་སྲིད་འགན་འཁྲི་གཅིག་མཚུངས་དང་ལས་གནས་གཅིག་ལ་འགན་འཁྲི་གཉིས”དང་“ཚེ་གང་འགན་འཁྲིའི་ལམ་ལུགས”དོན་འཁྱོལ་ནན་པོ་བྱེད་པ། འགོ་ཁྲིད་ལས་བྱེད་པའི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་འགན་འཁྲིའི་ལམ་ལུགས་དང་འགན་འཁྲི་བདའ་འདེད་སོགས་ཀྱི་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ། ཁྱབ་ཁོངས་ཡོངས་དང་། དབང་ཆ་དང་འགན་འཁྲི་གཅིག་མཐུན། བྱ་དགའ་ཆད་གཅོད་གསལ་འབྱེད། གཅིག་ལ་གཅིག་འབྲེལ་བཅས་ཀྱི་འགན་འཁྲིའི་མ་ལག་འཛུགས་པ་བཅས་བྱས་ནས་འགོ་ཁྲིད་ཚན་ཁག་གིས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་ཐུན་མོང་ཐོག་དམ་འཛིན་བྱེད་པའི་སྤྱི་ཡོངས་ཀྱི་ཕན་ནུས་ཆེ་རུ་ཏན་ཏིག་གཏོང་དགོས། ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་དཔྱད་ཞིབ་གདེང་འཇོག་མ་ལག་འཐུས་ཚང་དུ་གཏོང་བ། སྤྱི་དམངས་ཀྱི་ལྟ་སྐུལ་དང་ཐེར་འདོན་ལན་ཆའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ། ཁོར་ཡུག་སྲུང་སྐྱོང་གི་ལྟ་སྐུལ་ཐབས་ལམ་ཤར་བགྲོད་བཅས་བྱས་ནས་སྤྱི་ཚོགས་ཡོངས་ཀྱིས་ཐུན་མོང་ཐོག་ཁོར་ཡུག་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བའི་རྣམ་པ་བཟང་པོ་ཞིག་ཆགས་པ་བྱེད་དགོས། སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་དམ་འཛིན་ནན་པོ་བྱས་ཏེ་དོན་དངོས་ལ་གཞི་ཚུགས་པ་དང་། གཞི་རིམ་དང་འཐབ་ས་དང་པོར་ཟབ་འཇུག་བཅས་བྱས་ནས་མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་མངོན་གསལ་དོད་པའི་སྐྱེ་ཁམས་ཁོར་ཡུག་གི་གནད་དོན་དུས་ཐོག་ཏུ་ཤེས་རྟོགས་དང་ཐག་གཅོད་ནན་ཏན་བྱེད་དགོས། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་དང་ལྗོངས་ཏང་ཨུད་ཀྱི་ལག་བསྟར་བྱ་ཐབས་དོན་འཁྱོལ་ནན་པོ་བྱས་ནས་ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁུར་ཕོད་པ་བཅས་ཀྱི་བྱང་ཚད་མཐོ་བའི་ལས་བྱེད་པའི་དཔུང་ཁག་ཅིག་གཏོད་དགོས།

ཚོགས་འདུའི་གོང་དུ། ཚོགས་ཞུགས་བློ་མཐུན་ཚོས《ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་དགོངས་པ་སློབ་སྦྱོང་བྱེད་པའི་རྩ་གནད》དང་དེ་བཞིན《ཞི་ཅིན་ཕིང་གི་གསུང་རྩོམ་གཅེས་འདེམས》བམ་པོ་དང་པོ་དང་གཉིས་པ་སོགས་ཀྱི་ནང་དོན་སློབ་སྦྱོང་བྱས་པ་རེད།

ཡེ་ཤེས་བཟང་མོས་བསྒྱུར། བདེ་དཔལ་དང་མཚམས་གཅོད་ཀྱིས་ཞུས།

3 上一篇 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:综合新闻
   第03版:综合新闻
   第04版:专版
བོད་རང་སྐྱོང་ལྗོངས་ཀྱིས་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་བཙུགས་ནས་ལོ་70འཁོར་བ་དང་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱིས་རྒྱུན་ལས་ཨུ་ལྷན་བཙུགས་ནས་ལོ་45འཁོར་བར་རྟེན་འབྲེ@
རྒྱལ་ཁབ་ཀྱིས་མ་དངུལ་སྒོར་ཁྲི་1500བཏང་བའི་བསམ་ཡས་དགོན་པའི་དབུ་རྩེ་ལྷ་ཁང་གི་ལྡེབས་རིས་སྲུང་སྐྱོབ་ལས་གྲྭའི་འཕེལ་རིམ་བདེ་བླག་བྱུང་བ།
སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ནས་ལས་དོན་ཁག་ཏན་ཏིག་ངང་ཡག་པོ་སྒྲུབ་ཐོག་མི་དམངས་མང་ཚོགས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་ཟམ་མི་ཆད་པར་བསྐོང་དགོས་@
གྲོང་ཨུད་རིགས་གཞུང་སློབ་སྦྱོང་ལྟེ་བའི་ཚོ་ཆུང་གིས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་དགོངས་པར་ཆེད་དོན་སློབ་སྦྱོང་བྱས་པ།