第01版:头版 4下一版
 
版面导航

第01版
头版

第02版
专版

第03版
专版
 
标题导航
ལྷོ་ཁ་གྲོང་ཁྱེར་སྐབས་གཉིས་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཚོགས་འདུ་ཐེངས་དྲུག་པ་གཟབ་རྒྱས་ངང་སྐོང་འཚོགས་བྱས་པ།
གྲོང་ཁྱེར་སྲིད་གྲོས་སྐབས་གཉིས་པའི་ཚོགས་འདུ་ ཐེངས་བཞི་པ་ཐུགས་གྲ་འགྲིག་པོས་གྲོལ་བ།
ལྷོ་ཁ་གྲོང་ཁྱེར་སྐབས་གཉིས་པའི་མི་དམངས་འཐུས་མི་ཚོགས་ཆེན་ཚོགས་འདུ་ཐེངས་དྲུག་པས་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་པ།
གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་གཉིས་པའི་ཚོགས་འདུ་ཐེངས་དྲུག་པས་ཚང་འཛོམས་ཚོགས་འདུ་ཐེངས་གཉིས་པ་འཚོགས་པ།
| 山南网首页 |
2024年1月1日 星期
3 上一篇  下一篇 4 放大 缩小 默认
གྲོང་ཁྱེར་སྲིད་གྲོས་སྐབས་གཉིས་པའི་ཚོགས་འདུ་ ཐེངས་བཞི་པ་ཐུགས་གྲ་འགྲིག་པོས་གྲོལ་བ།
ཞུས་ཁྲེང་ཚང་དང་ཝང་ཏེ་ཝུན། ཧྲན་ཆང་། ཝང་ཡུན་ཆིང་། པའེ་ཡུན་ཧྥུང་སོགས་ཚོགས་འདུར་ཞུགས།  བག་གྲོས་གཙོ་སྐྱོང་གནང་བ།
 

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། དུས་ཡུན་ཉིན་གསུམ་ཡིན་པའི་སྲིད་གྲོས་སྐབས་གཉིས་པའི་ལྷོ་ཁ་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཞི་པའི་གྲོས་རིམ་ཁག་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་བྱུང་ནས་ཟླ་12ཚེས་30ཉིན་གྱི་ཕྱི་དྲོ་རྩེད་ཐང་དུ་ཐུགས་གྲ་འགྲིག་པོས་གྲོལ་བ་རེད།

ཞུས་ཁྲེང་ཚང་དང་། ཝང་ཏེ་ཝུན། ཧྲན་ཆང་། ཝང་ཡུན་ཆིང་། པའེ་ཡུན་ཧྥུང་། ལི་ཡ་ཞང་། བཀྲ་ཤིས་ཕུན་ཚོགས། མུའོ་ཡུང་ཝུན། ཧྥེང་ཞའོ་དབྱི། ལིའུ་ཧྲེང་ཡུས། ཨན་ཤིན་གོ། ཀྲང་ཝུའེ་བཅས་ཚོགས་ཆེན་ལ་ཞུགས་ནས་སྲིད་གྲོས་སྐབས་གཉིས་པའི་ལྷོ་ཁ་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཞི་པ་ཐུགས་གྲ་འགྲིག་པོས་གྲོལ་བར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་གནང་བ་རེད།

གྲོང་ཁྱེར་སྲིད་གྲོས་ཀྱི་ཀྲུའུ་ཞི་བག་གྲོས་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

བསྟན་འཛིན་དང་། བློ་བཟང་བཀྲ་ཤིས། འཕྲིན་ལས་དབྱངས་ཅན། ཏེང་ཅན་ཅུན། ལུའོ་ཐན་ཧྭ། ཟླ་བ་ཚེ་རིང་། སུན་ཧུང་ཀྲང་། དུང་ཨན་ཞོལ། སངས་རྒྱས་ཆོས་འཕེལ་བཅས་ཀྲུའུ་ཞི་སྡིངས་ཆའི་མདུན་གྲལ་དུ་བཞུགས་ཡོད་པ་རེད།

