第01版:头版 4下一版
 
版面导航

第01版
头版

第02版
综合新闻

第03版
综合新闻
 
标题导航
《དཔྱིད་གསར་དུས་ཆེན་སྔ་རྗེས་ཀྱི་དྲོད་ཚད་དམའ་བ་དང་གངས་འཁྱགས་ཀྱི་གནོད་འཚེ་འགོག་ཟོན་དང་དེར་ཁ་གཏད་གཅོག་པའི་ལས་དོན་ཡག་པོ་བསྒྲུབ་དགོས་པའི་སྐོར་གྱི་བརྡ་ཐོ》བཀྲམ་པ།
གྲོང་ཁྱེར་ཡོངས་ཀྱི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་ཕྱོགས་ས@
ཞུས་ཁྲེང་ཚང་གིས་གྲོང་ཨུད་རྒྱུན་ཨུའི་རྒྱ་ཆེའི་ཚོགས་འདུ་སྐོང་འཚོགས་གནང་བ།
ལས་ལ་བརྩོན་པའི“སྦྲང་ནོར་བུས” བདེ་སྐྱིད་འཚོ་བའི་“སྦྲང་རྩི་”སྦྱིན།
| 山南网首页 |
2024年2月9日 星期
下一篇 4 放大 缩小 默认
ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས།
《དཔྱིད་གསར་དུས་ཆེན་སྔ་རྗེས་ཀྱི་དྲོད་ཚད་དམའ་བ་དང་གངས་འཁྱགས་ཀྱི་གནོད་འཚེ་འགོག་ཟོན་དང་དེར་ཁ་གཏད་གཅོག་པའི་ལས་དོན་ཡག་པོ་བསྒྲུབ་དགོས་པའི་སྐོར་གྱི་བརྡ་ཐོ》བཀྲམ་པ།
 

མི་དམངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་ལྟར། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《དཔྱིད་གསར་དུས་ཆེན་སྔ་རྗེས་ཀྱི་དྲོད་ཚད་དམའ་བ་དང་གངས་འཁྱགས་ཀྱི་གནོད་འཚེ་འགོག་ཟོན་དང་དེར་ཁ་གཏད་གཅོག་པའི་ལས་དོན་ཡག་པོ་བསྒྲུབ་དགོས་པའི་སྐོར་གྱི་བརྡ་ཐོ》བཀྲམ་པ་རེད། ནང་དོན་གཙོ་བོ་གཤམ་གསལ།

གནམ་གཤིས་སྡེ་ཚན་གྱིས་སྔོན་དཔག་བྱས་པར་གཞིགས་ན། ཉེ་དུས་རང་རྒྱལ་གྱི་དབུས་ཤར་རྒྱུད་ཀྱི་ས་ཁུལ་དུ་གཞི་ཁྱོན་ཆེ་བའི་དྲོད་ཚད་དམའ་བ་དང་གངས་འཁྱགས་ཀྱི་གནམ་གཤིས་བསྟན་རྒྱུ་དང་། ས་ཁུལ་ཁག་གཅིག་ཏུ་རིམ་རྩིས་བརྒྱབ་ན་གངས་བབས་ཚད་ལོ་རྒྱུས་ཀྱི་དུས་མཚུངས་དང་འདྲ་བའམ་ཡང་ན་དེ་ལས་བརྒལ་རྒྱུ་རེད། གངས་དང་ཆར་པ་བབས་ཁྱོན་ཆེ་བ་དང་། རྒྱུན་མཐུད་ཡུན་རིང་བ། གངས་འཁྱགས་ཀྱི་གནོད་འཚེའི་ཉེན་ཁ་ཆེ་བ་བཅས་ཡོད། དེའི་རིང་དཔྱིད་གསར་དུས་ཆེན་གྱི་མི་སྣ་འགྲོ་འོང་བྱེད་མང་བའི་སྐབས་དང་ཏག་ཏག་འཁེལ་བས་འགྲིམ་འགྲུལ་སྐྱེལ་འདྲེན་དང་། གློག་ཤུགས་མཁོ་འདོན། མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བ་སོགས་ལ་ཤུགས་རྐྱེན་ངན་པ་བཟོ་རིགས་ལ་ངེས་པར་དུ་ཚད་མཐོའི་མཐོང་ཆེན་བྱེད་དགོས། དཔྱིད་གསར་དུས་ཆེན་སྔ་རྗེས་ཀྱི་དྲོད་ཚད་དམའ་བ་དང་གངས་འཁྱགས་ཀྱི་གནོད་འཚེ་འགོག་ཟོན་དང་དེར་ཁ་གཏད་གཅོག་པའི་ལས་དོན་ནུས་ལྡན་ངང་ཡག་པོ་སྒྲུབ་ཆེད། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མོས་མཐུན་ཐོབ་པ་བརྒྱུད་ད་ལྟ་འབྲེལ་ཡོད་དོན་ཚན་བརྡ་ཐོ་གཏོང་རྒྱུ་གཤམ་གསལ།

