第01版:头版 4下一版
 
版面导航

第01版
头版

第02版
综合新闻

第03版
综合新闻
 
标题导航
《དཔྱིད་གསར་དུས་ཆེན་སྔ་རྗེས་ཀྱི་དྲོད་ཚད་དམའ་བ་དང་གངས་འཁྱགས་ཀྱི་གནོད་འཚེ་འགོག་ཟོན་དང་དེར་ཁ་གཏད་གཅོག་པའི་ལས་དོན་ཡག་པོ་བསྒྲུབ་དགོས་པའི་སྐོར་གྱི་བརྡ་ཐོ》བཀྲམ་པ།
གྲོང་ཁྱེར་ཡོངས་ཀྱི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་ཕྱོགས་ས@
ཞུས་ཁྲེང་ཚང་གིས་གྲོང་ཨུད་རྒྱུན་ཨུའི་རྒྱ་ཆེའི་ཚོགས་འདུ་སྐོང་འཚོགས་གནང་བ།
ལས་ལ་བརྩོན་པའི“སྦྲང་ནོར་བུས” བདེ་སྐྱིད་འཚོ་བའི་“སྦྲང་རྩི་”སྦྱིན།
| 山南网首页 |
2024年2月9日 星期
3 上一篇  下一篇 4 放大 缩小 默认
ཞུས་ཁྲེང་ཚང་གིས་གྲོང་ཨུད་རྒྱུན་ཨུའི་རྒྱ་ཆེའི་ཚོགས་འདུ་སྐོང་འཚོགས་གནང་བ།
 

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ལམ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ། ལྷོ་ཁ་གྲོང་ཨུད་ཀྱི་ཧྲུའུ་ཅི་ཞུས་ཁྲེང་ཚང་གིས་གྲོང་ཨུད་རྒྱུན་ཨུའི་(རྒྱ་ཆེ)ཚོགས་འདུ་གཙོ་སྐྱོང་སྐོང་འཚོགས་གནང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་དང་། མཆན་བཀོད་མཛུབ་སྟོན་གལ་ཆེན། ཀྲུང་དབྱང་གི་འབྲེལ་ཡོད་ཚོགས་འདུ། ཡིག་ཆའི་དགོངས་དོན་བཅས་དང་། ཧྲུའུ་ཅི་ཝང་ཅུན་ཀྲེང་གི་གསུང་བཤད་དང་། མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན། རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་ཚོགས་འདུའི་དགོངས་དོན་བཅས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ནས་གྲོང་ཁྱེར་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་དང་ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་བྱས་ཏེ་གཞི་རིམ་གྱི་ཁུར་པོ་ཡང་གཏོང་དང་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་ཚུལ་གྱི་སྙན་ཞུ་གསན་པ་མ་ཟད། ངེད་གྲོང་ཁྱེར་གྱི་ལག་བསྟར་བསམ་འཆར་ལ་ཞིབ་འཇུག་གནང་བ་རེད།

ཞུས་ཁྲེང་ཚང་གིས་ནན་བཤད་གནང་དོན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུའི་དགོངས་དོན་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་དགོས་པ་དང་། རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲོས་རྒྱུར་མུ་མཐུད་ཤུགས་སྣོན་རྒྱག་དགོས་པ། གསར་དུ་བཟོ་བཅོས་བརྒྱབ་པའི་《ཀྲུང་གོ་གུང་ཁྲན་ཏང་གི་སྐོར་གཟིགས་ལས་དོན་སྲོལ་ཡིག་》སློབ་སྦྱོང་དང་དྲིལ་བསྒྲགས་ལག་བསྟར་ཡག་པོ་བྱེད་དགོས་པ། སྤུས་ཚད་གསར་པའི་ཐོན་སྐྱེད་ནུས་ཤུགས་ (པར་ངོས་གཉིས་པར་གཟིགས) (པར་ངོས་དང་པོར་མཐུད)འཕེལ་རྒྱས་གཏོང་བའི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་ཁོང་དུ་ཆུད་པ་བྱེད་དགོས་པ། ལྡེམ་གཤིས་ཡོད་པའི་ཤེས་ལྡན་མི་སྣ་ནང་འདྲེན་བྱེད་པ་སོགས་ཀྱི་བྱེད་ཐབས་བརྒྱུད་ཤེས་ལྡན་མི་སྣ་བཀོལ་སྤྱོད་ཡག་པོ་བྱེད་པར་ཕན་འབྲས་ཐོན་པ་བྱ་དགོས་པ། ཟོག་གོང་གི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་དུས་ཆེན་རིང་གི་ཁྲོམ་རའི་མཁོ་སྤྲོད་འགན་ལེན་ཡག་པོ་བྱས་ཏེ་གྲོང་ཁྱེར་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཚོས་དུས་བདེ་དང་། དགའ་སྤྲོ། འཆམ་མཐུན་བཅས་ཀྱི་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་ཞིག་གཏོང་ཐུབ་པའི་འགན་ལེན་བྱེད་དགོས།

