第01版:头版 4下一版
 
版面导航

第01版
头版

第02版
综合新闻

第03版
综合新闻
 
标题导航
《དཔྱིད་གསར་དུས་ཆེན་སྔ་རྗེས་ཀྱི་དྲོད་ཚད་དམའ་བ་དང་གངས་འཁྱགས་ཀྱི་གནོད་འཚེ་འགོག་ཟོན་དང་དེར་ཁ་གཏད་གཅོག་པའི་ལས་དོན་ཡག་པོ་བསྒྲུབ་དགོས་པའི་སྐོར་གྱི་བརྡ་ཐོ》བཀྲམ་པ།
གྲོང་ཁྱེར་ཡོངས་ཀྱི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་ཕྱོགས་ས@
ཞུས་ཁྲེང་ཚང་གིས་གྲོང་ཨུད་རྒྱུན་ཨུའི་རྒྱ་ཆེའི་ཚོགས་འདུ་སྐོང་འཚོགས་གནང་བ།
ལས་ལ་བརྩོན་པའི“སྦྲང་ནོར་བུས” བདེ་སྐྱིད་འཚོ་བའི་“སྦྲང་རྩི་”སྦྱིན།
| 山南网首页 |
2024年2月9日 星期
3 上一篇 放大 缩小 默认
ལས་ལ་བརྩོན་པའི“སྦྲང་ནོར་བུས” བདེ་སྐྱིད་འཚོ་བའི་“སྦྲང་རྩི་”སྦྱིན།
འཕྱོངས་རྒྱས་རྫོང་གིས་མང་ཚོགས་ལ་སྦྲང་ནོར་བུ་གསོ་ཚགས་ཐོན་ལས་རྣམ་གྲངས་ཀྱི་ཁེ་འབབ་སྤྲད་པ།
བདེ་སྐྱིད་དཔལ་སྒྲོལ་གྱིས་བསྒྱུར།
 

དཀའ་བ་སྤྱད་ན་བདེ་སྐྱིད་འཚོ་བ་རྫོགས་མཐའ་མེད། སྦྲང་ནོར་བུ་གསོ་ཚགས་བྱས་ན་སྦྲང་རྩི་རྫོགས་མཐའ་མེད། དགུན་ཨ་རང་ད་རང་གི་གནམ་གཤིས་བསྟན་རུང་མང་ཚོགས་གི་ངོ་གདོང་ལས་འཕྱུར་བའི་སྤྲོ་སྣང་འགོག་ག་ལ་ཐུབ། ཉེ་ཆར། འཕྱོངས་རྒྱས་རྫོང་ལྷ་ཡུལ་ཤང་སྲིད་གཞུང་གི་ཐོག་བརྩེགས་བཞི་པའི་ཚོགས་ཁང་ནང་མང་ཚོགས་ཚོས་དགོད་སྒྲ་ལྷང་ལྷང་དུ་གྲགས་ཤིང་། རྫོང་དེའི་2023ལོའི་སྦྲང་ནོར་བུ་གསོ་ཚགས་ཐོན་ལས་རྣམ་གྲངས་ཀྱི་ཡོང་འབབ་བགོ་འགྲེམས་རྒྱག་པའི་མཛད་སྒོ་དེ་གར་འཚོགས་པ་རེད།

རྫོང་དེ་ཡོངས་ཀྱི་གྲོང་ཚོ(གྲོང་ལྷན)ཁག་ནས་ཡོང་བའི་ཞིང་འབྲོག་པའི་འཐུས་མིས་དུས་ཆེན་གྱི་གཟབ་མཆོར་ལེགས་པར་སྤྲས་ཤིང་། ཚང་མའི་ངོ་གདོང་ནས་དགའ་བའི་འཛུམ་མདངས་འཕྱུར།

(པར་ངོས་གསུམ་པར་གཟིགས) (པར་ངོས་དང་པོར་མཐུད) ཡོང་འབབ་མཐོ་ཤོས་གྲོང་ཚོ(གྲོང་ལྷན)རེར་བགོ་འགྲེམས་སྒོར་ཁྲི་9ལྷག་ཙམ་ཟིན་ཅིང་། ལྗི་ཏིག་ཏིག་གི་དངུལ་སྨར་ཆག་པ་དེ་དག་ནི་མང་ཚོགས་ཚོས་ལོ་གཅིག་རིང་དཀའ་སྤྱད་ངལ་རྩོལ་བྱས་པའི་གྲུབ་འབྲས་ཤིག་ཡིན་པ་མ་ཟད། གྲོང་གསེབ་ཀྱི་ཐོན་ལས་འཕེལ་རྒྱས་ལ་ཐོབ་པའི་ཕན་འབྲས་གསར་པ་ཞིག་ཀྱང་རེད།

