第02版:综合新闻 上一版3  4下一版
 
版面导航

第01版
头版

第02版
综合新闻

第03版
综合新闻
 
标题导航
གྲོང་ཁྱེར་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས (རྒྱ་ཆེ)ཚོགས་འདུ་འཚོགས་པ།
ངེད་གྲོང་ཁྱེར་གྱིས་2024ལོའི་དམངས་གཉེར་ ཁེ་ལས་མཁས་ཅན་གྱི་བཞུགས་མོལ་འཚོགས་པ།
གྲོང་ཁྱེར་འགོ་ཁྲིད་ཀྱིས་ཏང་ཡོན་རྒན་གྲས་དང་དཀའ་ངལ་ཡོད་པའི་ ཏང་ཡོན་ལ་འཚམས་འདྲི་གནང་བ།
ཡོང་ཁུངས། ལྷོ་ཁའི་སྤྱི་བདེའི་འཕྲིན་སྟེགས།
ངེད་གྲོང་ཁྱེར་གྱིས་སྤྱི་དབང་མིན་པའི་ཁྲོམ་རའི་གཙོ་གཟུགས་ཀྱི་འཚམས་འདྲིའི་བཞུགས་མོལ་འཚོགས་པ།
| 山南网首页 |
2024年1月26日 星期
3 上一篇  下一篇 4 放大 缩小 默认
ངེད་གྲོང་ཁྱེར་གྱིས་2024ལོའི་དམངས་གཉེར་ ཁེ་ལས་མཁས་ཅན་གྱི་བཞུགས་མོལ་འཚོགས་པ།
 
འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་1ཚེས་23ཉིན། ངེད་གྲོང་ཁྱེར་གྱིས་2024ལོའི་དམངས་གཉེར་ཁེ་ལས་མཁས་ཅན་གྱི་བཞུགས་མོལ་འཚོགས་ནས་2023ལོའི་གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་གནས་ཚུལ་དང་2024ལོའི་ལས་ཀའི་དམིགས་ཚད་བརྡ་ཁྱབ་བཏང་བ་རེད།

གྲོང་ཨུད་རྒྱུན་ཨུ། རྒྱུན་ལས་གྲོང་སྤྱི་གཞོན་པ་མུའོ་ཡུང་ཝུན་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད། གྲོང་ཁྱེར་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། གྲོང་ཁྱེར་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་འཕྲིན་ལས་དབྱངས་ཅན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

མུའོ་ཡུང་ཝུན་གྱིས་དམངས་གཉེར་ཁེ་ལས་ཀྱིས་ལྷོ་ཁའི་སྤུས་མཐོའི་འཕེལ་རྒྱས་ཀྱི་དུས་བབ་དང་སྟོབས་ཤུགས་སྟངས་འཛིན་གང་ལེགས་བྱས་ཏེ་ལྷོ་ཁའི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་མཐོའི་འཕེལ་རྒྱས་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས། འབྲེལ་ཡོད་ཚན་པ་དང་སྡེ་ཚན་ཁག་གིས“གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བ་གཉིས”ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་ཀྱིས“བདེ་ཐང་གཉིས”ལ་སྐུལ་འདེད་བཏང་ནས་རང་གཞན་གཉིས་ཀ་འཕེལ་རྒྱས་གཏོང་བའི་འདུ་ཤེས་བཙུགས་ཏེ་ཞབས་ཞུའི་ལས་དོན་ཡག་པོ་སྒྲུབ་པ་དང་ཁེ་ལས་ཀྱི་ཁུར་པོ་ཡང་དུ་གཏོང་དགོས་པའི་བླང་བྱ་བཏོན་གནང་བ་རེད།

འཕྲིན་ལས་དབྱངས་ཅན་གྱིས་གཙོ་སྐྱོང་གནང་སྐབས་དམངས་གཉེར་ཁེ་ལས་མཁས་ཅན་གྱིས་ཐོག་མཐའ་བར་གསུམ་དུ་ཏང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ནས་སྤུས་མཐོའི་འཕེལ་རྒྱས་ཀྱི་ལག་ལེན་པ་བརྩོན་ལེན་བྱེད་པ་དང་། སྲིད་ཚོང་གཙང་མའི་འབྲེལ་བ་གསར་པ་ལག་ལེན་བསྟར་བའི་དཔེ་བཟང་བརྩོན་ལེན་བྱས་ཐོག། ལྷོ་ཁས“ལྗོངས་ཡོངས་ཀྱི་མདུན་གྲལ་དུ་སྐྱོད་པ་དྲུག”གི་རླབས་ཆེན་ལག་ལེན་ཁྲོད་དམངས་གཉེར་དཔལ་འབྱོར་གྱི“སྐྱོན་བྲལ་གཉིས”ཀྱི་འཕེལ་རྒྱས་ལེའུ་གསར་པ་ཡག་པོ་རྩོམ་དགོས་པའི་ནན་བཤད་གནང་བ་རེད།

བདེ་སྐྱིད་དཔལ་སྒྲོལ་གྱིས་བསྒྱུར། བསོད་ཡེས་ཞུས།

3 上一篇  下一篇 4 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:综合新闻
   第03版:综合新闻
   第04版:视觉山南