ཉེ་ཆར། ལྷོ་བྲག་རྫོང་གི་2023ལོའི་ཞིང་འབྲོག་པའི་བོད་ལུགས་ཁ་གདན་འཐག་པའི་རྩལ་ནུས་གསོ་སྦྱོང་མཇུག་འགྲིལ་ཞིང་། ད་ཐེངས་ཀྱི་གསོ་སྦྱོང་དེ་ལྷོ་བྲག་རྫོང་སྤྱི་ཚོགས་འགན་སྲུང་ཅུས་ཀྱིས་གཙོ་གཉེར་བྱས་པ་དང་། ལྷོ་རོང་ཕྱོགས་བསྡུས་ལས་སྣོན་ཆེད་ལས་མཉམ་ལས་ཁང་གིས་སྒྲུབ་འགན་འཁུར་བ་རེད། ད་ཐེངས་བུད་མེད་60གསོ་སྦྱོང་ནང་ཞུགས་ཡོད་པ་རེད།
ད་ཐེངས་ཀྱི་གསོ་སྦྱོང་ལས་ས་གནས་དེ་གའི་ཕྱི་ལ་ལས་ཀར་འགྲོ་མི་ཐུབ་པའི་བུད་མེད་མང་ཚོགས་ལ་ལས་ཞུགས་དང་ཡོང་འབབ་འཕར་རྒྱུར་སྐུལ་འདེད་བཏང་ཡོད།
པ་སངས་ལྷ་མོ་དང་སྐལ་བཟང་ལྷུན་གྲུབ་ཀྱིས་པར་བླངས།