འདི་ག་ཚགས་པར་ཁང་ནས་ཕྱོགས་བསྡུས་གནས་ཚུལ་སྤེལ་གསལ། ཉེ་ཆར། མཚོ་སྣ་གྲོང་ཁྱེར་གྱིས“དཔེ་དེབ་ཀློག་ན་ང་ཚོའི་འཚོ་བ་དེ་བས་ཕུན་སུམ་ཚོགས”ཞེས་པ་བརྗོད་བྱ་གཙོ་བོར་བྱས་པའི་སློབ་གྲྭ་དང་། དགོན་སྡེ། (གྲོང་ཚོ)སྡེ་ཁུལ་བཅས་སུ་དཔེ་དེབ་སྐྱེལ་བའི་བྱེད་སྒོ་སྤེལ་བ་རེད། བྱེད་སྒོའི་ནང་དཔེ་ཀློག་མཉམ་འགུལ་གྱི་བྱེད་ཐབས་བརྒྱུད་སློབ་མ་ཚོར་དཔེ་ཀློག་གི་མྱོང་ཚོར་མཉམ་སྤྱོད་བྱ་རྒྱུར་ཁྲིད་སྟོན་བྱས་ཏེ་ཁོང་ཚོའི་དཔེ་ཀློག་གི་སྤྲོ་སྣང་སྐྱེད་སྲིང་བྱས་པ་དང་། ཁྲིམས་ལུགས་དང་རྩོམ་རིག་སོགས་དགོན་པའི་གྲྭ་བཙུན་གྱིས་ལྟ་ཀློག་བྱེད་པར་འཚམ་པའི་དཔེ་དེབ་ཁག་གཅིག་བདམས་ནས་གྲྭ་བཅུན་གྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་བཏང་བ། གཞན་ཡང་དཔེ་དེབ་སྐོར་སྐྱོད་ཞབས་ཞུའི་ས་ཚིགས་བཙུགས་པ་དང་དཔེ་དེབ་ཞལ་འདེབས་རྒྱག་པ་སོགས་བརྒྱུད་མང་ཚོགས་ཚོས་དཔེ་དེབ་རྩེ་གྲས་ཀྱི་ཐོན་ཁུངས་མཉམ་སྤྱོད་བྱེད་པར་དེ་བས་སྟབས་བདེ་བསྐྲུན་ཡོད་པ་རེད།
ཉེ་ཆར། ལྷོ་བྲག་རྫོང་གིས“དཔེ་དྲི་འཐུལ་བའི་ལྷོ་བྲག དམངས་ཡོངས་ཀྱིས་དཔེ་ཀློག་བྱེད”ཅེས་པ་བརྗོད་བྱ་གཙོ་བོར་བྱས་པའི་བྱེད་སྒོ་རབ་དང་རིམ་པ་སྤེལ་ཡོད། སློབ་གྲྭར་དཔེ་དེབ་སྐྱེལ་བའི་བྱེད་སྒོའི་ནང་ཕྲུ་གུ་ཚོས་རང་ཉིད་ལ་བག་ཆགས་ཆེ་ཤོས་ཀྱི་དཔེ་དེབ་མཉམ་སྤྱོད་བྱེད་པ་དང་། ཁེ་ལས་སུ་དཔེ་དེབ་སྐྱེལ་བའི་བྱེད་སྒོའི་ནང་རྫོང་རིག་གནས་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་དང་རྫོང་རྩོམ་སྒྱུར་ཅུས་ཀྱིས་སེང་གེ་བསྟན་དར་བྲ་བོ་ཚད་ཡོད་འགན་འཁྲི་ཀུང་སིར་ཚན་རིག་ཁྱབ་གདལ་དང་། ལོ་རྒྱུས། བརྩམས་སྒྲུང་། རིག་རྩལ་སོགས་ཀྱི་དཔེ་དེབ་བསྐྱལ་ནས་ལས་བཟོའི་བསམ་པའི་རིག་གནས་འཚོ་བ་སྔར་བས་ཕུན་སུམ་ཚོགས་སུ་བཏང་ཡོད།
ཉེ་ཆར། འཕྱོངས་རྒྱས་རྫོང་གིས“དཔེ་དྲི་འཐུལ་བའི་འཕྱོངས་རྒྱས། དམངས་ཡོངས་ཀྱིས་དཔེ་ཀློག་བྱེད་”ཅེས་པ་བརྗོད་བྱ་གཙོ་བོར་བྱས་པའི་སྐབས་གཉིས་པའི་ལོ་ཆུང་བྱིས་པའི་དཔེ་ཀློག་གྱེར་འདོན་འགྲན་བསྡུར་གཉེར་བ་རེད། བདམས་ཐོན་པ་ཆུང་ཆུང་ཚོས་ལྷུག་རྩོམ་དང་སྙན་ངག་གྱེར་འདོན་བྱས་ནས་མཛེས་སྡུག་ལྡན་པའི་ཉམས་འགྱུར་མངོན་པ་དང་། སྤྲོ་སེམས་རབ་ཏུ་འཁོལ་བའི་ཐོག་ནས་རྒྱལ་གཅེས་ཀྱི་བསམ་པ་མངོན་པ། ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲངས་པ་བཅས་ཀྱི་ཡིད་ཆེས་དང་ཆོད་སེམས་བརྟན་པོ་ཡོང་བ་བྱས་ཡོད།
ཟླ་4ཚེས་21ཉིན་ལྷོ་ཁ་གྲོང་ཁྱེར་ཤིན་ཧྭ་དཔེ་ཚོང་ཁང་གིས་གྲོང་ཁྱེར་ཕན་བདེ་ཁང་དུ“དཔེ་དྲི་འཐུལ་བའི་ལྷོ་ཁ། དམངས་ཡོངས་ཀྱིས་དཔེ་ཀློག་བྱེད་པའི”དཔེ་དེབ་ཞལ་འདེབས་འབུལ་བའི་བྱེད་སྒོ་སྤེལ་ནས་ཕྲུ་གུ་ཚོར་ཕུན་སུམ་ཚོགས་ཤིང་སྤུས་ཚད་མཐོ་བའི་དཔེ་ཀློག་ཐོན་ཁུངས་མཁོ་འདོན་བྱས་ཏེ་ཁོ་ཚོས་དཔེ་ཀློག་ལ་དགའ་ཞེན་བྱེད་པའི་སྤྲོ་སྣང་འཕེལ་བ་བྱས་ཡོད་པ་རེད།
འདི་ནི་གྲ་ནང་རྫོང་གི་ལས་བྱེད་ལས་བཟོ་ཚོས་དཔེ་ཀློག་བྱེད་སྒོར་ཞུགས་པའི་ཟུར་ཞིག