འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ།ཉེ་ཆར། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། གྲོང་སྤྱི་བསམ་གྲུབ་ཚེ་རིང་གིས་མཚོ་སྨད་རྫོང་དང་མཚོ་སྣ་གྲོང་ཁྱེར་རུ་ཟབ་འཇུག་གནང་སྟེ། ས་གནས་ས་ཐོག་ནས་བརྟན་ལྷིང་སྲུང་སྐྱོང་དང་། སྡོད་མལ་ཁོར་ཡུག་བཅོས་སྒྲིག ཐོན་ལས་འཕེལ་རྒྱས། མང་ཚོགས་ཀྱི་འབབ་འཕར་སོགས་ཀྱི་ལས་དོན་ལ་རྟོག་ཞིབ་གནང་བ་དང་འབྲེལ། ཏང་གི་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་གྲོས་ཐེངས་དྲུག་པ། དེ་བཞིན་གྲོང་ཨུད་སྐབས་གཉིས་པའི་ཚང་གྲོས་ཐེངས་བརྒྱད་པ་བཅས་ཀྱི་དགོངས་དོན་སྒྲོག་འགྲེལ་གནང་བ་རེད།
མཚོ་སྨད་རྫོང་གྲི་གུ་གྲོང་རྡལ་གྲི་གུ་སྡེ་ཁུལ་དུ། བསམ་གྲུབ་ཚེ་རིང་གིས་ཆ་སྒྲིག་རོགས་སྐྱོར་བྱ་ཡུལ་ཁྱིམ་དུད་འཆི་མེད་རྡོ་རྗེའི་ཁྱིམ་དུ་ཕེབས་ཏེ། འཐུང་ཆུ་དང་། བཟའ་འབྲུ། སྡོད་ཁང་། དྲོད་ལེན་སོགས་ཀྱི་གནས་ཚུལ་ལ་བརྟག་ཞིབ་ནན་ཏན་གནང་བ་མ་ཟད། ནང་མི་ཚོ་དང་ཅི་གྲོས་མོལ་གྲོས་ཞོར་བདེ་ཐང་དང་འཕེལ་རྒྱས་སྐོར་གླེང་གནང་བ་རེད།
(པར་ངོས་གསུམ་པར་གཟིགས) (པར་ངོས་དང་པོར་མཐུད) འཚོ་བའི་འཐུང་ཆུ་ནས་སྨན་བཅོས་སློབ་གསོ་དང་། འབྲོག་ལས་འཕེལ་རྒྱས་ནས་བདེ་སྡོད་ལས་གཞིའི་བར། དེ་བཞིན་འཚོ་བའི་འགྱུར་ལྡོག་ནས་ཏང་གི་དམངས་ཕན་སྲིད་ཇུས་ཀྱི་བར་གླེང་བ་དང་འབྲེལ། མང་ཚོགས་ཚོར་ཕན་ཁེ་གང་ནས་བྱུང་བ་དང་དྲིན་ལན་སུ་ལ་འཇལ་དགོས་མིན་གསལ་པོ་ཤེས་པ་བྱ་རྒྱུར་སློབ་གསོ་ཁྲིད་སྟོན་གནང་ནས་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲངས་པ་བཅས་བྱེད་པའི་ཡིད་ཆེས་དང་ཆོད་སེམས་བརྟན་འཁྱོངས་བྱེད་དགོས་ཞེས་གསུངས།