འཕྱོངས་རྒྱས་རྫོང་གི་སྦྲང་ནོར་བུ་གསོ་ཚགས་ཐོན་ལས་ལ་གྲུབ་འབྲས་ཐོབ་པ་དེ་ནི་“སྲིད་གཞུང་གིས་ཁྲིད་སྟོན་དང་། ཁེ་ལས་ཀྱིས་གཉེར་སྐྱོང་། མང་ཚོགས་ཀྱིས་མཉམ་ཞུགས”བཅས་བྱས་པའི་ཕན་ཆེའི་བྱེད་སྟངས་ལས་བྱུང་བ་ཞིག་རེད། 2023ལོར་རྫོང་དེས་བོད་ལྗོངས་མཚན་མོ་དང་འགྲོགས་པའི་བུང་བའི་སྒྲ་རིག་གནས་ཡུལ་སྐོར་ཚད་ཡོད་ཀུང་སིའི་སྔོན་ཐོན་སྦྲང་ནོར་བུ་གསོ་ཚགས་ལག་རྩལ་དང་དོ་དམ་ཉམས་མྱོང་ནང་འདྲེན་དང་ཁྱབ་གདལ་བཏང་བ་བརྒྱུད། རྫོང་དེ་ཡོངས་ཀྱི་སྦྲང་ནོར་བུ་གསོ་ཚགས་གཞི་ཁྱོན་སྔར་བས་ཆེ་རུ་ཕྱིན་པ་མ་ཟད། སྦྲང་ནོར་བུ་གསོ་ཚགས་ཐོན་རྫས་ཀྱི་ཐོན་ཚད་དང་སྤུས་ཚད་ཀྱང་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད་ལ། མང་ཚོགས་ཀྱི་ཡོང་འབབ་ཀྱང་འབྲུབ་དུས་ཀྱི་ཆུ་བོ་ཇི་བཞིན་འཕེལ་ཐུབ་པ་བྱུང་བ་རེད།

ན་ནིང་འཕྱོངས་རྒྱས་རྫོང་ལྷ་ཡུལ་ཤང་ཆང་ཁྱིམ་གྲོང་ཚོ་དང་། སྦས་སྣ་གྲོང་ཚོ། བདེ་ཆེན་གྲོང་ཚོ་བཅས་དང་། ཤ་སོས་ཤང་ཤ་སོས་གྲོང་ཚོ། རྒྱལ་སྨན་ཤང་ཕྲེང་དཀར་གྲོང་ཚོ། སྤུན་གསུམ་གྲོང་ཚོ། བཀྲ་ཤིས་གྲོང་ཚོ་སོགས་གྲོང་ཚོ་8བརྒྱད་དུ་སྦྲང་ནོར་བུ་སྒམ་1000ཙམ་གློད་ཡོད་པར་སྦྲང་རྩི་སྤུས་དག་ཀྲོན་13.853ཐོན་སྐྱེད་བྱུང་ནས་ས་གནས་དེ་གའི་མང་ཚོགས་ལ་ཡོང་སྒོ་སྒོར་ཁྲི་42ཙམ་བྱུང་ཡོད་པ་རེད།

མཚན་མོ་དང་འགྲོགས་པའི་བུང་བའི་སྒྲ་རིག་གནས་ཡུལ་སྐོར་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་ཀྲང་ལེའང་ཕུའུ་ཡིས“འཕྱོངས་རྒྱས་ཀྱི་སྦྲང་ནོར་བུ་གསོ་ཚགས་རྣམ་གྲངས་ཐད་སྲོལ་རྒྱུན་གྱི་སྦྲང་གསོའི་རྣམ་པ་དང་མི་འདྲ་བའི་ཐོན་སྐྱེད་གཉེར་སྐྱོང་བྱེད་སྟངས་ཤིག་སྤྱད་ཡོད” “ང་ཚོས་ས་གནས་དེ་གའི་ཞིང་འབྲོག་མང་ཚོགས་དང་མཉམ་ལས་གཏིང་ཟབ་བྱས་པ་བརྒྱུད་ཞིང་ཁའི་ཉེ་འཁོར་དུ་སྦྲང་མ་གསོ་ཚགས་ར་བ་བཀོད་སྒྲིག་བྱས་ནས་ཞིང་ནང་རྩི་ཤིང་གི་མེ་ཏོག་སྙིང་རྡུལ་སོགས་སྤྱད་དེ་སྦྲང་ནོར་བུར་ཟས་རིགས་མཁོ་འདོན་བྱས་པ་དང་དུས་མཚུངས་སྦྲང་ནོར་བུས་ཀྱང་ཞིང་ལས་སྐྱེ་དངོས་ལ་ཟེའུ་འབྲུ་སྡེབ་སྦྱོར་བྱས་པས་སྦྲང་རྩིའི་ཐོན་འབབ་མང་དུ་ཕྱིན་པ་མ་ཟད། ཞིང་ལས་སྐྱེ་དངོས་ཀྱིས་ཟེའུ་འབྲུ་སྡེབ་སྦྱོར་བྱེད་ཚད་དང་འབྲས་བུ་ཐོགས་ཚད་ཀྱང་མཐོ་རུ་ཕྱིན་ཏེ་སྦྲང་རྩིའི་ཐོན་རྫས་དང་ཞིང་ཞོར་ཐོན་རྫས་གཉིས་ཁེ་ཡོང་བའི་ཕན་འབྲས་ཐོབ་ཡོད”ཅེས་ངོ་སྤྲོད་བྱས།

