第01版:头版 4下一版
 
版面导航

第01版
头版

第02版
专版

第03版
专版
 
标题导航
ལྷོ་ཁ་གྲོང་ཁྱེར་སྐབས་གཉིས་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཚོགས་འདུ་ཐེངས་དྲུག་པ་གཟབ་རྒྱས་ངང་སྐོང་འཚོགས་བྱས་པ།
གྲོང་ཁྱེར་སྲིད་གྲོས་སྐབས་གཉིས་པའི་ཚོགས་འདུ་ ཐེངས་བཞི་པ་ཐུགས་གྲ་འགྲིག་པོས་གྲོལ་བ།
ལྷོ་ཁ་གྲོང་ཁྱེར་སྐབས་གཉིས་པའི་མི་དམངས་འཐུས་མི་ཚོགས་ཆེན་ཚོགས་འདུ་ཐེངས་དྲུག་པས་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་པ།
གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་གཉིས་པའི་ཚོགས་འདུ་ཐེངས་དྲུག་པས་ཚང་འཛོམས་ཚོགས་འདུ་ཐེངས་གཉིས་པ་འཚོགས་པ།
| 山南网首页 |
2024年1月1日 星期
下一篇 4 放大 缩小 默认
ལྷོ་ཁ་གྲོང་ཁྱེར་སྐབས་གཉིས་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཚོགས་འདུ་ཐེངས་དྲུག་པ་གཟབ་རྒྱས་ངང་སྐོང་འཚོགས་བྱས་པ།
ཞུས་ཁྲེང་ཚང་དང་བག་གྲོ ཧྲན་ཆང་། ཝང་ཡུན་ཆིང་། པའེ་ཡུན་ཧྥུང་སོགས་ཚོགས་འདུར་ཞུགས། ཝང་ཏེ་ཝུན་གྱིས་ཚོགས་ཆེན་གཙོ་སྐྱོང་གནང་། མུའོ་ཡུང་ཝུན་གྱིས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་གནང་།
 

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ལྷོ་ཁ་གྲོང་ཁྱེར་སྐབས་གཉིས་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཚོགས་འདུ་ཐེངས་དྲུག་པ་སྤྱི་ཟླ་12ཚེས་29ཉིན་གྱི་སྔ་དྲོ་རྩེད་ཐང་དུ་གཟབ་རྒྱས་ངང་སྐོང་འཚོགས་བྱས་པ་དང་། གྲོང་ཁྱེར་ཡོངས་ཀྱི་འཐབ་ཕྱོགས་ཁག་ནས་ཡོང་བའི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཚོས་གྲོང་ཁྱེར་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་མངགས་བཅོལ་ཟབ་མོ་བསྣམས་ནས་ཚོགས་འདུར་ཞུགས་ཏེ་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་དཀྲིས་པའི་བླ་ན་མེད་པའི་འགན་འཁྲི་སྒྲུབ་འགོ་ཚུགས་པ་རེད།

ཚོགས་རའི་རྣམ་པ་ཟབ་ཅིང་སྤྲོ་སེམས་འཁོལ་བ་དང་། ཀྲུའུ་ཞི་སྡིངས་ཆའི་དབུས་སུ་རྒྱལ་རྟགས་མཐོན་པོར་བཀལ་ཡོད་པས་ཚོགས་རའི་རྣམ་པ་དེ་བས་གཟི་ཉམས་ལྡན་པ་ཞིག་ཡོད།

ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི། ལག་བསྟར་ཀྲུའུ་ཞི་ཞུས་ཁྲེང་ཚང་ཚོགས་འདུར་ཞུགས།

ཝང་ཏེ་ཝུན་དང་། བག་གྲོ། ཧྲན་ཆང་། ཝང་ཡུན་ཆིང་། པའེ་ཡུན་ཧྥུང་། ཅའོ་ཡང་། བསྟན་འཛིན། ལི་ཡ་ཞང་། བཀྲ་ཤིས་ཕུན་ཚོགས། མུའོ་ཡུང་ཝུན། ཧྥུང་ཞའོ་དབྱི། ཕན་ཀང་ཕིང་། ལིའུ་ཧྲེང་གཡུས། ཨན་ཤིན་གོ། ཀྲང་ཝུའེ་བཅས་ཀྲུའུ་ཞི་སྡིངས་ཆའི་ཐོག་ཞུགས།

ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི། ལག་བསྟར་ཀྲུའུ་ཞི་ཝང་ཏེ་ཝུན་གྱིས་འགོ་ཚུགས་ཚོགས་འདུ་གཙོ་སྐྱོང་གནང་།

ཧྲེན་པའེ་ཚུན་དང་། བསོད་ནམས་རྡོ་རྗེ། ཀྲའོ་ཐན་ཝུའུ། འཇིགས་མེད། བུ་ཏོག པ་སངས་དངོས་གྲུབ། གྲའེ་ཁུན། འཇམ་དགའ། ཚེ་རིང་། ལིའུ་ཙུང་ཁྲང་། བློ་བཟང་བཀྲ་ཤིས། འཕྲིན་ལས་དབྱངས་ཅན། ཏིང་ཅན་ཅུན། ལོ་ཐན་ཧྭ། ཟླ་བ་ཚེ་རིང་། སུན་ཧུང་ཀྲང་། སངས་རྒྱས་ཆོས་འཕེལ། སྒྲོལ་མ་གཡང་འཛོམས། ལིའུ་ཧྥ་ལིན། ཕུན་ཚོགས་བཀྲ་ཤིས། དེ་བཞིན་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་དེ་མིན་ཁོངས་མི་གཞན་དག་བཅས་ཀྲུའུ་ཞི་སྡིངས་ཆའི་ཐོག་བཞུགས་ཡོད་པ་རེད།

ཚོགས་ཆེན་ལ་ཕེབས་དགོས་ངེས་ཀྱི་འཐུས་མི་244ཡོད་པ་ནས། དངོས་སུ་ཕེབས་པའི་འཐུས་མི་219ཡོད་པ་དེ་ཁྲིམས་གྱིས་གཏན་འཁེལ་བྱས་པའི་མི་གྲངས་དང་མཐུན་ཡོད་པ་རེད།

སྔ་དྲོའི་ཆུ་ཚོད་10པར། ཝང་ཏེ་ཝུན་གྱིས་ལྷོ་ཁ་གྲོང་ཁྱེར་སྐབས་གཉིས་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཚོགས་འདུ་ཐེངས་དྲུག་པ་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་རྗེས། ཚོགས་ཞུགས་མི་སྣ་ཚང་མས་ཡར་བཞེངས་ནས་རྒྱལ་གླུ་བླངས་པ་རེད།

སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲའི་ཁྲོད། མུའོ་ཡུང་ཝུན་གྱིས་ལྷོ་ཁ་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་ཚབ་ཞུས་ནས་ཚོགས་ཆེན་ཐོག་སྲིད་གཞུང་ལས་དོན་སྙན་སྒྲོན་གནང་བ་རེད། སྙན་སྒྲོན་དེ་ཁྱོན་ཆ་ཤས་གསུམ་དུ་དབྱེ་ཡོད་པ་སྟེ། 2023ལོའི་ལས་དོན་ལ་ཕྱིར་མིག་བལྟ་བ་དང་། 2024ལོའི་གཙོ་གནད་ལས་དོན། སྲིད་གཞུང་རང་ངོས་འཛུགས་སྐྱོང་བཅས་རེད།