ཚོགས་འདུས། 《རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་སྐོར་གྱི་སྲིད་གྲོས་སྐབས་གཉིས་པའི་ལྷོ་ཁ་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཞི་པའི་གྲོས་ཆོད》དང་། 《གྲོས་གཞིའི་ལས་དོན་གནས་ཚུལ་སྙན་སྒྲོན་སྐོར་གྱི་སྲིད་གྲོས་སྐབས་གཉིས་པའི་ (པར་ངོས་གསུམ་པར་གཟིགས)

(པར་ངོས་དང་པོར་མཐུད) ལྷོ་ཁ་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཞི་པའི་གྲོས་ཆོད》《གྲོས་གཞིར་ཞིབ་བཤེར་བྱས་ཚུལ་སྐོར་གྱི་སྲིད་གྲོས་སྐབས་གཉིས་པའི་ལྷོ་ཁ་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཞི་པའི་སྙན་ཞུ》《སྲིད་གྲོས་སྐས་གཉིས་པའི་ལྷོ་ཁ་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཞི་པའི་ཆབ་སྲིད་གྲོས་ཆོད》བཅས་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་རེད།

བག་གྲོས་གསུངས་དོན། ད་ཐེངས་ཀྱི་ཚོགས་འདུ་ནི་གྲོང་ཁྱེར་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུ་དང་། ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ། ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུ། གྲོང་ཨུད་ཀྱི་སྐབས་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ། གྲོང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུ་བཅས་ཀྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ནས་ལྷོ་ཁས“ལྗོངས་ཡོངས་ཀྱི་མདུན་གྲལ་དུ་བསྐྱོད་པ་དྲུག”ལ་འབད་འབུངས་ཆེན་པོས་སྐུལ་སྤེལ་གཏོང་བའི་འགག་རྩའི་དུས་སྐབས་སུ་སྐོང་འཚོགས་བྱས་པའི་གལ་འགངས་ཤིན་ཏུ་ཆེ་བའི་ཚོགས་འདུ་ཞིག་རེད། ཚོགས་འདུའི་རིང་ཨུ་ཡོན་ཡོངས་ཀྱིས་འབད་འབུངས་ཡར་བརྩོན་གྱི་བསམ་པའི་འཁྱེར་སོའི་ཐོག་ནས་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་དང་། གྲོས་གཞིའི་ལས་དོན་བསྒྲུབས་ཚུལ་གྱི་སྙན་སྒྲོན་ནན་ཏན་གྱིས་གསན་པ་དང་གྲོས་ཞིབ་བྱས་པ། སྲིད་གཞུང་གི་ལས་དོན་སྙན་སྒྲོན་དང་སྙན་ཞུ་གཞན་དག་ཉན་པ་དང་གྲོས་བསྡུར་ནན་ཏན་བྱས་པ། གྲོས་མོལ་སྲིད་གླེང་གཏིང་ཟབ་དང་། ཐབས་འདོན་ཇུས་འབུལ་ཧུར་ཐག ངོས་འཛིན་གཅིག་མཐུན་རྒྱ་ཁྱབ་ཏུ་ཡོང་བ་བཅས་བྱས་ཏེ་རྒྱལ་ཁབ་ཀྱི་ཆེད་དུ་འགན་ནུས་སྒྲུབ་པ་དང་། མི་དམངས་ཀྱི་ཆེད་དུ་རང་འགན་གཙང་སྒྲུབ་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་གང་ལེགས་མངོན་མཚོན་བྱས་ཡོད་ལ། མི་དམངས་སྲིད་གྲོས་ཀྱིས་མི་དམངས་ལ་བཅངས་པའི་བརྩེ་སེམས་ཟབ་མོ་དག་གསོན་ཉམས་ལྡན་པའི་ངང་མངོན་མཚོན་བྱས་ཡོད།