གྲི་གུ་སྡེ་ཁུལ་དུ། ཤང་གྲོང་རྡལ་དང་གྲོང་སྡོད་ལས་བྱེད་པ་ཚོ་དང་བསམ་གྲོས་གཏིང་ཟབ་སྤེལ་རེས་གནང་བ་དང་འབྲེལ། སྡོད་མལ་ཁོར་ཡུག་ཅུང་ཞན་པའི་ཏང་ཀྲེ་པུའུ་ཡི་བཅོས་སྒྲིག་དང་། ཐོན་ལས་འཕེལ་རྒྱས། མང་ཚོགས་ཀྱི་འབབ་འཕར་སོགས་ཀྱི་གནས་ཚུལ་ནན་ཏན་ངང་གསན་རྗེས། བསམ་གྲུབ་ཚེ་རིང་གིས། ཏང་གི་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དང་། ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་གྲོས་ཐེངས་དྲུག་པའི་དགོངས་དོན། དེ་བཞིན་གྲོང་ཨུད་སྐབས་གཉིས་པའི་ཚང་གྲོས་ཐེངས་བརྒྱད་པའི་དགོངས་དོན་བཅས་སློབ་སྦྱོང་ནན་ཏན་བྱས་ཏེ། དོན་དངོས་དང་ཟུང་འབྲེལ་སྒོས། རང་འགུལ་ངང་གོང་རིམ་གྱི་བསྒྱུར་བཅོས་དོན་དག་ལ་འབྲེལ་མཐུད་ཡག་པོ་བྱེད་དགོས་པ་དང་། རྩེ་རིམ་འཆར་འགོད་དང་གཞི་རིམ་གྱི་གསར་གཏོད་ཀྱི་འབྲེལ་བ་ཐག་གཅོད་ཡང་དག་བྱས་ཏེ་དམངས་ཆེད་ཞབས་ཞུ་བསྒྲུབ་པའི་བྱ་བ་མཐའ་དག་ཏན་ཏིག་ལེགས་གྲུབ་བྱེད་དགོས། གཞི་རིམ་མང་ཚོགས་དང་འབྲེལ་འདྲིས་ཟབ་ཏུ་བཏང་སྟེ། མང་ཚོགས་ཚོས་སྡོད་མལ་ཁོར་ཡུག་བཅོས་སྒྲིག་བྱེད་སྒོ་ཁག་དང་། གྲོང་ཚོ་བཀོད་གཙང་བྱ་སྤྱོད། ཉམས་ཞན་ཏང་ཀྲེ་པུའུ་ཡིས་ལོ་མཇུག་ཏུ་རྗེས་ལུས་ཞྭ་མོ་འབུད་ཐུབ་རྒྱུར་སྐུལ་འདེད་བཅས་ཀྱི་ནང་ཧུར་ཐག་ཞུགས་རྒྱུར་ཁྲིད་སྟོན་ཡག་པོ་བྱེད་དགོས། རྣམ་གྲངས་ལས་ཡུལ་དུ་མང་ཙམ་བསྐྱོད་དེ་བདེ་འཇགས་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་རྣམ་གྲངས་འཛུགས་སྐྲུན་ཁག་གི་བདེ་འཇགས་ལ་གནོད་པའི་ཉེན་ཁ་མེད་པའི་འགན་ལེན་བྱེད་དགོས། འབྲོག་ལས་འཕེལ་རྒྱས་ལ་དམིགས་ཏེ་ཁྱིམ་དུད་སྔར་བས་མང་བ་འདེབས་གསོ་ར་བ་དང་གྲོང་ཚོའི་མཉམ་སྡེབ་གསོ་ཚགས་མཉམ་ལས་ཁང་ནང་ཞུགས་རྒྱུར་ཁྲིད་སྟོན་བྱེད་དགོས་པ་དང་། ལག་རྩལ་ཤེས་ལྡན་མི་སྣ་སྒྲིག་འཛུགས་ཧུར་ཐག་བྱས་ནས་ལྗོངས་ཕྱི་ནང་དུ་སྔོན་ཐོན་གསོ་ཚགས་མཉམ་ལས་ཁང་གི་ཉམས་མྱོང་ལ་སློབ་སྦྱོང་བྱེད་པར་བསྐྱོད་བཅུག་ནས་སྒོ་འགྲམ་དུ་ལས་ཞུགས་མངོན་འགྱུར་ཐུབ་པ་བྱེད་དགོས། གནས་བཞི་ཤང་གནས་བཞི་གྲོང་ཚོའི་ཆ་སྒྲིག་རོགས་སྐྱོར་བྱ་ཡུལ་ཚེ་རིང་མཚམས་གཅོད་ཁྱིམ་དུ། ནང་མི་ཚོ་དང་ཅི་གྲོས་མོལ་གྲོས་དང་འབྲེལ། ཁྱིམ་ལ་མི་ག་ཚོད་ཡོད་དམ། ཡོང་འབབ་ག་ཚོད་ཡོད་དམ། གཟུགས་གཞིའི་གནས་ཚུལ། ད་དུང་དཀའ་ངལ་ག་རེ་འཕྲད་ཀྱི་ཡོད་མེད་སོགས་བཀའ་འདྲི་གནང་བ་མ་ཟད། དེང་གི་བདེ་སྐྱིད་ལྡན་པའི་འཚོ་བའི་འཕོ་འགྱུར་གླེང་ནས་མང་ཚོགས་ཚོས་སུ་ཡི་བཀའ་དྲིན་ཡིན་པ་དང་། དྲིན་ལན་སུ་ལ་འཇལ་དགོས་པ་སོགས་གསལ་འགྲེལ་གནང་བ་རེད།
མཚོ་སྨད་ནས་མཚོ་སྣར་རྡོག་ཐོན་མ་གནང་གོང་། བསམ་གྲུབ་ཚེ་རིང་གིས་འཆི་མེད་རྡོ་རྗེ་དང་ཚེ་རིང་མཚམས་གཅོད་ཁྱིམ་དུད་གཉིས་ལ་ཁག་སོ་སོར་འཚམས་འདྲི་གནང་བ་རེད།
མཚོ་སྣ་གྲོང་ཁྱེར་ཆུ་དྲོ་མོ་ཤང་དུ། བསམ་གྲུབ་ཚེ་རིང་གིས་ཤང་སྲིད་གཞུང་གི་བརྙན་ལམ་ལྟ་སྐུལ་ཁང་དུ་ཕེབས་ཏེ་བརྟན་ལྷིང་སྲུང་སྐྱོང་བཀོད་གཏོང་མ་ལག་ལ་གཟིགས་ཞིབ་གནང་བ་རེད།
ཁོང་གིས། བསམ་བློའི་ངོས་འཛིན་མཐོ་རུ་བཏང་སྟེ། ཤང་གྲོང་རྡལ་དང་གྲོང་ཚོ་ཡུལ་ལྷན་དབར་གྱི་བརྙན་ལམ་བཀོད་གཏོང་བྱེད་ཚད་དང་ནང་སྦྱོང་བྱེད་ཚད་མང་དུ་གཏོང་དགོས། སྟོང་ལོའི་གླ་ཚེར་གླིང་གི་དགེ་མཚན་ལ་གཞི་རྐང་ཚུགས་པ་བྱས་ཏེ། གླ་ཚེར་ཁྱད་ལྡན་ཅན་དང་ཐོན་ལས་ཅན་དུ་སྒྱུར་ཕྱོགས་ལ་ཞིབ་འཇུག་ཐད་སྐུལ་འདེད་བཏང་ནས་གླ་ཚེར་ཐོན་ཁུངས་དེ་ཉིད་སྒུལ་ནུས་གསར་པ་དང་དགེ་སྤེལ་གསར་པར་འགྱུར་བ་བྱེད་དགོས་པའི་ནན་བཤད་གནང་བ་རེད།
འབྲེལ་ཡོད་རྫོང་ངམ་གྲོང་ཁྱེར། དེ་བཞིན་ཚན་པ་ཁག་གི་འགན་འཁུར་བློ་མཐུན་རྟོག་ཞིབ་ནང་ལྷན་དུ་ཞུགས་པ་རེད།།
བསོད་ནམས་དོན་གྲུབ་ཀྱིས་བསྒྱུར། བསོད་བསྟན་དང་ཡེ་བཟང་གིས་ཞུས།