2023ལོ་ནི། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་པ་བསྟར་འགོ་ཚུགས་པའི་ལོ་ཞིག་དང་། ལོ་གསུམ་རིང་། ཏོག་གསར་རིམས་ནད་ཀྱི་འགོག་ཟོན་དུས་མཚམས་བསྒྱུར་རྗེས་དཔལ་འབྱོར་སླར་གསོ་དང་འཕེལ་རྒྱས་བྱུང་བའི་ལོ་ཞིག་རེད། མུའོ་ཡུང་ཝུན་གྱིས་སྙན་ཞུའི་ནང་། བརྟན་ཐོག་ཡར་ཐོན་ནས་ (པར་ངོས་གསུམ་པར་གཟིགས) (པར་ངོས་དང་པོར་མཐུད) སྤུས་ཚད་དང་ཕན་འབྲས་ཆེ་རུ་བཏང་ནས་འཕེལ་རྒྱས་ཀྱི་སྒུལ་ནུས་ཟམ་མི་ཆད་པར་ཆེ་རུ་ཕྱིན་པ་དང་། འཕར་ཚད་བརྟན་པོའི་ངང་ལེགས་སུ་ཕྱིན་པ། རྨང་གཞིའི་ཞན་ཆ་གསབ་ཤུགས་ཆེ་རུ་བཏང་ནས་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ལ་སྐུལ་སྤེལ་ཏན་ཏིག་བཏང་བ་དང་ས་ཁོངས་འཕེལ་རྒྱས་སྔར་ལས་མཐུན་སྦྱོར་བྱུང་བ། སྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས་ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ངང་ལེགས་སུ་ཕྱིན་པ་དང་འཕེལ་རྒྱས་ཀྱི་གསོན་ཤུགས་ཟམ་མི་ཆད་པར་ཆེ་རུ་ཕྱིན་པ། དམངས་བདེ་དམངས་ཕན་གྱི་བདེ་རྩ་བསྐྲུན་ནས་སྤྱི་ཚོགས་ཀྱི་བྱ་གཞག་སྔར་བས་ཡར་ཐོན་དང་དམངས་འཚོའི་རྨང་གཞི་སྔར་བས་བརྟན་པ། ཁོར་ཡུག་སྲུང་སྐྱོང་དང་བཅོས་སྐྱོང་ལ་སྐུལ་འདེད་བཏང་ནས་ཁོར་ཡུག་སྤུས་ཚད་བརྟན་པོའི་ངང་མཐོ་རུ་ཕྱིན་པ་དང་སྐྱེ་ཁམས་སྲུང་ཡོལ་ཉིན་བཞིན་བརྟན་དུ་ཕྱིན་པ། མ་མཐའི་མཚམས་ཐིག་ནན་སྲུང་གིས་བདེ་འཇགས་འགན་ལེན་བྱས་ནས་མི་མངོན་པའི་རྐྱེན་རྩ་དང་ཉེན་ཁ་སེལ་ནས་དུས་བདེ་འཛུགས་སྐྱོང་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོབ་པ། ལག་ལེན་དངོས་བསྟར་བའི་ཐོག་ནས་སློབ་སྦྱོང་ལ་མཐོང་ཆེན་བྱས་ཏེ་བརྗོད་དོན་གཙོ་བོའི་སློབ་གསོར་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པ་དང་སྲིད་གཞུང་གི་ཞབས་ཞུའི་ཕན་ནུས་མངོན་གསལ་ཇེ་ཆེར་སོང་བ་བཅས་ཕྱོགས་ཁག་བདུན་གྱི་ཐད་ནས་2023ལོའི་ལས་དོན་ལ་ཁྱོན་ཡོངས་ནས་ཕྱོགས་སྡོམ་གནང་བ་རེད། ཁོང་གིས་གསུངས་དོན། ལོ་གཅིག་རིང་ཐོབ་པའི་གྲུབ་འབྲས་ཀྱི་རྩ་བ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་དར་ཆ་མཐོན་པོར་བསྒྲེངས་ཏེ་ཁ་ཕྱོགས་གཏན་འཁེལ་བྱས་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་ཁྲིད་ཚན་རིག་དང་མཐུན་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ཀྱི་ལས་དོན་སྐོར་ལ་གནང་བའི་གལ་ཆེའི་མཛུབ་སྟོན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཀྱི་མཁས་མཛངས་ལྡན་པའི་མཛུབ་སྟོན་བཅས་ལས་བྱུང་བ་ཞིག་དང་། ལྗོངས་ཏང་ཨུད་དང་། སྲིད་གཞུང་། གྲོང་ཨུད་བཅས་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་། གྲོང་ཁྱེར་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་གྲོང་ཁྱེར་སྲིད་གྲོས་ཀྱི་ལྟ་སྐུལ་རྒྱབ་སྐྱོར་བཅས་ལ་བརྟེན་པ། ཧུའུ་པེ་དང་། ཧུའུ་ནན། ཨན་ཧུའེ་བཅས་ཞིང་ཆེན་གསུམ་དང་། ཀྲུང་གོ་འབྲུ་སྣུམ་ཚོགས་པ། རྒྱལ་ཁབ་འཕྲུལ་ཆས་བཟོ་ལས་ཚོགས་པ་བཅས་ཀྱི་འཇུངས་མེད་རོགས་སྐྱོར་བཅས་ལས་བྱུང་བ་ཞིག སྤྱི་ཚོགས་ལས་རིགས་ཁག་དང་གྲོང་ཁྱེར་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ཚོའི་མཐུན་སྒྲིལ་འབད་འཐབ་བྱས་པ་བཅས་ལས་བྱུང་བ་ཞིག་རེད།

