第03版:综合新闻 上一版3  4下一版
 
版面导航

第01版
头版

第02版
综合新闻

第03版
综合新闻
 
标题导航
བསམ་གྲུབ་ཚེ་རིང་གིས་མཚོ་སྨད་རྫོང་དང་མཚོ་སྣ་གྲོང་ཁྱེར་དུ་རྟོག་ཞིབ་གནང་བ།
ཕོ་བར་གནོད་ཤོས་ཀྱི་གོམས་གཤིས་ལྔ།
སློབ་ཁྲིད་ཁྲོད་ཞེ་ཚིག་སྤྱད་ན་སློབ་མའི་ཕྱོགས་ཡོངས་ཀྱི་བྱང་ཚད་གོང་འཕེལ་ཡོང་བར་ནུས་པ་གལ་ཆེན་ལྡན་པ།
ཉི་མ་བསྟན་འཛིན་གྱིས་གོང་དཀར་དང་གྲ་ནང་དུ་ཏང་གི་སྐབས་ཉི་ཤུ་པའི་ཚང་གྲོས་ཐེངས་གསུམ་པའི་དགོངས་དོན་སྒྲོག་འགྲེལ་གནང་བ།
| 山南网首页 |
2024年9月27日 星期
3 上一篇  下一篇 4 放大 缩小 默认
སློབ་ཁྲིད་ཁྲོད་ཞེ་ཚིག་སྤྱད་ན་སློབ་མའི་ཕྱོགས་ཡོངས་ཀྱི་བྱང་ཚད་གོང་འཕེལ་ཡོང་བར་ནུས་པ་གལ་ཆེན་ལྡན་པ།
 

སྐད་ཆའི་སྒྱུ་རྩལ་ཞེས་པ་ནི་སྐད་ཆའི་ནུས་པར་བརྟེན་ནས་ཕ་རོལ་ཉན་སྤྲོ་བ་དང་ནང་བསམ་པའི་བརྩེ་དུང་སོགས་ཚེགས་མེད་བརྡ་སྤྲོད་པའི་སྒྱུ་རྩལ་ཞིག་ལ་སྐད་ཆའི་སྒྱུ་རྩལ་དུ་གོ་ཆོག་ལ། ལྷག་པར་དགེ་བའི་བཤེས་གཉེན་གྱི་ལས་སྣེ་འཛིན་མཁན་ཞིག་ཡིན་ཕྱིན་སྐད་ཆའི་སྒྱུ་རྩལ་གྱིས་ཉན་པ་པོ་སྣོད་ཀྱི་དང་བ་འདྲེན་པར་ཅི་ཐུབ་ཀྱིས་འབད་དགོས། དེ་ཡང་སློབ་ཁྲིད་ཀྱི་ལས་ཀ་ནི་སྐད་ཆའི་སྒྱུ་རྩལ་ལ་བརྟེན་ནས་ནང་བསམ་པའི་བརྩེ་དུང་བརྗེ་རེས་བྱེད་པའི་བྱེད་སྒོ་ཞིག་ཡིན་པས། དགེ་རྒན་གྱི་སྐད་ཆའི་སྒྱུ་རྩལ་ནི་ཆེས་མཁས་སྙན་གྱི་སྐད་ཆའི་ཐབས་ལམ་ལ་བརྟེན་ནས་སློབ་ཁྲིད་སྤུས་ཚད་གོང་མཐོར་བཏང་ནས་ཤེས་ལྡན་པའི་འཇོན་ནུས་ཀྱི་ཐབས་རྩལ་གསོ་སྐྱོང་བྱེད་པ་ཞིག་ཡིན། དེ་ཡང་ཞེ་ཚིག་སྤྱད་ནས་སློབ་ཁྲིད་ལ་འཇུག་ན་སློབ་མའི་རྒྱུད་ལ་ཡ་རབས་གུས་སྲོལ་འཇགས་ཐུབ་པ་མ་ཟད་དགེ་སློབ་བར་མཛའ་སེམས་ཀྱི་འབྲེལ་བ་ཆགས་པར་ཕན་ཐོགས་ཆེན་པོ་ལྡན་ཡོད།