ཞུས་ཁྲེང་ཚང་གིས་ནན་བཤད་གནང་དོན། འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་བྱས་ནས་བདེ་འཇགས་ཐོན་སྐྱེད་ལས་དོན་ལ་དམ་འཛིན་ཡག་པོ་བྱེད་དགོས། སྤྱི་ཚོགས་ཀྱི་ངོས་དང་། མི་མང་འཛོམས་ས། གཙོ་གནད་ས་ཆ། ཁུལ་ཆུང་རྙིང་པ་སོགས་ཀྱི་བདེ་འཇགས་མངོན་མེད་རྐྱེན་རྩ་གྲལ་བཤེར་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་ཁྲིམས་འགལ་བཟོ་སྐྲུན་བཅོས་སྒྲིག་ནན་པོ་བྱེད་པ། གྲོང་ཁུལ་དང་མི་མང་འཛོམས་སར་ཤོག་སྦག་ཉར་ཚགས་བྱ་རྒྱུ་གཏན་འགོག་བྱེད་པ། ལྷོད་གཡེང་གི་བསམ་བློ་མཐའ་གཅིག་ཏུ་སེལ་ནས་ལས་འཛོལ་ཚབས་ཆེན་དང་ཆེས་ཚབས་ཆེན་ཐོན་རྒྱུ་བཀག་འགོག་མཐའ་གཅིག་ཏུ་བྱས་ཏེ་དུས་ཆེན་རིང་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་འགན་ལེན་བྱེད་དགོས།

ཚོགས་འདུའི་ཐོག་ཀྲུང་དབྱང་རིམ་པས་ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བའི་ཆེད་དོན་ལས་ཀའི་ལམ་སྲོལ་གྱི་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ནས་ལས་ཀའི་སྙན་ཞུ་གསན་པ་རེད། ཞུས་ཁྲེང་ཚང་གིས་ནན་བཤད་གནང་དོན། སྤྱོད་ཚུལ་འཛུགས་སྐྱོང་དང་ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་གིས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་གཞི་རིམ་གྱི་ཏང་ཡོན་ལས་བྱེད་པས་དུས་ཚོད་དང་སེམས་ནུས་དེ་བས་མང་བ་དོན་འཁྱོལ་དམ་འཛིན་བྱེད་རྒྱུའི་ཐད་འདོན་དུ་འཇུག་དགོས།

ཚོགས་འདུའི་ཐོག་བློ་མཐུན་ཚའེ་ཆི་ཡིས་གནང་བའི་གསུང་བཤད་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ནས་ལས་ཀའི་སྙན་ཞུ་གསན་པ་རེད། ཞུས་ཁྲེང་ཚང་གིས་ནན་བཤད་གནང་དོན། རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲོས་རྒྱུར་མུ་མཐུད་ཤུགས་སྣོན་རྒྱག་པ་དང་། བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་མུ་མཐུད་སྲ་བརྟན་དང་རྒྱ་ཆེར་གཏོང་བ། གནད་དོན་དག་ཐེར་ལ་དམ་འཛིན་ཡག་པོ་བྱེད་པ། ལས་དོན་ལ་སྐུལ་འདེད་གཏོང་བའི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་བཅས་བྱེད་དགོས།

ཞུས་ཁྲེང་ཚང་གིས་ནན་བཤད་གནང་དོན། ཀྲུང་དབྱང་སྲིད་ཁྲིམས་ལས་དོན་དང་ལྗོངས་ཡོངས་ཀྱི་སྲིད་ཁྲིམས་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་མུ་མཐུད་གཏིང་ཟབ་ཏུ་བཏང་སྟེ་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ་དེ་ལས་འགན་ཨང་དང་པོར་བརྩིས་ནས་རྒྱལ་ཁབ་ཀྱི་ཆབ་སྲིད་བདེ་འཇགས་དང་། སྲིད་དབང་བདེ་འཇགས། ལམ་ལུགས་བདེ་འཇགས་བཅས་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས་པ། ཆོས་ལུགས་ལས་དོན་གྱི་སྲོལ་ཡིག་དོན་འཁྱོལ་ནན་པོ་བྱས་ཏེ“འདུ་ཤེས་གསུམ”གྱི་སློབ་གསོ་གཏིང་ཟབ་སྤེལ་ནས་ཆོས་ལུགས་ཁྱབ་ཁོངས་ཀྱི་ཉེན་ཁ་དང་མི་མངོན་པའི་རྐྱེན་ངན་ཚབས་ཆེན་སྔོན་འགོག་དང་སེལ་རྒྱུར་ཤུགས་སྣོན་རྒྱག་པ། ཐོན་སྐྱེད་བདེ་འཇགས་ཀྱི་ལས་དོན་ཁག་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབས་ནས་སྤྱི་ཚོགས་ཀྱི་ཁྱོན་ཡོངས་ལ་དོ་དམ་ཚོད་འཛིན་བྱ་རྒྱུར་དམ་འཛིན་ཡག་པོ་བྱས་ཏེ་དུས་བདེའི་ལྷོ་ཁ་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་དགོས། ཁྲིམས་ལྟར་སྲིད་འཛིན་དང་། ཁྲིམས་ལྟར་འགན་སྒྲུབ། ཁྲིམས་ལྟར་བཅོས་སྐྱོང་བཅས་བྱེད་པ་དང་། ཡིག་སྐུར་ངོ་བཅར་གྱི་གནད་དོན་མངོན་གསལ་ཅན་ཐག་གཅོད་འོས་ཤིང་འཚམ་པ་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་ཏན་ཏིག་བྱ་དགོས།