གཅིག ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་ཏན་ཏིག་གཏོང་དགོས་ཤིང་། ས་གནས་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་གནོད་འཚེ་སྔོན་འགོག་དང་། ཉུང་གཏོང་། གེགས་སེལ་བཅས་དང་། (པར་ངོས་གཉིས་པར་གཟིགས) (པར་ངོས་དང་པོར་མཐུད)དྲོད་ཚད་དམའ་བ་དང་གངས་འཁྱགས་ཀྱི་གནོད་འཚེ་འགོག་ཟོན་དང་དེར་ཁ་གཏད་གཅོག་པའི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་། མི་དམངས་དང་ཚེ་སྲོག་གོང་དུ་བཀུར་བ་མཐའ་འཁྱོངས་ཀྱིས་གཞི་ཁྱོན་ཆེ་བའི་དྲོད་ཚད་དམའ་བ་དང་གངས་འཁྱགས་ཀྱི་གནོད་འཚེ་དང་འབྲེལ་བའི་ལས་རིགས་སྡེ་ཚན་མང་བ་དང་། ཞོར་ཐོན་གནོད་འཚེ་ཐོན་མང་བ། དཔལ་འབྱོར་དང་སྤྱི་ཚོགས་ལ་ཤུགས་རྐྱེན་ཆེ་བ་སོགས་ཀྱི་ཁྱད་ཆོས་ཤེས་རྟོགས་གང་ལེགས་བྱས་ཏེ་མཐའ་ཚད་དང་མཐར་ཟད་ཀྱི་བསམ་གཞིག་ཡག་པོ་བྱས་ཏེ་ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་གཏོང་བ་དང་། འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་འཆར་འགོད་བྱེད་པ། ལྷོད་གཡེང་གི་བསམ་བློ་དང་སྟེས་དབང་གི་བསམ་བློ་ཁྱད་བསད་མཐའ་གཅིག་ཏུ་བྱེད་པ། ལྷུ་ཚིགས་ཁག་གི་ལས་ཀའི་འགན་འཁྲི་རིམ་པ་བཞིན་ནན་དུ་གཏོང་བ་བཅས་བྱས་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་དང་སྤྱི་ཚོགས་སྤྱི་ཡོངས་བརྟན་ལྷིང་ཡོང་བར་ནུས་ཤུགས་ཡོད་རྒུས་འགན་ལེན་བྱེད་པ་དང་མི་དམངས་མང་ཚོགས་རྣམས་དགའ་སྤྲོ་དང་འཆམ་མཐུན་གྱི་དུས་ཆེན་ཞིག་གཏོང་ཐུབ་པའི་འགན་ལེན་བྱེད་དགོས།

