第01版:头版 4下一版
 
版面导航

第01版
头版

第02版
专版

第03版
专版
 
标题导航
ལྷོ་ཁ་གྲོང་ཁྱེར་སྐབས་གཉིས་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཚོགས་འདུ་ཐེངས་དྲུག་པ་གཟབ་རྒྱས་ངང་སྐོང་འཚོགས་བྱས་པ།
གྲོང་ཁྱེར་སྲིད་གྲོས་སྐབས་གཉིས་པའི་ཚོགས་འདུ་ ཐེངས་བཞི་པ་ཐུགས་གྲ་འགྲིག་པོས་གྲོལ་བ།
ལྷོ་ཁ་གྲོང་ཁྱེར་སྐབས་གཉིས་པའི་མི་དམངས་འཐུས་མི་ཚོགས་ཆེན་ཚོགས་འདུ་ཐེངས་དྲུག་པས་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་པ།
གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་གཉིས་པའི་ཚོགས་འདུ་ཐེངས་དྲུག་པས་ཚང་འཛོམས་ཚོགས་འདུ་ཐེངས་གཉིས་པ་འཚོགས་པ།
| 山南网首页 |
2024年1月1日 星期
3 上一篇  下一篇 4 放大 缩小 默认
ལྷོ་ཁ་གྲོང་ཁྱེར་སྐབས་གཉིས་པའི་མི་དམངས་འཐུས་མི་ཚོགས་ཆེན་ཚོགས་འདུ་ཐེངས་དྲུག་པས་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་པ།
ཞུས་ཁྲེང་ཚང་གིས་གཙོ་སྐྱོང་གནང་།ཝང་ཏེ་ཝུན་དང་ཧྲན་ཆང་། ཝང་ཡུན་ཆིང་། པའེ་ཡུན་ཧྥུང་སོགས་ཞུགས།
 

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་12པའི་ཚེས་31ཉིན། ལྷོ་ཁ་གྲོང་ཁྱེར་སྐབས་གཉིས་པའི་མི་དམངས་འཐུས་མི་ཚོགས་ཆེན་ཚོགས་འདུ་དྲུག་པས་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ཤིང་། གྲོང་ཁྱེར་སྐབས་གཉིས་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཚོགས་འདུ་ཐེངས་དྲུག་པས་གྲོང་ཁྱེར་སྐབས་གཉིས་པའི་མི་དམངས་འཐུས་ཚོགས་ཀྱི་ཆེད་དོན་ཨུ་ཡོན་ལྷན་ཁང་ཁག་གི་གྲུབ་ཆའི་མི་སྣ་འདེམས་བསྐོའི་སྐོར་གྱི་བརྡས་ཐག་བཅད་པའི་བྱ་ཐབས་འཆར་ཟིན་དང་། གྲོང་ཁྱེར་སྐབས་གཉིས་པའི་མི་དམངས་འཐུས་ཚོགས་ཆེད་དོན་ཨུ་ཡོན་ལྷན་ཁང་གི་གྲུབ་ཆའི་མི་སྣ་འདེམས་བསྐོའི་ (པར་ངོས་བཞི་པར་གཟིགས)(པར་ངོས་དང་པོར་མཐུད) མཚན་ཐོའི་འཆར་ཟིན། གྲོང་ཁྱེར་སྐབས་གཉིས་པའི་མི་དམངས་འཐུས་མི་ཚོགས་ཆེན་ཚོགས་འདུ་དྲུག་པའི་འདེམས་བསྐོའི་བྱ་ཐབས་འཆར་ཟིན། གྲོང་ཁྱེར་སྐབས་གཉིས་པའི་མི་དམངས་འཐུས་མི་ཚོགས་ཆེན་ཚོགས་འདུ་དྲུག་པའི་འདེམས་ཤོག་སྤྱི་ཁྱབ་ལྟ་ཞིབ་པ་དང་འདེམས་ཤོག་ལྟ་ཞིབ་པའི་མིང་ཐོའི་འཆར་ཟིན། གྲོང་ཁྱེར་སྐབས་གཉིས་པའི་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་དང་ཨུ་ཡོན་གསབ་འདེམས་བཅས་ལ་བརྡས་ཐག་བཅད་དེ། རྩ་ཁྲིམས་དམ་འཇོག་གྱི་མཛད་སྒོ་གཉེར་བ་རེད།

ཚོགས་འདུར་ཕེབས་དགོས་པའི་འཐུས་མི་མི་གྲངས་244ཡོད་པ་དང་། དངོས་སུ་ཕེབས་པའི་མི་གྲངས་220ཡོད་པས། ཁྲིམས་གྱིས་གཏན་འཁེལ་བྱས་པའི་མི་གྲངས་དང་མཐུན་ཡོད།

ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི། ལག་བསྟར་ཀྲུའུ་ཞི་ཞུས་ཁྲེང་ཚང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

ཝང་ཏེ་ཝུན་དང་། ཧྲན་ཆང་། ཝང་ཡུན་ཆིང་། པའེ་ཡུན་ཧྥུང་། བསྟན་འཛིན། ལི་ཡ་ཞང་། བཀྲ་ཤིས་ཕུན་ཚོགས། མུའོ་ཡུང་ཝུན། ཧྥུང་ཞའོ་དབྱི། ཕན་ཀང་ཕིང་། ལིའུ་ཧྲེང་གཡུས། ཨན་ཤིན་གོ། ཀྲང་ཝུའེ། ཧྲེན་པའེ་ཚུན། བསོད་ནམས་རྡོ་རྗེ། ཀྲའོ་ཐན་ཝུའུ། འཇིགས་མེད། སྒྲོལ་མ་གཡང་འཛོམས། ལིའུ་ཧྥ་ལིན་སོགས་དང་ཚོགས་ཆེན་ཀྲུའུ་ཞི་ཚོགས་པ། དེ་མིན་ཁོངས་མི་གཞན་དག་བཅས་ཀྲུའུ་ཞི་སྡིངས་ཆའི་ཐོག་བཞུགས་ཡོད་པ་རེད།

ཚོགས་ཆེན་གྱིས་ཐོག་མར་གྲོང་ཁྱེར་སྐབས་གཉིས་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཚོགས་འདུ་ཐེངས་དྲུག་པའི་གྲོང་ཁྱེར་སྐབས་གཉིས་པའི་མི་དམངས་འཐུས་ཚོགས་ཀྱི་ཆེད་དོན་ཨུ་ཡོན་ལྷན་ཁང་གི་གྲུབ་ཆའི་མི་སྣ་འོས་འདེམས་ཀྱི་བརྡས་ཐག་གཅོད་ཐབས་དང་། གྲོང་ཁྱེར་སྐབས་གཉིས་པའི་མི་དམངས་འཐུས་ཚོགས་ཀྱི་ཚོགས་འདུ་ཐེངས་དྲུག་པའི་འདེམས་བསྐོ་བྱ་ཐབས། དེ་བཞིན་གྲོང་ཁྱེར་སྐབས་གཉིས་པའི་མི་དམངས་འཐུས་མི་ཚོགས་ཆེན་ཚོགས་འདུ་དྲུག་པའི་འདེམས་ཤོག་སྤྱི་ཁྱབ་ལྟ་ཞིབ་པ་དང་འདེམས་ཤོག་ལྟ་ཞིབ་པའི་མིང་ཐོ་བཅས་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་རེད།

དེ་རྗེས། གསབ་འདེམས་དངོས་སུ་འགོ་ཚུགས་པ་རེད། འཐུས་མི་ཚོས་འདེམས་ཤོག་ཡག་པོ་བསྐོང་རྗེས། རིམ་པ་ལྟར་གནས་གཏན་འཁེལ་ཟིན་པའི་འདེམས་སྒམ་མདུན་དུ་བསྐྱོད་ནས་སྒམ་ནན་ཐོག་འདེམས་ཤོག་འཕེན་པ་རེད། འདེམས་ཤོག་ཚང་མ་འཕེན་ཚར་རྗེས། སྤྱི་ཁྱབ་འདེམས་ཤོག་ལྟ་ཞིབ་པ་དང་འདེམས་ཤོག་ལྟ་ཞིབ་པས་འདེམས་སྒམ་ཁ་ཕྱེ་ནས་འདེམས་ཤོག་ཕྱིར་བཏོན། འདེམས་ཤོག་རྩིས་བཤེར་མི་སྣས་དེ་མུར་གོ་བསྡུར་རྩིས་བཤེར་བཏང་བ་རེད། འདེམས་ཤོག་རྩིས་བཤེར་བྱས་འབྲས་ལ་གཞིགས་ཏེ། ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི། ལག་བསྟར་ཀྲུའུ་ཞི་ཞུས་ཁྲེང་ཚང་གིས་གསབ་འདེམས་གོ་ཆོད་ཡིན་པའི་ཁྱབ་བསྒྲགས་གནང་བ་རེད།