མུའོ་ཡུང་ཝུན་གྱིས་སྙན་སྒྲོན་ནང་ནན་བཤད་གནང་དོན། 2024ལོ་ནི། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་75འཁོར་བའི་ལོ་ཞིག་དང་། བོད་དུ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་65འཁོར་བ། ལོ་ལྔ་ཚན་འཆར་གཞི་བཅུ་བཞི་པ་ལག་བསྟར་བྱེད་པའི་འགག་རྩའི་ལོ་ཞིག་རེད། 2024ལོའི་སྲིད་གཞུང་གི་ལས་དོན་ཡག་པོ་སྒྲུབ་པར་ངེས་པར་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་གཏིང་ཟབ་བྱེད་པ། དཔལ་འབྱོར་ལས་དོན་ཡག་པོ་སྒྲུབ་དགོས་པའི་ངེས་པར་དགོས་པ་ལྔ་ཡི་ཆོས་ཉིད་ལ་ངོས་འཛིན་གཏིང་ཟབ་བྱེད་པ། བརྟན་ཐོག་ཡར་བརྩོན་དང་། ཡར་འཕེལ་བརྟན་སྐུལ། སྔོན་འཛུགས་རྗེས་གཏོར་བཅས་མཐའ་འཁྱོངས་བྱེད་པ། ཆ་ཚང་བ་དང་འཕྱུགས་པ་མེད་པའི་སྒོ་ནསའཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། དོན་ཆེན་བཞིར་དམིགས་པ་དང་། འཛུགས་གཏོད་བཞིར་ཤུགས་རྒྱག་པ། ལྗོངས་ཡོངས་ཀྱི་མདུན་གྲལ་དུ་སྐྱོད་རྒྱུ་དྲུག་ལ་མཐའ་སྐོར་ཏེ། རྨང་གཞི་འཐུས་ཚང་དང་། ཐོན་དར་གྲོང་འཛུགས། གྲོང་ཁྱེར་གྲོང་གསེབ་གཅིག་གྱུར་བཀོད་སྒྲིག ཁུལ་གསར་གྱིས་སྣེ་ཁྲིད་བཅས་ཀྱི་དཔལ་འབྱོར་ལས་ཀའི་བསམ་གཞི་མཐའ་འཁྱོངས་བྱེད་པ། སྤུས་མཐོའི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་དང་། བསྒྱུར་བཅོས་སྒོ་འབྱེད་ཁྱོན་ཡོངས་ནས་ཟབ་སྤེལ། ནང་མཁོ་རྒྱ་སྐྱེད་དང་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་བསྒྱུར་བཅོས་ཟབ་སྤེལ། གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པ་དང་གྲོང་གསེབ་ཁྱོན་ཡོངས་ནས་དར་རྒྱས་གཏོང་བར་གཅིག་གྱུར་གྱིས་བཀོད་སྒྲིག སྤུས་མཐོའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་བདེ་འཇགས་གཅིག་གྱུར་གྱིས་བཀོད་སྒྲིག་བྱེད་པ། དཔལ་འབྱོར་གྱི་གསོན་ཤུགས་ཆེ་རུ་ཏན་ཏིག་གཏོང་བ་དང་། ཉེན་ཁར་འགོག་ཟོན། སྤྱི་ཚོགས་ཀྱི་སྔོན་དཔག་ལེགས་གཏོང་། དཔལ་འབྱོར་སླར་གསོ་ལེགས་པར་ཕྱོགས་པའི་རྣམ་པ་སྲ་བརྟན་དང་ཤུགས་ཆེར་གཏོང་བ། དཔལ་འབྱོར་གྱི་སྤུས་ཚད་མཐོར་འདེགས་ནུས་ལྡན་དང་གྲངས་འབོར་འཕར་རྒྱུན་ལུགས་མཐུན་དང་ལྡན་པར་སྐུལ་འདེད་གཏོང་བ། དམངས་འཚོའི་བདེ་རྩ་ཆེ་རུ་གཏོང་བ་དང་། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་རྒྱུན་འཁྱོངས་བྱེད་པ་བཅས་ཀྱི་ཐོག་ནས་ལྷོ་ཁའི་དེང་རབས་ཅན་འཛུགས་སྐྲུན་གྱི་ལེའུ་གསར་པ་ཧུར་ཐག་རྩོམ་དགོས།