གཉིས། ལྟ་ཞིབ་ཚད་ལེན་དང་ཉེན་བརྡ་གཏོང་བ་དང་མཉམ་དུ་ཞིབ་འཇུག་དང་བརྡར་ཤ་གཅོད་ཤུགས་ཆེ་རུ་གཏོང་དགོས་ཤིང་། གནམ་གཤིས་འགྱུར་ལྡོག་ལ་དོ་ཁུར་ཆེན་པོ་བྱས་ནས་རིམ་ཁག་གནམ་གཤིས་སྡེ་ཚན་གྱིས་ཁ་བ་བུ་ཡུག་འཚུབ་པ་དང་དྲོད་ཚད་ཤུགས་ཆེན་ཆག་པའི་གནམ་གཤིས་བརྒྱུད་རིམ་ལ་ལྟ་ཞིབ་ཚད་ལེན་དང་ཞིབ་འཇུག་བརྡར་ཤ་གཅོད་ཤུགས་ཆེ་རུ་གཏོང་བ་དང་གནས་སྐབས་ཀྱི་སྔོན་བརྡ་དང་ཉེན་བརྡ་འཕྲལ་དུ་གཏོང་ཤུགས་ཆེ་རུ་བཏང་ནས་དུས་ཐོག་དང་གནད་ལ་འཁེལ་བའི་གནམ་གཤིས་ཀྱི་ཞབས་འདེགས་ཞུ་དགོས། སྡེ་ཚན་ཁག་དང་མཉམ་འབྲེལ་གྱིས་ལྟ་ཞིབ་ཚད་ལེན་དང་ཉེན་བརྡ་གཏོང་བ་དང་གྲོས་མོལ་དང་ཞིབ་འཇུག་བརྡར་ཤ་གཅོད་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། ཉེན་བརྡའི་རང་བཞིན་དང་ཐོན་མ་ཐག་པའི་ཆ་འཕྲིན་འཚོལ་བསྡུ་དབྱེ་ཞིབ་དུས་ཐོག་ཏུ་བྱེད་པ། དམིགས་སའི་རང་བཞིན་གྱི་འགོག་ཟོན་བྱ་ཐབས་ཞིབ་འཇུག་གཏན་འབེབས་བཅས་བྱེད་དགོས། ཉེན་བརྡ་དང་ལེན་གྱི་མཉམ་འགུལ་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་རླུང་འཕྲིན་དང་། བརྙན་འཕྲིན། དྲ་སྦྲེལ་སོགས་སྨྱན་སྦྱོར་སྣ་ཚོགས་གང་ལེགས་སྤྱད་དེ་ཐབས་ལམ་མང་བ་དང་། ཁྱབ་རྒྱ་ཆེ་བ། ཐེངས་གྲངས་མང་བ་བཅས་ཀྱི་སྒོ་ནས་སྔོན་བརྡ་ཉེན་བརྡ་དང་གེགས་འགོག་གེགས་གཡོལ་གྱི་ཆ་འཕྲིན་ཁྱབ་བསྒྲགས་བྱེད་པ་དང་། འཕྲལ་སྡོམ་དང་ལེན་དང་སྤོ་སྒྱུར་ཉེན་གཡོལ་སོགས་བྱ་ཐབས་གལ་ཆེན་ལ་རྗེས་འདེད་ཚུར་ལན་དང་ཞིབ་དཔྱད་བྱེད་ཤུགས་ཆེ་རུ་བཏང་སྟེ་བརྒྱུད་རིམ་ཧྲིལ་པོར་བཀག་སྡོམ་དོ་དམ་ཐུབ་པར་བྱེད་དགོས།