བུ་ཏོག་དང་། པ་སངས་དངོས་གྲུབ། གྲའེ་ཁུན་བཅས་ལྷོ་ཁ་གྲོང་ཁྱེར་སྐབས་གཉིས་པའི་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པར་བདམས་ཐོན་བྱུང་བ་དང་། རོན་ཀྲེང་སོགས་བློ་མཐུན་7ལྷོ་ཁ་གྲོང་ཁྱེར་སྐབས་གཉིས་པའི་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ལ་བདམས་ཐོན་བྱུང་བ་རེད།

འདེམས་ཤོག་འཕེན་ཟིན་རྗེས། ལས་དོན་མི་སྣས་འདེམས་ཤོག་རྩིས་བཤེར་གྱི་མཇུག་འབྲས་ཁྱབ་བསྒྲགས་བྱས་པ་རེད། ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི། ལག་བསྟར་ཀྲུའུ་ཞི་ཞུས་ཁྲེང་ཚང་གིས་གསབ་འདེམས་མཇུག་འབྲས་ཁྱབ་བསྒྲགས་གནང་ཞིང་། ཚོགས་ཆེན་གྱི་འདེམས་བསྐོའི་བྱ་ཐབས་དང་འདེམས་ཤོག་རྩིས་འབྲས་ལ་གཞིགས་ཏེ། འོས་འདེམས་མི་སྣ་ཚང་མར་འཐུས་མི་ཡོངས་ཀྱི་མི་གྲངས་ཕྱེད་ཀ་བརྒལ་བའི་མོས་མཐུན་འདེམས་ཤོག་འཕེན་ཡོད་པས། ཚང་མ་བདམས་ཐོན་བྱུང་བ་རེད། ཚོཊ་ཞུཊ་འཐུས་མི་ཚོས་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲའི་ཐོག་ནས་གསར་དུ་བདམས་ཐོན་བྱུང་བའི་བློ་མཐུན་ཚོར་བཀྲ་ཤིས་བདེ་ལེཊ་ཞུས་པ་རེད།

རྩ་ཁྲིམས་མདུན་དུ་དམ་བཅའ་འཇོག་པའི་མཛད་སྒོའི་ཐོག ཚང་མས་ཡར་བཞེངས་ཏེ། རྒྱལ་གླུ་བླངས། གསར་དུ་བདམས་ཐོན་བྱུང་བའི་གྲོང་ཁྱེར་སྐབས་གཉིས་པའི་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་དང་། ཨུ་ཡོན། དེ་བཞིན་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བའི་གྲོང་ཁྱེར་མི་དམངས་འཐུས་ཚོགས་ཆེད་དོན་ཨུ་ཡོན་ལྷན་ཁང་གི་གྲུབ་ཆའི་མི་སྣ་བཅས་ཀྱིས་རྩ་ཁྲིམས་མདུན་དུ་དམ་བཅའ་བཞག་པ་རེད།

བསོད་ནམས་དོན་གྲུབ་ཀྱིས་བསྒྱུར། བསོད་ཡེ་བདེས་ཞུས།

3 上一篇  下一篇 4 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:专版
   第03版:专版
   第04版:专版
ལྷོ་ཁ་གྲོང་ཁྱེར་སྐབས་གཉིས་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཚོགས་འདུ་ཐེངས་དྲུག་པ་གཟབ་རྒྱས་ངང་སྐོང་འཚོགས་བྱས་པ།
གྲོང་ཁྱེར་སྲིད་གྲོས་སྐབས་གཉིས་པའི་ཚོགས་འདུ་ ཐེངས་བཞི་པ་ཐུགས་གྲ་འགྲིག་པོས་གྲོལ་བ།
ལྷོ་ཁ་གྲོང་ཁྱེར་སྐབས་གཉིས་པའི་མི་དམངས་འཐུས་མི་ཚོགས་ཆེན་ཚོགས་འདུ་ཐེངས་དྲུག་པས་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་པ།
གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་གཉིས་པའི་ཚོགས་འདུ་ཐེངས་དྲུག་པས་ཚང་འཛོམས་ཚོགས་འདུ་ཐེངས་གཉིས་པ་འཚོགས་པ།