འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་4ཚེས་22ཉིན་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཀྲུའུ་རེན་ཚོགས་འདུ་ཐེངས་ཞེ་ལྔ་པ་འཚོགས་ནས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བའི་བཅའ་ཁྲིམས་དང་། རང་སྐྱོང་ལྗོངས་ཀྱི་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བའི་སྲོལ་ཡིག་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་གཉིས་པའི་ཚོགས་འདུ་ཐེངས་བདུན་པ་དང་། གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅོ་བརྒྱད་པའི་འབྲེལ་ཡོད་དཔྱད་གཞིའི་ཡིག་རིགས་ལ་ཞིབ་འཇུག་བྱས་པ་རེད། གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝང་ཏེ་ཝུན་གྱིས་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད། གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཉིའུ་ཁུན་དང་། འཇིགས་མེད། པ་སངས་དངོས་གྲུབ་བཅས་ཚོགས་འདུར་ཞུགས་ཡོད་པ་རེད།
ཝང་ཏེ་ཝུན་གྱིས་ནན་བཤད་གནང་དོན། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་དང་སློབ་གསོ་གཏིང་ཟབ་སྤེལ་དགོས་པ་དང་། གོ་བ་ལོན་ཚད་དང་དོན་རྟོགས་ཤུགས་ཆེ་རུ་གཏོང་དགོས། དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱེད་པ་དང་། གྲོས་ཞིབ་བསམ་འཆར་དོན་འཁྱོལ་བྱེད་པར་དམ་འཛིན་ཏན་ཏིག་བྱེད་དགོས་པ། སྤུས་ཚད་དང་ཕན་འབྲས་མཐོ་བའི་སྒོ་ནས་གྲོས་ཞིབ་བསམ་འཆར་ལེགས་པར་བསྒྲུབ་དགོས་པ། རྗེས་བསྙེག་ལྟ་སྐུལ་ལས་ཀར་ཤུགས་སྣོན་རྒྱག་དགོས་པ། གྲོང་ཁྱེར་མི་དམངས་འཐུས་ཚོགས་ཀྱི་སྐབས་གཉིས་པའི་ཚོགས་འདུ་ཐེངས་བདུན་པ་ཐུགས་གྲ་འགྲིག་པོས་འཚོག་ཐུབ་པའི་འགན་ལེན་བྱེད་དགོས་པ། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་དགོས་པ། འགན་འཁྲིའི་འདུ་ཤེས་ཤུགས་ཆེར་གཏོང་དགོས་པ། སྒྲིག་ཁྲིམས་ཁག་ནན་པོ་དང་ཚོགས་སྲོལ་ནན་པོ་བཟོས་ནས་སྤྱོད་གཙང་དྲང་གཞག་ཡོང་བར་འགན་ལེན་ཏན་ཏིག་བྱ་དགོས་པ་བཅས་སོ།