འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་2ཚེས་5ཉིན། ལྷོ་ཁ་གྲོང་ཁྱེར་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་ཕྱོགས་སྡོམ་ཚོགས་འདུ་འཚོགས་ཤིང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ། ལྷོ་ཁ་གྲོང་ཨུད་ཀྱི་ཧྲུའུ་ཅི། གྲོང་ཨུད་ཀྱི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་ཞུས་ཁྲེང་ཚང་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་ཞིང་། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་དགོས་པ་དང་། ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོའི་ཕྱོགས་སྡོམ་ཚོགས་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱས་ཐོག་བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ལ་བརྩིས་ནས་དག་ཐེར་བཅོས་སྐྱོང་དང་། སྒྲིག་སྲོལ་དང་ལམ་ལུགས་བཙུགས་ནས་རིགས་པའི་གཞུང་ལུགས་སློབ་སྦྱོང་བྱ་རྒྱུ་དེ་གཏིང་ཟབ་སར་སྐྱོད་པ། ཏན་ཏིག་གི་སྒོ་ནས་མདུན་དུ་བསྐྱོད་རྒྱུར་སྐུལ་འདེད་བཏང་སྟེ་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱིས་བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས་པའི་ནན་བཤད་གནང་བ་རེད།
(པར་ངོས་གསུམ་པར་གཟིགས) (པར་ངོས་དང་པོར་མཐུད)རང་སྐྱོང་ལྗོངས་ཏང་ཨུད་བརྗོད་དོན་གཙོ་བོའི་སློབ་གསོའི་སྐོར་སྐྱོད་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་གསུམ་པའི་ཙུའུ་ཀྲང་བསོད་ནམས་བཀྲ་ཤིས་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་དང་། ཙུའུ་ཀྲང་གཞོན་པ་མཱ་ལིང་ཐན་ཚོགས་འདུར་ཞུགས་པ་རེད། ཉི་མ་བསྟན་འཛིན་གྱིས་གཙོ་སྐྱོང་གནང་བ་དང་། ཝང་ཏེ་ཝུན་དང་། བག་གྲོ། བསྟན་འཛིན། ལི་ཡ་ཞང་། བཀྲ་ཤིས་ཕུན་ཚོགས། ཧྥུང་ཞའོ་དབྱི། ཕན་ཀང་ཕིང་། ལིའུ་ཧྲེང་ཡུས། ཨན་ཤིན་གོ། ཀྲང་ཝུའེ་སོགས་ཚོགས་འདུར་ཞུགས་པ་རེད།
ཞུས་ཁྲེང་ཚང་གིས་གསུངས་དོན། བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་ཚུན། གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་ཀྱིས་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་བརྩིས་ནས་སློབ་སྦྱོང་དང་། བསམ་གཞི། བེད་སྤྱོད། ཤེས་རྟོགས། ལག་ལེན་བཅས་གཅིག་གྱུར་ཡོང་རྒྱུ་མཐའ་འཁྱོངས་དང་། གཙོ་གནད་བྱ་ཐབས་ཁག་ལ་དམ་འཛིན་ཡག་པོ་བྱས་པས་བརྗོད་དོན་གཙོ་བོའི་སློབ་གསོའི་ཐད་སྒྲིག་འཛུགས་སྐུལ་འདེད་མྱུར་པོ་དང་། རིགས་པའི་གཞུང་ལུགས་སློབ་སྦྱོང་སེམས་ལ་ཟུག་པ། བརྟག་དཔྱད་ཞིབ་འཇུག་དངོས་ཐོག་བདེན་འཚོལ་ཡིན་པ། འཕེལ་རྒྱས་ལ་སྐུལ་འདེད་དང་བྱ་སྤྱོད་ལ་ཕན་འབྲས་ལྡན་པ། ཞིབ་བཤེར་དང་དག་ཐེར་བྱ་སྤྱོད་མྱུར་བ་བཅས་ཀྱི་རྣམ་པ་བཟང་པོ་ཐོན་ཡོད། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་གཤིས་སྤྱོད་ཞུན་བརྡར་བྱས་ཏེ་བློ་དཀར་སེམས་དཀར་བྱེད་ཤུགས་ཆེ་རུ་བཏང་བ་དང་། “གཏན་འཁེལ་གཉིས་”ལ་བརྩི་བཀུར་དང་། “སྲུང་སྐྱོབ་གཉིས་”ཐུབ་པ་བྱེད་པའི་ཆབ་སྲིད་ཀྱི་རང་རྟོགས་དང་། བསམ་བློའི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་ཇེ་ཆེར་བཏང་བ། བློ་སྒྲིལ་སེམས་སྐྱེད་ཀྱིས་རྩ་བ་བརྟན་དུ་བཏང་སྟེ་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ལ་ཁྱབ་པའི་ཚན་རིག་དང་མཐུན་པའི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བར་གོ་བ་གཏིང་ཟབ་ལེན་པ། འགན་འཁྲི་ཏན་ཏིག་བསྒྲུབས་ནས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་ཐེབས་པ། དམིགས་ཡུལ་ལག་ལེན་བསྟར་ནས་དམངས་ལ་བདེ་སྐྱིད་བསྐྲུན་པས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་ཚོར་དང་སྐྱིད་ཚོར། བདེ་ཚོར་བཅས་ཆེ་རུ་ཕྱིན་པ། སྤྱོད་གཙངགཞུང་ཞེན་གྱིས་སྲོལ་གསར་གཏོད་དེ་སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་ཁོར་ཡུག་བཟང་པོ་བཏོད་ཐོག་སློབ་སྦྱོང་ལ་བརྟེན་ནས་སེམས་པ་སྐྱེད་པ་དང་། སློབ་སྦྱོང་ལ་བརྟེན་ནས་བློ་རིག་རྒྱས་པ། སློབ་སྦྱོང་ལ་བརྟེན་ནས་སྤྱོད་ཚུལ་སྲོང་བ། སློབ་སྦྱོང་ལ་བརྟེན་ནས་ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་ཏན་ཏན་ཏིག་ཏིག་གི་ཕན་འབྲས་ཐོན་ཡོད།
ཞུས་ཁྲེང་ཚང་གིས་གསུངས་དོན། ད་ཐེངས་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པའི་རྩ་བ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལམ་སྟོན་ཡང་དག་གནང་བ་དང་། ཏང་ཀྲུང་དབྱང་གིས་བྱམས་བརྩེའི་ཐུགས་ཁུར་གནང་བ་དེ་ཡིན་པ་དང་། རྩ་བ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་། བོད་ཀྱི་ལས་དོན་སྐོར་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་མཛུབ་སྟོན་གལ་ཆེན། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་བཅས་ཀྱི་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཚད་མཐོའི་མཐོང་ཆེན། ཚད་མཐོའི་སྐུལ་འདེད་བཏང་བའི་གྲུབ་འབྲས། ལྗོངས་ཏང་ཨུད་སྐོར་སྐྱོད་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་གསུམ་པས་མཛུབ་ཁྲིད་ཞིབ་ཚགས་དང་། ལྟ་སྐུལ་ནུས་ལྡན། ནུས་ཤུགས་ཡོད་རྒུས་རོགས་རམ་གནང་བའི་འབྲས་བུ་བཅས་རེད།
ཞུས་ཁྲེང་ཚང་གིས་ནན་བཤད་གནང་དོན། ཐོག་མཐའ་བར་གསུམ་དུ“གཏན་འཁེལ་གཉིས”ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུ་བ་དང་“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པ་བྱ་རྒྱུ་དེ་ཆབ་སྲིད་ཀྱི་རྩ་དོན་མཐོ་ཤོས་དང་རྩ་བའི་ཆབ་སྲིད་ཀྱི་སྒྲིག་ལམ་ལ་བརྩི་དགོས། ཆབ་སྲིད་ཀྱི་བློ་དཀར་སེམས་དཀར་ཟམ་མི་ཆད་པར་བརྟན་དུ་གཏོང་བ་དང་། ཏང་གཤིས་ཞུན་བརྡར་ལ་ཤུགས་སྣོན་རྒྱག་པ། ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་ནན་སྲུང་བྱེད་པ། སྤྱི་ཡོངས་ཀྱི་འདུ་ཤེས་ཆེ་རུ་གཏོང་བ། ལྟེ་བའི་ལས་དོན་ལ་དམ་པོར་དམིགས་ཏེ་ས་ཁུལ་དེ་རང་དང་ཚན་པ་དེ་རང་གི་ལས་དོན་ཁག་ལ་ཇུས་འགོད་དང་སྐུལ་འདེད་གཏོང་བ། བྱ་སྤྱོད་དངོས་ཀྱི་ཐོག་ནས་ཏང་ལ་ལྷག་བསམ་རྣམ་དག་བྱ་རྒྱུ་གསལ་འགྲེལ་བཅས་བྱེད་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བློ་སྒྲིལ་སེམས་སྐྱེད་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས། རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲས་ཤུགས་མུ་མཐུད་ཆེ་རུ་གཏོང་བ་དང་། རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་བྱེད་པའི་སློབ་སྲོལ་བཟང་པོ་དར་སྤེལ་ཤུགས་ཆེན་གཏོང་བ། སློབ་སྦྱོང་གི་རྣམ་པ་རྒྱུན་འཁྱོངས། མ་རྩོམ་ཀློག་པ། མ་ཡིག་སྦྱོང་བ། རྩ་བའི་རིགས་པ་རྟོགས་པ་བཅས་བྱས་ནས་སློབ་སྦྱོང་དང་། བསམ་བློ། བེད་སྤྱོད། ཤེས་རྟོགས། ལག་ལེན་བཅས་གཅིག་གྱུར་ཡོང་བ་བྱ་དགོས། དངོས་སྒྲུབ་ཁུར་ཕོད་ཐོག་ནས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དེ་ལྗོངས་ཡོངས་ཀྱི་མདུན་གྲལ་དུ་སྐྱོད་ཐུབ་པ་བྱེད་དགོས། རང་འགུལ་ངང་དོན་འཁྱོལ་དམ་འཛིན་དང་། གོ་སྐབས་དམ་འཛིན་གྱིས་ལོ་འགོར་གཏན་འབེབས་བྱས་པའི་འཕེལ་རྒྱས་ཀྱི་འཆར་གཞི་དེ་བྱས་རྗེས་གསར་པ་འཇོག་རྒྱུའི་དམིགས་འབེན་དུ་བཟུང་སྟེ་ལག་ལེན་ཁྲོད་མུ་མཐུད་ནས་ཕན་འབྲས་སྔར་ལས་ཆེ་བ་ཐོན་པ་བྱས་ཏེ། བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་དག་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཕན་འབྲས་གསར་པར་འགྱུར་བ་བྱ་དགོས། དུས་རབས་གསར་པའི་ཏང་གི་མང་ཚོགས་ལམ་ཕྱོགས་ལག་ལེན་ནན་ཏན་བསྟར་དགོས། “གཞི་རིམ་དུ་སྤེལ་བ་བཞིའི་”ཉམས་མྱོང་བེད་སྤྱོད་ཡག་པོ་བྱེད་པ། ཡང་དག་པའི་སྲིད་སྐྱོང་བྱས་འབྲས་ཀྱི་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་བ། དུས་རབས་གསར་པའི་“ཧྥེང་ཆའོ་ཡི་ཉམས་མྱོང་”དང་“ཕུའུ་ཅང་གི་ཉམས་མྱོང་”ལག་བསྟར་ནན་ཏན་བྱེད་པ། “ལྡན་དགོས་པ་གསུམ་དང་ཕན་ཐོགས་པ་གཅིག་”གི་བླང་བྱ་དོན་འཁྱོལ་བྱེད་པ། མང་ཚོགས་ཀྱི་བྲེལ་དཀའ་སྡུག་སྨོན་གྱི་གནད་དོན་དངོས་ཐག་གཅོད་ཡག་པོ་བྱེད་དགོས། སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་དམ་འཛིན་བྱེད་དགོས། དངོས་སྒྲུབ་ཀྱི་སྤྱོད་ཚུལ་དང་། བརྟག་དཔྱད་ཞིབ་འཇུག་བྱེད་སྲོལ་དར་སྤེལ་ཤུགས་ཆེན་བཏང་ནས་གཞི་རིམ་གྱི་འཐབ་ས་དང་པོར་མང་ཙམ་སྐྱོད་པ། མང་ཚོགས་ཀྱི་དཀའ་ངལ་མང་ས་དང་། བསམ་འཆར་གཅིག་སྡུད་ཆེ་ས། ལས་ཀའི་རྣམ་པ་གཏོད་ཁག་ས་བཅས་ཀྱི་ས་ཆར་མང་ཙམ་བསྐྱོད་དེ་གནད་དོན་ཤེས་རྟོགས་དང་། གནད་དོན་ཐག་གཅོད་བྱེད་དགོས་པ། འཚོ་བ་དམ་པོ་སྐྱེལ་སྟངས་ཀྱི་བསམ་བློ་བརྟན་པོ་འཛུགས་པ། བྱ་བ་ཆུང་རྩག་ནས་འགོ་འཛུགས་པ་བཅས་བྱས་ཏེ་བབ་ཆགས་ཀྱི་སྤྱོད་ཚུལ་ཏན་ཏིག་ཞིག་ཆགས་པ་བྱེད་དགོས། “ནམ་ཡང་ལམ་དུ་ཡོད་པ་གཉིས་”ཀྱི་རིག་པ་དྭངས་གསལ་ལས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱ་རྒྱུ་གཏིང་ཟབ་ཏུ་སྤེལ་དགོས། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དེ་ལམ་ལུགས་འགྱུར་མེད་དང་། ཚད་གཞི་འགྱུར་མེད་དུ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས། ཏང་གིས་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པའི་ཆབ་སྲིད་འགན་འཁྲི་དོན་འཁྱོལ་ཡག་པོ། ཏང་གི་སྒྲིག་ཁྲིམས་ནན་པོ། ཁྱབ་ཁོངས་ཁག་གི་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན། རང་གཅུན་ནན་པོ། ཁྱིམ་མི་དང་གཉེན་ཉེ། ཉེ་འགྲམ་གྱི་ལས་དོན་མི་སྣབཅས་ལ་དོ་དམ་ནན་པོ་བྱས་ཏེ། ཏང་སྲོལ་བཟང་པོས་དམངས་སྲོལ་ལ་སྐུལ་འདེད་གཏོང་ཐུབ་པ་བྱེད་དགོས།