ངོ་གདོང་འཛུམ་མདངས་ཀྱིས་ཁེངས་པའི་དམངས་གཉེར་ཁེ་ལས་མཁས་ཅན་དེས་ད་དུང་སྦྲང་གསོའི་ཐོན་ལས་འཕེལ་རྒྱས་གཏོང་བར་སྲིད་གཞུང་གི་སྲིད་ཇུས་རྒྱབ་སྐྱོར་ལ་བརྟེན་དགོས་པ་མ་ཟད། སྲིད་གཞུང་དང་། ཁེ་ལས། ཞིང་འབྲོག་མང་ཚོགས་བཅས་ཕྱོགས་གསུམ་པོས་ཐུན་མོང་ཐོག་འབད་བརྩོན་བྱེད་དགོས་ཀྱི་ཡོད། ཕན་ཚུན་ཡིད་ཆེས་དང་། མཉམ་ལས་གཏིང་ཟབ། རྒྱུན་ཆད་མེད་པར་གསར་གཏོད་བཅས་བྱས་ཚེ་གཞི་ནས་སྦྲང་གསོའི་ཐོན་ལས་རྒྱུན་མཐུད་འཕེལ་རྒྱས་ཡོང་ཐུབ་པ་དང་ཞིང་འབྲོག་མང་ཚོགས་ལ་ཕན་པ་དང་བདེ་སྐྱིད་དེ་བས་མང་བ་ཐོབ་ཐུབ་ཅེས་ངོ་སྤྲོད་བྱས་ཡོད་པ་རེད།

ཤ་སོས་གྲོང་ཚོས་འདི་ལོའི་བགོས་འགྲེམས་ཡོང་འབབ་མཐོ་ཤོས་དེ་བླངས་ཡོད་ཅིང་། གྲོང་ཚོ་དེའི་ཀྲུའུ་རེན་བསོད་ནམས་ཆོས་འཕེལ་གྱིས“སྦྲང་ནོར་བུ་གསོ་ཚགས་བྱེད་པ་དེ་ནི་མི་མངོན་པའི་སྟོབས་ཤུགས་ཧ་ཅང་ཆེན་པོ་ལྡན་པའི་ཐོན་ལས་ཤིག་ཡིན་པས་ང་ཚོར་དངུལ་སྨར་འབབ་འཕར་གྱི་ཐབས་ལམ་གསར་པ་ཞིག་མཁོ་འདོན་བྱས་པ་མ་ཟད། ཁྲོམ་རར་སྤུས་ལེགས་ཀྱི་སྦྲང་རྩིའི་ཐོན་རྫས་ཀྱང་མཁོ་འདོན་བྱས་ཡོད། ངའི་རེ་བར་མང་ཚོགས་དེ་བས་མང་བས་སྦྲང་ནོར་བུ་གསོ་ཚགས་ཀྱི་ཐོན་ལས་འཕེལ་རྒྱས་ལ་དོ་ཁུར་དང་རྒྱབ་སྐྱོར་བྱས་ནས་ཞིང་འབྲོག་མང་ཚོགས་ཀྱི་འབབ་འཕར་ལ་གོ་སྐབས་དེ་བས་མང་བ་གཏོད་རྒྱུའི་རེ་བ་ཡོད་ཅེས་དགའ་སྤྲོའི་ངང་བཤད།