གསུམ། གནོད་འཚེ་འགོག་ཟོན་དང་དེར་ཁ་གཏད་གཅོག་པའི་ལས་དོན་ཏན་ཏིག་ངང་སྒྲུབ་དགོས་ཤིང་། ས་གནས་རིམ་ཁག་ཏང་ཨུད་དང་སྲིད་གཞུང་དང་དེ་བཞིན་འབྲེལ་ཡོད་སྡེ་ཚན་གྱིས་རང་འགུལ་ངང་མདུན་ཕྱོགས་སུ་བསྐྱོད་དེ་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། སྤྱི་འདོམས་མཐུན་སྦྱོར་གྱི་ནུས་པ་གང་ལེགས་འདོན་པ། སྔོན་ཇུས་སྔར་བས་ཞིབ་ཕྲ་བཟོ་བ། ཉེན་ཁའི་མངོན་མེད་རྐྱེན་ངན་གྲལ་བཤེར་གཏིང་ཟབ་བྱེད་པ། གངས་དང་། འཁྱགས་པ། གནོད་འཚེ་བཅས་སྔོན་འགོག་གི་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་བ་བཅས་བྱེད་དགོས། ཐོན་སྲིད་པའི་དམིགས་བསལ་གྱི་གནས་ཚུལ་སྣ་ཚོགས་ལ་གཞི་ཚུགས་ནས་བདེ་འཇགས་དང་། སྐྱེལ་འདྲེན། དམངས་འཚོ་བཅས་འགན་ལེན་བྱེད་པ་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་སྟེ་འགན་འཁྲི་དོན་འཁྱོལ་དང་། མི་སྣ་དང་། དངོས་ཟོག བྱ་ཐབས་བཅས་དམིགས་སར་འབྱོར་ཐུབ་པ་བྱེད་དགོས། འཕྲལ་སྡོམ་ནང་སྦྱོང་ལ་ཤུགས་སྣོན་བརྒྱབ་ནས་འཁྱགས་པ་དང་གངས་བཞུར་རྫས་དང་འདྲེད་འགོག་ཡོ་ཆས་སོགས་ཉེན་འགོག་དངོས་ཟོག་དང་སྲིང་བལ་གྱི་གྱོན་གོས་དང་ཉལ་ཆས་སོགས་གེགས་སེལ་དངོས་རྫས་གྲ་སྒྲིག་ཡག་པོ་བྱས་ཏེ་ཉེན་འགོག་རོགས་སྐྱོབ་དང་གེགས་སེལ་བྱེད་ནུས་ཆེ་རུ་གཏོང་དགོས། ཐོལ་བྱུང་གི་ཉེན་ཁའི་གནས་ཚུལ་ལ་ཁ་གཏད་གཅོག་པ་དང་ཐག་གཅོད་བྱེད་པའི་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབས་ནས།འབྲེལ་ཡོད་ཕྱོགས་ཀྱིས་དུས་ཐོག་ནུས་ལྡན་དང་གོ་རིམ་ལྡན་པའི་ངང་འཕྲལ་སྡོམ་ཉེན་སེལ་དང་རྒུད་སྐྱོབ་ཀྱིས་འཕྲལ་མར་གེགས་སེལ་དངུལ་དང་དངོས་པོ་གཏོང་སྤྲོད་དང་གེགས་སེལ་རོགས་སྐྱོབ་ཀྱི་ལས་དོན་སྤེལ་ཏེ་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་གྱོང་གུན་བཟོ་སྲིད་པ་ཉུང་དུ་གཏོང་ཐུབ་པར་བྱས་ཏེ་གནོད་འཚེ་ཕོག་པའི་མང་ཚོགས་ལ་ལྟོ་ཆས་བཟའ་རྒྱུ་ཡོད་པ་དང་། གོས་གྱོན་རྒྱུ་ཡོད་པ། དྭངས་གཙང་ཆུ་འཐུང་རྒྱུ་ཡོད་པ། བདེ་འཇགས་དང་དྲོ་སྐྱིད་ལྡན་པའི་སྡོད་གནས་ཡོད་པ། ནད་གཞི་ཕོག་ཚེ་དུས་ཐོག་ཏུ་སྨན་བཅོས་ཐུབ་པའི་འགན་ལེན་བཅས་བྱས་ནས་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བ་འགན་སྲུང་ཡག་པོ་བྱེད་དགོས།

བཞི། འགྲིམ་འགྲུལ་སྐྱེལ་འདྲེན་བདེ་འཇགས་དང་ཤར་བགྲོད་ཐུབ་པའི་འགན་ལེན་བྱེད་དགོས་ཤིང་། འགྲིམ་འགྲུལ་སྐྱེལ་འདྲེན་དང་། འཕེལ་རྒྱས་སྒྱུར་བཅོས། ལྕགས་ལམ། དམངས་སྤྱོད་མཁའ་འགྲུལ་སོགས་སྡེ་ཚན་དང་ཚན་པས་གནོད་འཚེའི་རང་བཞིན་གྱི་གནམ་གཤིས་ལ་ཁ་གཏད་གཅོག་ཐབས་དོན་འཁྱོལ་ཞིབ་ཚགས་བྱས་ནས། སྐྱེལ་འདྲེན་ནུས་པ་སྤྱི་འདོམས་བཀོད་སྒྲིག་བྱེད་པ་དང་། མི་མངོན་པའི་སྟོབས་ཤུགས་སྔོག་འདོན་དང་ཕན་འབྲས་ཆེ་རུ་བཏང་སྟེ་འགྲིམ་འགྲུལ་ལམ་དྲ་ཤར་གཏོང་ཐུབ་པའི་འགན་ལེན་བྱེད་དགོས། ལྷག་དོན་དུ་དཔྱིད་གསར་སྐྱེལ་འདྲེན་བྱེད་མང་དུས་ལ་དམིགས་ནས་བཀོད་གཏོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྐྱེལ་འདྲེན་ཡོ་བྱད་དང་མི་སྣ་དུས་ཐོག་ཏུ་བཀོད་སྒྲིག་བྱེད་པ། དུས་གཏན་གནམ་གྲུ་དང་མེ་འཁོར་ཐེངས་གྲངས་ལེགས་སྒྲིག་ཆ་འཕྲིན་དུས་ཐོག་ཏུ་ཡོངས་བསྒྲགས་བྱེད་པ། འགྲུལ་པ་ལུགས་མཐུན་ངང་ཕྱིར་སྐྱོད་དང་གོ་རིམ་ལྡན་པའི་ངང་འཁོར་སྐྱོད་ཐུབ་རྒྱུར་ཁྲིད་སྟོན་བཅས་བྱས་ཏེ་གངས་འཁྱགས་ཀྱི་གནོད་འཚེ་ལས་བྱུང་བའི་ཤུགས་རྐྱེན་དམའ་ཤོས་སུ་གཏོང་དགོས། འགྲིམ་འགྲུལ་སྐྱེལ་འདྲེན་དང་སྤྱི་བདེ་སོགས་སྡེ་ཚན་གྱིས་དུས་ཐོག་ཏུ་གངས་འཁྱགས་གཙང་སེལ་བྱས་ནས་འགྲིམ་འགྲུལ་འགྲོ་ལམ་གྱི་གནས་ཚུལ་ལ་སྐོར་ཞིབ་བྱེད་རྒྱུར་ཤུགས་སྣོན་རྒྱག་དགོས། ལྕགས་ལམ་སྡེ་ཚན་གྱིས་གངས་ཆར་འབབ་པའི་གནམ་གཤིས་ཀྱི་རྒྱུ་རྐྱེན་ལ་བསམ་གཞིག་གང་ལེགས་བྱས་ནས་སྐྱེལ་འདྲེན་ནུས་པ་བཀོད་སྒྲིག་བྱེད་ཤུགས་ཆེ་རུ་བཏང་སྟེ་འགྲུལ་པ་དང་དེ་བཞིན་གློག་དང་རྡོ་སོལ་སོགས་དངོས་ཟོག་གལ་ཆེན་སྐྱེལ་འདྲེན་ཐུབ་པའི་འགན་ལེན་བྱེད་དགོས།