གཅིག སློབ་མའི་རྒྱུད་ལ་ཡ་རབས་གུས་སྲོལ་འཇགས་ཐུབ་རྒྱུར་ཕན་པ།

གནའ་མིའི་གཏམ་དཔེར་“ཡ་རབས་ཕྱག་དང་ཞེ་ས་མཁས། མ་རབས་སྙིང་དང་སྡུག་གྲོད་ཆེ་”ཞེས་གསུངས་པ་ལྟར། ཞེ་ཚིག་ནི་བོད་མིའི་རྒྱན་ཆ་ལྟ་བུར་གྲུབ་ཡོད། སློབ་གྲྭ་ནི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་བྱ་ཡུལ་ཞིག་དང་། ཡར་ཐོན་གྱི་བསམ་བློ་དང་སྔོན་ཐོན་གྱི་ལག་ལེན་བརྒྱུད་སྤྲོད་བྱེད་ས་ཞིག་དང་མི་ཞིག་གི་ཡང་དག་པའི་འཇིག་རྟེན་ལྟ་བ་དང་། མི་ཚེའི་ལྟ་བ། རིན་ཐང་གི་ལྟ་བ་འཛུགས་ས་བཅས་ཡིན་པས་རྒྱུན་དུ་ཞེ་ཚིག་སྤྱད་ན་སློབ་གྲྭའི་སློབ་སྦྱོང་དང་འཚོ་བའི་ཁྲོད་ཀྱི་སྐད་ཆ་མཛེས་སུ་གཏོང་ཐུབ་པ་དང་། སྐད་ཆའི་སྒྱུ་རྩལ་དང་མཛེས་དཔྱོད་ཀྱི་རིན་ཐང་མཐོ་རུ་གཏོང་ཐུབ་ལ། སློབ་མའི་སེམས་ཁམས་ལ་བྱི་དོར་ཡང་བྱེད་ཐུབ་པ། སློབ་མའི་རྒྱུད་ལ་ཕུལ་བྱུང་ཤེས་རིག་གི་བག་ཆགས་བཟང་པོ་ཞིག་འཇོག་ཐུབ་པ་སོགས་ཀྱི་ནུས་པ་གལ་ཆེན་ཐོན་པ་དང་། སློབ་མའི་རང་བཀུར་དང་རང་གཅུན་ལ་སྐུལ་ལྕག་གང་ལེགས་ཐེབས་ནས་ཕྱོགས་ཡོངས་ཀྱི་བྱང་ཚད་མཐོ་རུ་གཏོང་རྒྱུ་དང་ཐུན་མིན་གྱི་གཤིས་རྒྱུད་ཅིག་གསོ་སྐྱོང་བྱ་རྒྱུར་སྒུལ་ཤུགས་གསར་པ་ཞིག་སྤྲོད་ཐུབ།

གཉིས། ཞེ་ཚིག་གིས་དགེ་སློབ་བར་ལྷད་མེད་མཛའ་སེམས་ཀྱི་འབྲེལ་བ་ཆགས་པར་ཕན་པ།

ད་ལྟའི་དུས་ཀྱི་བུ་ཕྲུག་མང་དག་ཅིག་ནི་ཁྱིམ་ཚང་གི་གཅེས་ཕྲུག་ཡིན་པས་ཁོ་ཚོར་ཁྱིམ་ཚངགི་སློབ་གསོ་དང་བྱམས་སྐྱོང་ཐོབ་པ་དང་ཆབས་ཅིག་གཅེས་ལང་དུའང་སོང་སྟབས། དགེ་རྒན་གྱིས་ཐོག་མར་སྒྱུ་རྩལ་གྱི་བྲོ་བ་ལྡན་པའི་ཞེ་ས་ལྡན་པའི་སྐད་ཆ་དང་གུས་ལུགས་བཤད་ཚེ་ཁོང་ཚོའི་བསམ་པའི་སྟོང་ཆ་གསབ་ཐུབ་པ་དང་དེ་བཞིན་རང་རྐྱ་འཕེར་རྒྱུར་ཕན་ནུས་ཆེན་པོ་ཐོན་པ་མ་ཟད། དགེ་སློབ་དབར་གྱི་བསམ་བློའི་བར་ཐག་ཇེ་ཉེར་འགྲོ་རྒྱུར་ཡང་ནུས་པ་གལ་ཆེན་ཐོན་ཐུབ། ཁྱིམ་ཚང་སློབ་གསོའི་ཆ་རྐྱེན་སྣ་ཚོགས་རྐྱེན་པས་སློབ་མའི་བསམ་བློའི་བྱང་ཚད་ཀྱང་རབས་འབྲིང་ཐ་གསུམ་འོང་སྲིད་པས། སློབ་མ་རྣམས་སློབ་གྲྭའི་ཁོར་ཡུག་ནང་སྲོལ་རྒྱུན་རིག་གནས་ཀྱི་ཆ་ཤས་ཞེ་ཚིག་ཅུང་ཟད་སྨྲ་ཐུབ་ཙམ་གྱིས་ཀྱང་བསམ་བློའི་བྱང་ཚད་རང་བཞིན་གྱིས་གོང་མཐོར་འགྲོ་སྲིད་པ་མ་ཟད་། ཡ་རབས་ཀུན་སྤྱོད་རང་རྒྱུད་འཇགས་པ་དང་རང་འགུལ་གྱིས་སློབ་སྦྱོང་བྱ་རྒྱུའི་ཐད་ལའང་སྐུལ་མ་ཐེབས་ནས་མཐར་སྤྱི་ཚོགས་ཀྱི་ཕན་འབྲས་ལེགས་ཙམ་ཞིག་ཐོན་རྒྱུར་མི་མངོན་པའི་སྒུལ་ཤུགས་གསར་པ་ཞིག་སྤྲོད་ཐུབ།