ལྷ་ཡུལ་ཤང་སྦས་སྣ་གྲོང་ཚོའི་ཧྲུའུ་ཅི་དང་པོ་གཡང་འཛོམས་ཀྱིས། ཐོག་མར། གྲོང་མི་མང་པོ་ཞིག་གིས་དོགས་འཆར་བྱེད་ཀྱི་འདུག། ལ་ལས་སྦྲང་ནོར་བུ་གསོ་ཚགས་བྱེད་མི་ཐུབ་པས་སྦྲང་རྩི་ཐོན་སྐྱེད་ཡོང་མ་ཐུབ་པའི་སེམས་ཁྲལ་བྱེད་པ་དང་། ཡང་ལ་ལས་ཡོང་འབབ་མི་རག་པའི་སེམས་ཁྲལ་བྱེད་ཀྱི་འདུག། ད་ཆ། དོན་དངོས་ལས་སྦྲང་ནོར་བུ་གསོ་ཚགས་བྱེད་པ་ནི་དངོས་དངོས་རྗེན་རྗེན་གྱི་ལྗང་མདོག་ཐོན་ལས་ཤིག་ཡིན་པ་ར་འཕྲོད་ཐུབ་ཡོད” “སྦྲང་ནོར་བུ་གསོ་ཚགས་བྱེད་པའི་ཐོན་ལས་ལ་ཕན་འབྲས་ཐོན་མགྱོགས་པ་དང་། དུས་འཁོར་ཐུང་བ། ཉེན་ཁ་ཆུང་བ་བཅས་ཡོད་པས་གོམ་སྟབས་རྗེས་མར་ང་ཚོས་འཕྱོངས་རྒྱས་རྫོང་གི་སྦྲང་གསོའི་ཚན་ཞིབ་རྟེན་གཞི་དེ་ང་ཚོའི་གྲོང་ཚོར་འཛུགས་རྒྱུའི་བརྩོན་ལེན་བྱ་རྒྱུ་ཡིན། སྐབས་དེ་དུས་ང་ཚོས་གྲོང་ཚོ་ཡོངས་ཀྱི་མང་ཚོགས་སྐུལ་སློང་བྱས་ཏེ་སྦྲང་གསོའི་ཐོན་ལས་གཞི་ཁྱོན་སྔར་བས་ཆེ་རུ་བཏང་ནས་གྲོང་གསེབ་ཀྱི་ཐོན་ལས་དར་རྒྱས་གཏོང་རྒྱུ་དེ་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་པ་བྱ་རརྩིས་ཡོད”ཅེས་བཤད།

རྩི་ཤིང་མེ་ཏོག་ཁྲ་ཚོམ་ཁྲོད། ལས་བརྩོན་བུང་བའི་སྐད་སྒྲས་ཁེངས། སྦྲང་རྩིའི་ཐོན་ལས་དར་འཕེལ་ལས། ཞིང་པའི་ཡོང་འབབ་སླར་ཡང་འཕར། སླད་ཕྱིན་འཕྱོངས་རྒྱས་རྫོང་གིས་ཞིང་འབྲོག་ལས་ཐོན་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་སྟེ་ཐབས་ལམ་སྣ་ཚོགས་བརྒྱུད་ཞིང་འབྲོག་མང་ཚོགས་ལ་གསོ་ཚགས་ཆེད་ལས་གསོ་སྦྱོང་དང་ལག་རྩལ་མཛུབ་ཁྲིད་དེ་བས་མང་བ་མཁོ་འདོན་བྱས་ཏེ། ཞིང་འབྲོག་མང་ཚོགས་དེ་བས་མང་བས་འབབ་འཕར་ཕྱུག་འགྱུར་གྱི་ཡངས་ཤིང་རྒྱ་ཆེ་བའི་འགྲོ་ལམ་ཐོག་བསྐྱོད་རྒྱུར་རོགས་རམ་བྱ་རྒྱུ་ཡིན་པ་རེད།

འདི་ནི་ཁེ་འབབ་རག་པའི་མང་ཚོགས་ཚོའི་དགའ་སྤྲོའི་འཛུམ་མདངས་ཡིན་པ།

3 上一篇 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:综合新闻
   第03版:综合新闻
   第04版:专版
《དཔྱིད་གསར་དུས་ཆེན་སྔ་རྗེས་ཀྱི་དྲོད་ཚད་དམའ་བ་དང་གངས་འཁྱགས་ཀྱི་གནོད་འཚེ་འགོག་ཟོན་དང་དེར་ཁ་གཏད་གཅོག་པའི་ལས་དོན་ཡག་པོ་བསྒྲུབ་དགོས་པའི་སྐོར་གྱི་བརྡ་ཐོ》བཀྲམ་པ།
གྲོང་ཁྱེར་ཡོངས་ཀྱི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་ཕྱོགས་ས@
ཞུས་ཁྲེང་ཚང་གིས་གྲོང་ཨུད་རྒྱུན་ཨུའི་རྒྱ་ཆེའི་ཚོགས་འདུ་སྐོང་འཚོགས་གནང་བ།
ལས་ལ་བརྩོན་པའི“སྦྲང་ནོར་བུས” བདེ་སྐྱིད་འཚོ་བའི་“སྦྲང་རྩི་”སྦྱིན།