བསོད་ནམས་བཀྲ་ཤིས་ཀྱིས་མཛུབ་སྟོན་གནང་དོན། བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་ཚུན། ལྷོ་ཁ་གྲོང་ཨུད་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་པ་དང་། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བླང་བྱ་ལག་བསྟར་དོན་འཁྱོལ་བྱས་པ། སློབ་སྦྱོང་བྱེད་ཀྱིན་དུ་ཞིབ་བསྡུར་དང་། ཞིབ་བཤེར་བྱེད་ཀྱིན་དག་ཐེར་བཅས་མཐའ་འཁྱོངས་བྱས་པས་བརྗོད་དོན་གཙོ་བོའི་སློབ་གསོར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། ལྷོ་ཁ་གྲོང་ཁྱེར་གྱི་རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱིས་བརྗོད་བྱ་གཙོ་བོའི་སློབ་གསོའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ཏེ། ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོའི་ཕྱོགས་སྡོམ་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ནས་བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་མུ་མཐུད་སྲ་བརྟན་དུ་གཏོང་བ་དང་རྒྱ་བསྐྱེད་གཏོང་བ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བློ་སྒྲིལ་སེམས་སྐྱེད་བྱེད་པའི་ཕུགས་ཕན་ལམ་ལུགས་འཐུས་ཚང་དུ་གཏོང་བ། རིགས་པའི་གཞུང་ལུགས་སློབ་སྦྱོང་དང་། ཆབ་སྲིད་ཀྱི་འཇོན་ཐང་མཐོ་རུ་གཏོང་བ། བརྟག་དཔྱད་ཞིབ་འཇུག་ལ་ཤུགས་སྣོན་རྒྱག་པ། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། མི་དམངས་ལ་ཞབས་འདེགས་ཞུ་བ། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་དེ་རང་འགན་གཙང་སྒྲུབ་བྱེད་པའི་སྒུལ་ཤུགས་ཆེན་པོར་དེ་བས་ལེགས་པའི་སྒོ་ནས་སྒྱུར་ཐོག ལྷོ་ཁ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་ལེགས་སྐྱེས་གསར་པ་འབུལ་དགོས།
ཚོགས་འདུ་དེ་བརྙན་འཕྲིན་ཁ་པར་ཚོགས་འདུའི་རྣམ་པའི་ཐོག་ནས་འཚོགས་ཤིང་། རྩེད་ཐང་དུ་ཚོགས་ར་གཙོ་བོ་བཙུགས་ཡོད་པ་དང་། རྫོང་(ཆུས་དང་གྲོང་ཁྱེར)ཁག་ཏུ་ཡན་ལག་ཚོགས་ར་བཙུགས་ཡོད་པ་རེད། ལྗོངས་ཏང་ཨུད་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོའི་སྐོར་སྐྱོད་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་གསུམ་པའི་ཁོངས་མི་དང་། རྩེད་ཐང་དུ་ཞུགས་ཡོད་པའི་ས་ཁུལ་རིམ་པའི་འགོ་ཁྲིད་བློ་མཐུན། གྲོང་ཁྱེར(ཀྲུང་དབྱང་དང་ལྗོངས)ཐད་གཏོགས་ཚན་པ་དང་། གྲོང་ཁྱེར་ཁོངས་གཏོགས་གཞུང་ཁོངས་ཁེ་ལས་བྱ་གཞག་ཚན་པའི་འགན་འཁུར་བློ་མཐུན་སོགས་ཚོགས་ར་གཙོ་བོའི་ཚོགས་འདུར་ཞུགས་ཡོད་པ་རེད།
བསོད་ནམས་བསྟན་པ་དང་བདེ་སྐྱིད་དཔལ་སྒྲོལ་གྱིས་བསྒྱུར་ཞུས་བྱས།
ཟླ་2ཚེས་5ཉིན། ལྷོ་ཁ་གྲོང་ཁྱེར་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་ཕྱོགས་སྡོམ་ཚོགས་འདུ་རྩེད་ཐང་དུ་འཚོགས་པ་རེད་། འདི་ནི་ཚོགས་ར་ཡིན་པ།