ལྔ། ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་རྒྱུན་གཏན་ངང་འཁོར་སྐྱོད་ཐུབ་པ་བྱེད་དགོས་ཤིང་། རྡོ་སོལ་དང་། གློག སྣུམ། རླངས་བཅས་མཁོ་སྤྲོད་བྱེད་ཤུགས་ཆེ་རུ་བཏང་ནས། རྐང་འཛིན་གློག་དྲ་དང་། འཕྲིན་གཏོང་དྲ་བ། སྣུམ་རླངས་ཆུ་དྲོད་སོགས་ཀྱི་སྒྲིག་བཀོད་ལ་བདེ་འཇགས་ཞིབ་བཤེར་བྱེད་པ་དང་། ཉེན་སེལ་རོགས་སྐྱོབ་ཀྱི་གྲ་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ། ནུས་རྒྱུ་དང་། འཕྲིན་གཏོང་། དྲོད་སྲུང་བཅས་མཁོ་སྤྲོད་འགན་ལེན་ཡག་པོ་བྱེད་དགོས། ཐོན་སྐྱེད་གཉེར་སྐྱོང་ཚན་པ་དང་འབྲེལ་ཡོད་འགན་འཁུར་བས་བྱེད་པོའི་འགན་འཁྲི་ལག་བསྟར་ནན་པོ་བྱས་ནས་དྲོད་ཚད་དམའ་བ་དང་གངས་འཁྱགས་ཀྱི་གནོད་འཚེ་འགོག་ཟོན་དང་དེར་ཁ་གཏད་གཅོག་པའི་ལས་དོན་གྱི་བྱ་ཐབས་དོན་འཁྱོལ་ཞིབ་ཚགས་བྱེད་དགོས། ཞིང་ལས་གཉེར་སྐྱོང་བྱེད་པོས་ཞིང་ནགས་སྐྱེ་དངོས་དང་ཕྱུགས་ཟོག་གི་གྲང་འགོག་འཁྱགས་འགོག་དང་འཁྱགས་རྗེས་རོགས་སྐྱོབ་ལས་དོན་ཡག་པོ་བསྒྲུབ་རྒྱུར་མཛུབ་ཁྲིད་བྱས་ནས། གནོད་འཚེ་ཕོག་པའི་སྔོ་ཚལ་གྱི་དྲོད་ཁང་ཆེ་མོ་དང་བྱ་ཚང་བ་ཚང་སོགས་ཀྱི་ཐོན་སྐྱེད་སྒྲིག་བཀོད་གང་མགྱོགས་སླར་གསོ་བྱས་ཏེ་སྔོ་ཚལ་དང་ཞིང་ཞོར་ཐོན་རྫས་སོས་པ་མཁོ་སྤྲོད་འགན་ལེན་བྱེད་དགོས། གཙོ་གནད་ལས་གྲྭའི་དགུན་དུས་འཛུགས་སྐྲུན་གྱི་བདེ་འཇགས་ཐོན་སྐྱེད་དོ་དམ་མངོན་གསལ་དོད་པོ་ཡོང་བར་བྱས་ནས། ལས་ཡུལ་དུ་མངོན་མེད་རྐྱེན་ངན་གྲལ་བཤེར་ལ་ལྟ་སྐུལ་མཛུབ་ཁྲིད་བྱས་ཏེ་དྲོད་ཚད་དམའ་བ་དང་གངས་འཁྱགས་ཀྱི་གནོད་འཚེའི་ལས་འཛོལ་མི་ཐོན་སྔོན་འགོག་ནན་པོ་བྱེད་དགོས། དམངས་འཚོའི་ཚོང་ཟོག་གལ་ཆེན་གྱི་ཐོན་ཚོང་མཁོ་སྤྲོད་འགན་ལེན་བྱེད་ཤུགས་ཆེ་རུ་བཏང་ནས། བཟའ་བཏུང་ཞག་སྡོད་དང་། མཛེས་ལྗོངས་ཁུལ་གྱི་སྒོ་འཛིན། རྒྱུན་གཏན་འཚོ་བའི་མཁོ་ཆས་སོགས་དམངས་འཚོའི་ཁྱབ་ཁོངས་གཙོ་བོའི་རིན་གོང་ལ་ལྟ་འདོམས་བྱེད་ཤུགས་ཆེ་རུ་བཏང་སྟེ་མཁོ་སྤྲོད་འགན་ལེན་དང་རིན་གོང་བརྟན་པོ་ཡོང་བའི་ལས་དོན་ཡག་པོ་བསྒྲུབ་དགོས།

