གཅིག ཚྭ་མང་བའི་ཟས་རིགས།
ཚྭ་མང་བའི་བཟའ་བཏུང་གིས་སྙིང་ཁམས་ཁྲག་རྩའི་བདེ་ཐང་ལ་གནོད་པ་མ་ཟད། ཕོ་བའི་བདེ་ཐང་ལའང་གནོད་ཀྱི་ཡོད། ཚྭ་མང་བའི་ཟས་རིགས་བཟས་དྲགས་ན་ཕོ་བའི་འབྱར་སྐྱིར་གནོད་དེ་ཕོ་བའི་གཉན་ཚད་འབྱུང་བའི་ཉེན་ཁ་ཇེ་ཆེར་འགྲོ་བ་དང་ཚབས་ཆེ་ན་ཕོ་བའི་འབྲས་སྐྲན་འབྱུང་སྲིད།
གཉིས། མངར་ཆ་མང་བའི་ཟས་རིགས།
ད་ལྟའི་ན་གཞོན་ཚོའི་ལས་ཀ་དང་འཚོ་བའི་གནོན་ཤུགས་ཚང་མ་ཆེ་བ་དང་། མི་མང་པོ་ཞིག་གིས་གནོན་ཤུགས་ཆེ་བའི་སྐབས་སུ་མངར་ཆ་ཟ་རྒྱུར་དགའ་པོ་བྱེད་ཀྱི་ཡོད། ཞིབ་འཇུག་ལས་མངོན་པར་གཞིགས་ན། རྒྱུན་དུ་མངར་ཆ་མང་བའི་ཟས་རིགས་བཟས་ན་སོ་སྲིན་སློང་སླ་བ་མ་ཟད། ད་དུང་ཕོ་ནད་འབྱུང་བའི་ཉེན་ཁ་ཡང་ཇེ་ཆེར་འགྲོ་སྲིད།
གསུམ། ཐ་མག་འཐེན་པ་དང་ཆང་རག་འཐུང་བ།
ཐ་མག་འཐེན་པ་དང་ཆང་རག་བཏུང་ཚེ་བདེ་ཐང་ལ་གནོད་འཚེ་ཧ་ཅང་ཆེ་བ་དང་། དེ་གཉིས་ཀས་མཁྲིས་པ་ཕོ་ལྷུང་གི་ནད་སློང་གི་ཡོད།
བཞི། བཟའ་བཏུང་གཙང་མ་མེད་པ། བཟའ་བཏུང་གི་གཙང་སྦྲ་ལ་དོ་སྣང་མ་བྱས་ན་ཕོ་བར་幽门螺旋杆菌ཟེར་བའི་ནད་སྲིན་འགོས་སྲིད། དེ་ནི་འཇུ་བྱེད་རང་བཞིན་གྱི་སྨུག་རུལ་ནད་དང་གཅོང་ནད་རང་བཞིན་གྱི་ཕོ་བའི་གཉན་ཚད། ཕོ་བའི་འབྲས་སྐྲན་སོགས་ཀྱི་ནད་གཞི་སློང་བའི་རྒྱུ་རྐྱེན་གཙོ་བོ་ཞིག་ཡིན།
ལྔ། སྨན་གང་བྱུང་བཟའ་བ།
དུས་ཡུན་རིང་བོར་སྨན་ཟས་ན་ཕོ་བའི་འབྱར་སྐྱི་ལ་གནོད་པ་སྟེ། དཔེར་ན་སྨན་ཨ་སི་ཕི་ལིན་དང་པུ་ལོ་ཧྥན་སོགས་ལྟ་བུ།
བདེ་ཐང་གི་ཕོ་བ་དགོས་ན་འདི་ལྟར་གནང་དང་།
★ ཤིང་ཏོག་དང་སྔོ་ཚལ་གསོས་པ་མང་ཙམ་བཟའ་བ།
★ རྒྱུན་དུ་སྲན་མ་ལས་བཟོས་པའི་བཟའ་བཅའ་མང་ཙམ་བཟའ་དགོས།
★ ཁ་ལག་རྒྱགས་ཚད་མི་ཟ་བ་དང་དལ་མོར་ལྡད་ནས་མིད་དགོས།
★ བདེ་ཐང་གི་གཟུགས་པོའི་ལྗིད་ཚད་རྒྱུན་འཁྱོངས་བྱེད་དགོས།