གསུམ། སྲོལ་རྒྱུན་རིག་གནས་དར་འཕེལ་བཏང་ནས་ཀྲུང་ཧྭ་མི་རིགས་ཤེས་དཔལ་རྒྱུན་འཛིན་བྱེད་དགོས།

ཀྲུང་གོའི་དེང་རབས་ཅན་ནི་དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་ཕན་ཚུན་མཐུན་སྦྱོར་གྱི་དེང་རབས་ཅན་ཞིག་རེད་ཅེས་བསྟན་ཡོད་ཅིང་། རྒྱལ་ཁབ་ཅིག་གི་མི་རབས་ནས་མི་རབས་བར་ཉམས་པ་མེད་པའི་ཡར་ཐོན་གྱི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་ཇི་ལྟར་བྱ་དགོས་སྙམ་ན། མི་རིགས་ཁག་གི་དུས་རབས་མཐུན་ཞིང་སྤྱི་ཚོགས་ཞི་བདེ་འཆམ་མཐུན་གྱི་ཕྱོགས་སུ་ལམ་སྟོན་བྱེད་པའི་ནུས་པ་ལྡན་པའི་མི་རིགས་རིག་གནས་ཀྱི་ཉིང་བཅུད་ལེན་དགོས། བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་ཉིང་བཅུད་དུ་གྱུར་པའི་ཞེ་ཚིག་འདིར་དུས་རབས་ཀྱི་སྲོག་རྩ་ལྡན་ཡོད་ལ། འཆམ་མཐུན་སྤྱི་ཚོགས་འཛུགས་སྐྲུན་བྱེད་པར་གལ་ཆེའི་ནུས་པ་ལྡན་ཡོད།

ཞེ་ཚིག་འདི་རྒྱུན་དུ་སློབ་ཁྲིད་ཁྲོད་དུ་སྤྱད་ཐུབ་ན་སློབ་མའི་སྐད་ཆའི་ཐ་སྙད་ཀྱི་རྨང་གཞི་བཟང་པོ་འདིང་ཐུབ། དེ་ཡང་ཕུན་སུམ་ཚོགས་ཤིང་བེད་སྤྱོད་ཀྱི་རིན་ཐང་མཐོ་བའི་སྒྱུ་རྩལ་གྱི་སྐད་ཆའི་བརྡ་ཆད་མང་དག་ཅིག་སློབ་མའི་རྒྱུད་ལ་ངང་གིས་འཇགས་པ་དེས་གཅིག་ནས་སློབ་མས་འཚོ་བའི་ཁྲོད་ཀྱི་བརྡ་ཆད་མང་པོ་བསགས་ཐུབ། གཉིས་ནས་རྒན་བཀུར་གཞོན་གཅེས་སོགས་ངག་གི་སྒྱུ་རྩལ་ལས་མངོན་ཐུབ། ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་ཀྱི་ཉིང་བཅུད་མྱོང་ཐུབ་ཚེ་རིག་གནས་དེར་དགའ་ཞེན་དང་། སློབ་སྦྱོང་། བེད་སྤྱོད། རྒྱུན་འཛིན། འཕེལ་རྒྱས་གཏོང་རྒྱུར་བློ་ཁ་ཕྱོགས་ཐུབ་ལ་བླང་དོར་གྱི་གནས་ལ་ཕྱིན་ཅི་མ་ལོག་པར་འཇུག་པའི་རྣམ་དཔྱོད་ཅིག་ཀྱང་སྐྱེ་ཐུབ་ལ་ཀྲུང་ཧྭ་མི་རིགས་ཤེས་དཔལ་རྒྱུན་འཛིན་བྱེད་པར་ཁ་ཡོད་ལག་ཡོད་ཀྱི་ནུས་པ་ཐོན་ཐུབ།

(ལྷོ་ཁ་གྲོང་ཁྱེར་ཆ་ཚང་སློབ་འབྲིང་།

བསོད་ནམས་ཚེ་རིང་།)

3 上一篇  下一篇 4 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:综合新闻
   第03版:综合新闻
   第04版:国际国内
བསམ་གྲུབ་ཚེ་རིང་གིས་མཚོ་སྨད་རྫོང་དང་མཚོ་སྣ་གྲོང་ཁྱེར་དུ་རྟོག་ཞིབ་གནང་བ།
ཕོ་བར་གནོད་ཤོས་ཀྱི་གོམས་གཤིས་ལྔ།
སློབ་ཁྲིད་ཁྲོད་ཞེ་ཚིག་སྤྱད་ན་སློབ་མའི་ཕྱོགས་ཡོངས་ཀྱི་བྱང་ཚད་གོང་འཕེལ་ཡོང་བར་ནུས་པ་གལ་ཆེན་ལྡན་པ།
ཉི་མ་བསྟན་འཛིན་གྱིས་གོང་དཀར་དང་གྲ་ནང་དུ་ཏང་གི་སྐབས་ཉི་ཤུ་པའི་ཚང་གྲོས་ཐེངས་གསུམ་པའི་དགོངས་དོན་སྒྲོག་འགྲེལ་གནང་བ།