第02版:综合新闻 上一版3  4下一版
 
版面导航

第01版
头版

第02版
综合新闻

第03版
综合新闻
 
标题导航
གྲོང་ཁྱེར་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས (རྒྱ་ཆེ)ཚོགས་འདུ་འཚོགས་པ།
ངེད་གྲོང་ཁྱེར་གྱིས་2024ལོའི་དམངས་གཉེར་ ཁེ་ལས་མཁས་ཅན་གྱི་བཞུགས་མོལ་འཚོགས་པ།
གྲོང་ཁྱེར་འགོ་ཁྲིད་ཀྱིས་ཏང་ཡོན་རྒན་གྲས་དང་དཀའ་ངལ་ཡོད་པའི་ ཏང་ཡོན་ལ་འཚམས་འདྲི་གནང་བ།
ཡོང་ཁུངས། ལྷོ་ཁའི་སྤྱི་བདེའི་འཕྲིན་སྟེགས།
ངེད་གྲོང་ཁྱེར་གྱིས་སྤྱི་དབང་མིན་པའི་ཁྲོམ་རའི་གཙོ་གཟུགས་ཀྱི་འཚམས་འདྲིའི་བཞུགས་མོལ་འཚོགས་པ།
| 山南网首页 |
2024年1月26日 星期
3 上一篇  下一篇 4 放大 缩小 默认
གྲོང་ཁྱེར་འགོ་ཁྲིད་ཀྱིས་ཏང་ཡོན་རྒན་གྲས་དང་དཀའ་ངལ་ཡོད་པའི་ ཏང་ཡོན་ལ་འཚམས་འདྲི་གནང་བ།
 
འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ།དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་འཆར་ཉེར་ཡོད་པའི་སྐབས་སུ་ཟླ་1ཚེས་23ཉིན་གྲོང་ཨུད་རྒྱུན་ཨུ། དྲུང་ཆེ། གྲོང་ཁྱེར་ཐད་གཏོགས་ལས་ཨུད་ཀྱི་ཧྲུའུ་ཅི་ཨན་ཤིན་གོ་ཡིས་སྔ་རྗེས་སུ་བདེ་སྐྱིད་ཁུལ་ཆུང་དང་གྲོང་ཁྱེར་སྤྱི་བདེ་ཅུས་སུ་ཕེབས་ནས་ཏང་ཡོན་རྒན་གྲས་དང་དཀའ་ངལ་ཡོད་པའི་ཏང་ཡོན་ལ་འཚམས་འདྲི་གནང་བ་དང་འབྲེལ་ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་འཚོ་འཚིས་སྐྱེལ་གནང་བ་རེད།

ཏང་ཡོན་རྒན་གྲས་ནོར་བསྟན་གྱི་ཁྱིམ་དུ། ཨན་ཤིན་གོ་ཡིས་བྱམས་བརྩེ་ཆེན་པོས་བགྲེས་སོང་གི་གཟུགས་གཞི་དང་འཚོ་བའི་གནས་ཚུལ་བཀའ་འདྲི་གནང་བ་མ་ཟད། སྐུ་གཟུགས་ལ་བདག་གཅེས་དང་དཀའ་ངལ་འཕྲད་སྐབས་དུས་ཐོག་ཏུ་རྩ་འཛུགས་ལ་སྙན་སེང་ཞུ་དགོས་པའི་མངགས་བཅོལ་ཡང་གནང་བ་དང་སྦྲགས། ཏང་ཡོན་རྒན་གྲས་ཚོས་སྔར་བཞིན་ལྷོ་ཁའི་བྱ་གཞག་ཁག་གི་འཕེལ་རྒྱས་ལ་དོ་ཁུར་དང་རྒྱབ་སྐྱོར་གནང་ནས་ལྷོ་ཁའི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ཐབས་ཇུས་གང་ཡོད་འདོན་རྒྱུའི་རེ་བ་ཡོད་ཅེས་གསུངས།

གྲོང་ཁྱེར་སྤྱི་བདེ་ཅུས་སུ་ཨན་ཤིན་གོ་ཡིས་དཀའ་ངལ་ཡོད་པའི་ཏང་ཡོན་ཝང་རུང་གི་ཁྱིམ་ཚང་གི་གཞི་རྩའི་གནས་ཚུལ་དང་མིག་སྔར་ལྷག་པའི་དཀའ་ངལ་ཤེས་རྟོགས་ཞིབ་ཕྲ་གནང་ཞིང་། ཝང་རུང་གིས་དཀའ་ངལ་ལ་བློ་སྟོབས་ཆེན་པོས་ཁ་གཏད་གཅོག་པ་དང་། སྙིང་སྟོབས་མི་ཉམས་པ། ཡིད་ཆེས་འཕེལ་བ་བཅས་བྱས་ནས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་རྩ་འཛུགས་ཀྱི་ཐུགས་ཁུར་འོག་དཀའ་ངལ་སེལ་ཐུབ་པའི་ཡིད་ཆེས་བརྟན་པོ་བྱེད་དགོས་པའི་ལྕག་སྐུལ་གནང་བ་རེད།

བདེ་སྐྱིད་དཔལ་སྒྲོལ་གྱིས་བསྒྱུར། བསོད་ཡེས་ཞུས།

3 上一篇  下一篇 4 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:综合新闻
   第03版:综合新闻
   第04版:视觉山南