第02版:要闻 上一版3  4下一版
 
版面导航

第01版
头版

第02版
要闻

第03版
综合新闻
 
标题导航
| 山南网首页 |
2024年4月24日 星期
3 上一篇 放大 缩小 默认
ཡར་ཀླུཾང་བསྡུས་འཕྲིན།
 

ཉེ་དུས། ཆུ་གསུམ་རྫོང་གིས་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་འཛུགས་གཏོད་ལ་ཤུགས་སྣོན་རྒྱག་རྒྱུའི་ཆེད་དོན་ཚོགས་ཆུང་གི་2024ལོའི་སྐུལ་འདེད་ཚོགས་འདུ་འཚོགས་པ།

ཉེ་དུས། མཚོ་སྣ་གྲོང་ཁྱེར་གྱིས་ན་གཞོན་ལས་བྱེད་པའི་ཆབ་སྲིད་ནུས་པ་མཐོ་རུ་གཏོང་བའི་གསོ་སྦྱོང་འཛིན་གྲྭ་ཨན་ཧུའེ་ཞིང་ཆེན་ཐུང་ལིང་གྲོང་ཨུད་ཏང་གི་སློབ་གྲྭར་འགོ་ཚུགས་པ།

ཉེ་དུས། རྒྱ་ཚྭ་རྫོང་གིས་《ཀྲུང་གོའི་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཆེད་དོན་ཟུར་ཁྲིད་སྙན་ཞུའི་ཚོགས་འདུ་འཚོགས་པ།

ཉེ་དུས། ཟངས་རི་རྫོང་གིས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ཆེད་དོན་འཆད་ཁྲིད་བྱས་པ།

ཉེ་དུས། གྲ་ནང་རྫོང་ལྟེ་གནས་སྨན་ཁང་ཕྱི་ནད་ཚན་ཁག་གི་གཤགས་བཅོས་ཚོགས་པས་ཧུའུ་ནན་ཞིང་ཆེན་ཀྲུའུ་ཀྲོའུ་གྲོང་ཁྱེར་གྱི་བོད་སྐྱོར་རིགས་གཅིག་མཁས་ཅན། ཡོན་ཀྲང་གཞོན་པ་ཧོང་མེ་ཆོན་གྱི་སྣེ་ཁྲིད་འོག་རུས་ཆག་ནད་པ་ཞིག་ལ་གཏན་འཇགས་གཤགས་བཅོས་བྱས་པ་རེད།

ཉེ་དུས། མཚོ་སྨད་རྫོང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་དཀའ་ངལ་ཡོད་པའི་སྐྱེས་མར་གཅེས་སྐྱོང་དང་དྲོ་སྐྱིད་བརྒྱུད་སྤྲོད་བྱེད། མཚོ་སྨད་རྫོང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྐྱེས་མའི་སྦྲག་ཁུག་སྤྲོད་པའི་མཛད་སྒོ་སྤེལ་བ།

ཉེ་དུས། ལྷུན་རྩེ་རྫོང་སྲིད་འཛིན་ཆོག་མཆན་དང་དམངས་ཕན་ཞབས་ཞུ་ཅུད་ཀྱིས་མི་སྒེར་གྱི་བཅོས་སྣུམ་སིལ་མའི་ཞིབ་མཆན་འགོད་པའི་གསོ་སྦྱོང་གཉེར་བ།

ཉེ་དུས། འཕྱོངས་རྒྱས་རྫོང་འཕྱོངས་རྒྱས་གྲོང་རྡལ་དཔལ་རི་སྡེ་ཁུལ་དུ་དཔྱིད་རྨོད་དཔྱིད་འདེབས་དང་ཞིང་ལས་ཐོན་སྐྱེད་ཚབ་གཉེར་ཞབས་ཞུའི་ལས་སྒོ་ཚུགས་པ།

ཉེ་ཆར། སྣེ་གདོང་ཆུས་ཀྱིས་སྐབས་བཞི་པའི་ལས་རིགས་རྩལ་ནུས་འགྲན་བསྡུར་ཆེ་མོ་གཉེར་བ།

ཉེ་ཆར། ཆུ་གསུམ་རྫོང་གི་2024ལོའི་དུས་ཐེངས་དང་པོའི་“ལས་བྱེད་པའི་འཆད་ཁྲིད་ཆེན་པོ”དངོས་སུ་འགོ་ཚུགས་པ།

ཉེ་ཆར། གྲ་ནང་རྫོང་གིས་གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་ལས་དོན་ལ་བཀོད་སྒྲིག་བྱས་པ།

ཉེ་ཆར། མཚོ་སྨད་རྫོང་གིས་རྫོང་དང་ཤང་རིམ་པ་གཉིས་ཀྱི་ཞིང་ལས་ཆེད་ལས་ལག་རྩལ་མི་སྣ་སྒྲིག་འཛུགས་བྱས་ནས་ཞིང་ནང་དུ་ལག་རྩལ་མཛུབ་ཁྲིད་ཞབས་ཞུ་བྱས་ཐོག་ནས་མང་ཚོགས་ལ་འདེབས་འཛུགས་ལག་རྩལ་དང་དོ་དམ་བྱ་ཐབས་གསལ་བཤད་བྱས་པ་རེད།

ཡེ་ཤེས་བཟང་མོས་བསྒྱུར། བསོད་བསྟན་དང་བསོད་དོན་གྱིས་ཞུས།

3 上一篇 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:要闻
   第03版:综合新闻
   第04版:公益广告
གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཀྲུའུ་རེན་ཚོགས་འདུ་ཐེངས་ཞེ་ལྔ་པ་འཚོགས་པ།
“4·23”འཛམ་གླིང་དཔེ་ཀློག་ཉིན་མོའི་དཔེ་ཀློག་བརྗོད་བྱ་ཕུན་སུམ་ཚོགས།
འཐག་ལས་སྦྱངས་ནས་བདེ་སྐྱིད་འཚོ་བར་ཕྱོགས།
ཡར་ཀླུཾང་བསྡུས་འཕྲིན།