བག་གྲོས་བླང་བྱ་བཏོན་དོན། དར་ཆ་གསལ་སྟོན་གྱིས་ཆབ་སྲིད་ལ་སྣང་ཆེན་བྱས་ཏེ་ཏང་ལ་བློ་དཀར་སེམས་དཀར་བྱེད་མཁན་གྱི“དྲང་བདེན་མི”ཞིག་བྱེད་དགོས་པ་དང་། ལྟེ་བར་དམིགས་ནས་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་སྲིད་གྲོས་ལས་ཀའི“ཆེད་ལས་ཅན”ཞིག་བྱེད་དགོས་པ། ཐོག་མའི་བསམ་འདུན་སྲུང་ནས་དམངས་ཀྱི་དཀའ་ངལ་སེལ་ཏེ་དམངས་ཆེད་འགན་འཁྲི་བསྒྲུབ་པའི“སྙིང་ཉེ་བ”ཞིག་བྱེད་དགོས་པ། རང་གཅུན་ནན་པོ་བྱས་ནས་གཟུགས་བརྙན་བཟང་པོ་བཏོད་ཐོག་སྒྲིག་བཀུར་ཁྲིམས་སྲུང་གི“ཚུལ་ལྡན་མི”ཞིག་བྱེད་དགོས་པ། ཁྲིད་ཕྱོགས་དང་ངོས་འཛིན་གཅིག་སྒྲིལ་བྱེད་པར་ཤུགས་སྣོན་བརྒྱབ་ནས་སེམས་ནུས་གཅིག་སྒྲིལ་བྱེད་མཁན“གདོང་སྐྱོད་པ”ཞིག་བྱེད་དགོས་པ་བཅས་སོ།

ཚོགས་ཆེན་དེ་རྔམ་བརྗིད་ལྡན་པའི་རྒྱལ་གླུའི་ཁྲོད་གྲོལ་བ་རེད།

ཀྲུའུ་ཞི་སྡིངས་ཆའི་ཐོག་བཞུགས་པའི་གྲས་སུ་ད་དུང་ཧྲེན་པའེ་ཚུན་དང་། བསོད་ནམས་རྡོ་རྗེ། ཀྲའོ་ཐན་ཝུའུ། འཇིགས་མེད། བུ་ཏོག པ་སངས་དངོས་གྲུབ། གྲའེ་ཁུན། ཚེ་རིང་། ཀྲེང་ཁྲོན་ཅིན། ཕུན་ཚོགས་། ལིའུ་ཙུང་ཁྲང་། སྒྲོལ་མ་གཡང་འཛོམས། ལིའུ་ཧྥ་ལིན། ཕུན་ཚོགས་བཀྲ་ཤིས་སོགས་ཡོད་པ་རེད། ངེད་གྲོང་ཁྱེར་དུ་བཅའ་སྡོད་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཨུ་ཡོན། གྲོང་ཁྱེར་(ཀྲུང་དབྱང་། ལྗོངས)ཐད་གཏོགས་ཚན་པ་ཁག་གི་འགན་འཁུར་བ་གཙོ་བོ་བཅས་གདན་ཞུས་ལྟར་ཚོགས་འདུར་ཟུར་ཞུགས་གནང་བ་རེད།

བསོད་ནམས་བསྟན་པས་བསྒྱུར། བསོད་དོན་གྱིས་ཞུས།

3 上一篇  下一篇 4 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:专版
   第03版:专版
   第04版:专版
ལྷོ་ཁ་གྲོང་ཁྱེར་སྐབས་གཉིས་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཚོགས་འདུ་ཐེངས་དྲུག་པ་གཟབ་རྒྱས་ངང་སྐོང་འཚོགས་བྱས་པ།
གྲོང་ཁྱེར་སྲིད་གྲོས་སྐབས་གཉིས་པའི་ཚོགས་འདུ་ ཐེངས་བཞི་པ་ཐུགས་གྲ་འགྲིག་པོས་གྲོལ་བ།
ལྷོ་ཁ་གྲོང་ཁྱེར་སྐབས་གཉིས་པའི་མི་དམངས་འཐུས་མི་ཚོགས་ཆེན་ཚོགས་འདུ་ཐེངས་དྲུག་པས་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་པ།
གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་གཉིས་པའི་ཚོགས་འདུ་ཐེངས་དྲུག་པས་ཚང་འཛོམས་ཚོགས་འདུ་ཐེངས་གཉིས་པ་འཚོགས་པ།