ཞུས་ཁྲེང་ཚང་གིས་ནན་བཤད་གནང་དོན། ཧྲུའུ་ཅི་ཝང་ཅུན་ཀྲེང་གི་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ནས་ཆོས་ལུགས་ཁྱབ་ཁོངས་ལ་ཐོབ་པའི་གྲུབ་འབྲས་རྒྱུན་མཐུད་འཐུས་ཚང་དང་སྲ་བརྟན་དུ་གཏོང་དགོས། འདི་ལོའི་གཙོ་གནད་ལས་དོན་ལ་ཞིབ་འཇུག་བྱ་རྒྱུར་དམ་འཛིན་བྱས་ནས་དགོན་སྡེའི་གྲྭ་བཙུན་གྱི་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་། དགོན་སྡེའི་ས་ཆ་དང་རྒྱུ་ནོར་བདག་དབང་གི་ཁྱབ་ཁོངས་གཏན་འཁེལ་ནན་པོ་བྱེད་པ། དགོན་སྡེའི་རྒྱུ་ནོར་དོ་དམ་ལམ་ལུགས་ནན་དུ་གཏོང་བ་བཅས་བྱས་ཐོག་མི་སྒེར་གྱི་རྒྱུ་ནོར་དང་དགོན་སྡེའི་རྒྱུ་ནོར་དབྱེ་འབྱེད་བྱེད་དགོས། རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱིས་ཆོས་ལུགས་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་རྟག་ཏུ་སྙན་ཞུ་ཉན་པ་དང་གནད་དོན་ཐག་གཅོད་བྱ་རྒྱུར་ཞིབ་འཇུག་བྱས་ཏེ། ཆོས་ལུགས་ཁྱབ་ཁོངས་ཀྱི་ཉེན་ཁར་དོགས་ཟོན་མཐའ་གཅིག་ཏུ་དང་ཁ་གཏད་ནུས་ལྡན་བཅག་ནས་ཆོས་ལུགས་ཁྱབ་ཁོངས་ཞི་མཐུན་བརྟན་ལྷིང་ཡོང་བའི་འགན་ལེན་བྱེད་དགོས།

ཚོགས་འདུའི་ཐོག་ད་དུང་དོན་ཚན་གཞན་དག་ལ་ཞིབ་འཇུག་བྱས་པ་རེད། བསོད་བསྟན་གྱིས་བསྒྱུར། བདེ་དཔལ་དང་ཡེ་བཟང་གིས་ཞུས།

3 上一篇  下一篇 4 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:综合新闻
   第03版:综合新闻
   第04版:专版
《དཔྱིད་གསར་དུས་ཆེན་སྔ་རྗེས་ཀྱི་དྲོད་ཚད་དམའ་བ་དང་གངས་འཁྱགས་ཀྱི་གནོད་འཚེ་འགོག་ཟོན་དང་དེར་ཁ་གཏད་གཅོག་པའི་ལས་དོན་ཡག་པོ་བསྒྲུབ་དགོས་པའི་སྐོར་གྱི་བརྡ་ཐོ》བཀྲམ་པ།
གྲོང་ཁྱེར་ཡོངས་ཀྱི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་ཕྱོགས་ས@
ཞུས་ཁྲེང་ཚང་གིས་གྲོང་ཨུད་རྒྱུན་ཨུའི་རྒྱ་ཆེའི་ཚོགས་འདུ་སྐོང་འཚོགས་གནང་བ།
ལས་ལ་བརྩོན་པའི“སྦྲང་ནོར་བུས” བདེ་སྐྱིད་འཚོ་བའི་“སྦྲང་རྩི་”སྦྱིན།