འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ།ཉེ་དུས། ངེད་གྲོང་ཁྱེར་གྱིས་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་2024ལོའི་ཚང་འཛོམས་ཚོགས་འདུ་ཐེངས་དང་པོ་སྐོང་ཚོགས་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉེ་དུས་གནང་བའི་གསུང་བཤད་གལ་ཆེན་དང་། མཛུབ་སྟོན་གལ་ཆེན་གྱི་དགོངས་དོན། དེ་བཞིན་ཀྲུང་དབྱང་སྲིད་ཁྲིམས་ལས་དོན་ཚོགས་འདུའི་དགོངས་དོན་བཅས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། བསམ་འཆར་ལག་བསྟར་དོན་འཁྱོལ་བྱ་རྒྱུར་ཞིབ་འཇུག་བྱས་པ། གྲོང་ཁྱེར་ཡོངས་ཀྱི་སྲིད་ཁྲིམས་ཁོངས་གཏོགས་ཀྱི་ཚན་པ་ཁག་གི་འགན་འཁུར་བློ་མཐུན་གཙོ་བོའི་ལས་སྒྲུབ་སྙན་ཞུ་གསན་པ་དང་འབྲེལ་གོམ་སྟབས་རྗེས་མའི་ལས་དོན་ལ་བཀོད་སྒྲིག་བྱས་པ་རེད།
གྲོང་ཨུད་རྒྱུན་ཨུ། སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི། སྤྱི་བདེ་ཅུས་ཏང་ཨུད་ཧྲུའུ་ཅི་བཅས་ཡིན་པའི་བཀྲ་ཤིས་ཕུན་ཚོགས་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད། གྲོང་སྤྱི་གཞོན་པ། སྤྱི་བདེ་ཅུས་ཀྱི་ཅུས་ཀྲང་ལིའུ་ཙུང་ཁྲང་དང་། གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་སྒྲོལ་མ་གཡང་འཛོམས། གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་ཀྲང་ལིའུ་ཧྥ་ལིན་བཅས་ཚོགས་འདུར་ཕེབས་ཡོད་པ་རེད།
བཀྲ་ཤིས་ཕུན་ཚོགས་ཀྱིས་ནན་བཤད་གནང་དོན། ཏང་གིས་འགོ་ཁྲིད་གཙང་བཙན་གནང་རྒྱུར་གཡོ་འགུལ་མི་གཏོང་རྒྱུ་མཐའ་འཁྱོངས་བྱས་ནས་ཏང་ལ་བློ་དཀར་སེམས་དཀར་བྱེད་པའི་ཆབ་སྲིད་ཀྱི་རྨང་གཞི་བརྟན་པོ་བཙུགས་ཏེ་ཏང་གི་གསར་གཏོད་རིགས་གཞུང་ལ་གོ་བ་གཏིང་ཟབ་ལེན་པ་དང་། ཆབ་སྲིད་ལག་བསྟར་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། རྒྱལ་ཁབ་ཀྱི་ཆབ་སྲིད་བདེ་འཇགས་དང་སྤྱི་ཚོགས་འཆམ་མཐུན་དང་བརྟན་ལྷིང་ཡོང་བར་འགན་ལེན་མཐའ་གཅིག་ཏུ་བྱེད་པ། འགལ་ཟླ་དང་རྩོད་གཞི་སྣ་མང་སེལ་བ། མཐའ་སྲུང་དང་བརྟན་འགོག་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་དྲ་རྒྱ་བདེ་འཇགས་ཡོང་བའི་འགན་ལེན་བྱ་དགོས། ཁྲིམས་འཛིན་ནན་པོ་དང་དྲང་གཞག་ཁྲིམས་འཛིན་མཐའ་འཁྱོངས་བྱས་ཏེ་ཆུ་ཚད་མཐོ་བའི་ཁྲིམས་སྐྱོང་གིས་དཔལ་འབྱོར་སྤུས་མཐོའི་འཕེལ་རྒྱས་འགྲོ་རྒྱུར་སྲུང་སྐྱོང་བྱེད་དགོས་པ། ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ། གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བའི་ཆུ་ཚད་མཐོ་རུ་གཏོང་བ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་དང་ཉེན་རྟོག་བཅོས་སྐྱོང་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁུར་ཕོད་པ་བཅས་ཀྱི་སྲིད་ཁྲིམས་ཀྱི་སྲ་ཞིང་བརྟན་པའི་དཔུང་ཁག་ཅིག་མུ་མཐུད་སྐྱེད་སྲིང་བྱས་ནས་སྲིད་ཁྲིམས་ལས་དོན་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་བཏང་སྟེ་གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ཡུན་རིང་བདེ་འཁོད་དང་སྤུས་མཐོའི་གོང་་འཕེལ་ལ་ཞབས་ཞུ་དང་འགན་ལེན་བྱ་ཆེད་སྲིད་ཁྲིམས་ཀྱི་སྟོབས་ཤུགས་སྐྱེས་སུ་འབུལ་དགོས།
ཡེ་ཤེས་བཟང་མོས་བསྒྱུར། བསོད་བདེས་ཞུས།