དྲུག བདེ་འཇགས་ཐོན་སྐྱེད་ལ་དམ་འཛིན་ཏན་ཏིག་དང་ཞིབ་ཚགས་བྱེད་དགོས་ཤིང་། “རྟག་ཏུ་སེམས་ཁྲལ་བྱེད་པའི”འགན་འཁྲི་འཁུར་སེམས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་ཀྱིས་བདེ་འཇགས་ཐོན་སྐྱེད་ཀྱི་རྩ་བཅོས་འགག་སྒྲོལ་བྱ་སྤྱོད་ལ་སྐུལ་འདེད་ཏན་ཏིག་བཏང་ནས། ཉེན་ཁ་ཆེ་བའི་རྫས་འགྱུར་དངོས་རྫས་དང་། དམངས་སྤྱོད་འབར་རྫས། ཤོག་སྦག བཟོ་སྐྲུན་ཨར་སྐྲུན། དམིགས་བསལ་སྒྲིག་ཆས། ཡུལ་སྐོར་མཛེས་ལྗོངས་ཁུལ་སོགས་གཙོ་གནད་ལས་རིགས་ཁྱབ་ཁོངས་ཀྱི་བདེ་འཇགས་དོ་དམ་དང་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་དགོས། གཏེར་རིའི་བདེ་འཇགས་ཀྱི་བྱ་ཐབས་ནན་པོ་བརྒྱད་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ནས“ཁང་ཆུང་དགུ”དང་། ལས་སྒོ་མང་པོ་མཉམ་བསྲེས་གཉེར་སྐྱོང་བྱ་ཡུལ། འབར་གས་སླ་བའི་ཁུལ། མི་སྣ་འདུ་འཛོམས་ཆེ་ཁུལ་སོགས་གཙོ་གནད་ས་ཁོངས་ཀྱི་བདེ་འཇགས་འགོག་ཟོན་བྱ་ཐབས་དོན་འཁྱོལ་ནན་པོ་བྱེད་པ་དང་། གཞི་རིམ་གྱི་མེ་ཟོན་བདེ་འཇགས་ཀྱི་ལྟ་འདོམས་འགན་འཁྲི་དོན་འཁྱོལ་ཏན་ཏིག་བྱེད་པ། བདེ་འཇགས་ཐོན་སྐྱེད་ཀྱི་ཉེན་ཁ་དང་མངོན་མེད་རྐྱེན་ངན་གྲལ་བཤེར་བཅོས་སྒྲིག་ལ་དམ་འཛིན་བཅས་བྱས་ཏེ་ལས་འཛོལ་ཚབས་ཆེན་དང་ཆེས་ཚབས་ཆེན་མི་ཐོན་སྔོན་འགོག་མཐའ་གཅིག་ཏུ་བྱེད་དགོས།

བདུན། ལས་རེས་དང་ཆ་འཕྲིན་སྐྱེལ་སྤྲོད་ལ་ཤུགས་སྣོན་རྒྱག་དགོས་ཤིང་། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་འགོ་ཁྲིད་ལས་བྱེད་པས་ལས་གནས་ཐོག་སྣེ་ཁྲིད་བྱེད་པ་དང་ཆུ་ཚོད་24ཡི་རིང་ཆེད་བསྐོས་མི་སྣས་ལས་རེས་བྱེད་པ་སོགས་ཀྱི་ལམ་ལུགས་དང་གཏན་འབེབས་ལག་ལེན་ནན་པོ་བསྟར་ནས། འཐབ་ས་དང་པོའི་ལས་རེས་སྟོབས་ཤུགས་ལ་ཤུགས་སྣོན་རྒྱག་པ་དང་། འཕྲལ་སྡོམ་གྲ་སྒྲིག་བྱ་ཐབས་ཁག་དོན་འཁྱོལ་ཞིབ་ཚགས་བྱས་ཏེ་འཕྲལ་མར་དང་ལེན་ཞུ་བ་དང་མགྱོགས་མྱུར་ཐག་གཅོད་ནུས་ལྡན་ཐུབ་པའི་འགན་ལེན་བྱེད་དགོས།

下一篇 4 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:综合新闻
   第03版:综合新闻
   第04版:专版
《དཔྱིད་གསར་དུས་ཆེན་སྔ་རྗེས་ཀྱི་དྲོད་ཚད་དམའ་བ་དང་གངས་འཁྱགས་ཀྱི་གནོད་འཚེ་འགོག་ཟོན་དང་དེར་ཁ་གཏད་གཅོག་པའི་ལས་དོན་ཡག་པོ་བསྒྲུབ་དགོས་པའི་སྐོར་གྱི་བརྡ་ཐོ》བཀྲམ་པ།
གྲོང་ཁྱེར་ཡོངས་ཀྱི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་ཕྱོགས་ས@
ཞུས་ཁྲེང་ཚང་གིས་གྲོང་ཨུད་རྒྱུན་ཨུའི་རྒྱ་ཆེའི་ཚོགས་འདུ་སྐོང་འཚོགས་གནང་བ།
ལས་ལ་བརྩོན་པའི“སྦྲང་ནོར་བུས” བདེ་སྐྱིད་འཚོ་བའི་“སྦྲང་རྩི་”སྦྱིན།