མུའོ་ཡུང་ཝུན་གྱིས་སྙན་སྒྲོན་ནང་བསྟན་དོན། 2024ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྔོན་དཔག་དམིགས་ཚད་ནི། ས་ཁུལ་གྱི་ཐོན་སྐྱེད་སྤྱིའི་རིན་ཐང་བརྒྱ་ཆ་8ཡས་མས་འཕར་བ་བྱ་རྒྱུ་དང་། སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་འཇོག་བརྒྱ་ཆ་13ཡས་མས་འཕར་བ་བྱ་རྒྱུ། སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བསྡོམས་འབོར་བརྒྱ་ཆ་10ཡས་མས་འཕར་བ་བྱ་རྒྱུ། གྲོང་ཁྱེར་གྲོང་རྡལ་གྱི་གྲོང་མིའི་ཡོང་འབབ་དང་དཔལ་འབྱོར་འཕར་ཚད་གཞི་རྩའི་ཆ་ནས་གཅིག་མཚུངས་ཡོང་བ་བྱ་རྒྱུ། གྲོང་གསེབ་ཀྱི་གྲོང་མིའི་ཡོང་འབབ་འཕར་ཚད་གྲོང་ཁྱེར་གྲོང་རྡལ་གྱི་གྲོང་མི་ལས་མགྱོགས་པ་ཡོང་བ་བྱ་རྒྱུ། གྲོང་མིའི་འཛད་སྤྱོད་རིན་གོང་འཕར་ཚད་བརྒྱ་ཆ་3ནང་ཚུན་ཚོད་འཛིན་བྱ་རྒྱུ། གྲོང་ཁྱེར་གྲོང་རྡལ་གྱི་གྲོང་མིའི་ལས་ཀ་ཤོར་ཚད་བརྒྱ་ཆ་5ཡི་ནང་ཚུན་ཚོད་འཛིན་བྱ་རྒྱུ་བཅས་རེད།

མུའོ་ཡུང་ཝུན་གྱིས་སྙན་སྒྲོན་ནང་ནན་བཤད་གནང་དོན། གོང་གསལ་གྱི་དམིགས་ཚད་ལ་དམིགས་ནས་མཐའ་འཁྱོངས་བདུན་དང་བྱ་སྤྱོད་ཆེ་གྲས་བདུན་ལག་བསྟར་བྱ་རྒྱུར་འབད་དགོས། ཕྱོགས་ཁག་མང་པོ་ནས་ཤུགས་རྒྱག་རྒྱུ་དང་སྣེ་མང་ནས་གོམ་པ་མཉམ་སྤོ་བྱ་རྒྱུ་གཙོ་གནད་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ། སྤུས་མཐོའི་འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་པའི་བྱ་སྤྱོད་སྤེལ་ནས་ཐབས་བརྒྱ་ཇུས་སྟོང་གིས་དཔལ་འབྱོར་ནུས་ལྡན་ངང་འཕར་རྒྱུར་འགན་ལེན་བྱེད་དགོས། གྲུབ་ཚུལ་ལེགས་འགྱུར་དང་ཚུལ་སྒྱུར་རིམ་སྤོར་གཙོ་གནད་དུ་འཛིན་རྒྱུ་མཐའ་འཁྱོངས་དང་། སྤུས་མཐོའི་འཕེལ་རྒྱས་ཀྱི་ཆུ་ཚད་མཐོར་གཏོང་བྱ་སྤྱོད་སྤེལ་ནས་ནུས་ཤུགས་ཡོད་རྒུས་དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྱོང་བྱེད་དགོས། བྱེད་ནུས་འཐུས་ཚང་དང་བཅོས་སྐྱོང་ཕན་འབྲས་ལ་དམིགས་རྒྱུ་མཐའ་འཁྱོངས་བྱས་ནས་སྤུས་མཐོའི་འཕེལ་རྒྱས་ཀྱི་བྱ་སྤྱོད་ནུས་ལྡན་ལག་བསྟར་བྱས་ཏེ་སེམས་ཤུགས་གཅིག་སྒྲིལ་གྱིས་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པའི་དཔེ་མཚོན་གྲོང་ཁྱེར་གཏོད་དགོས། ལས་གཏོད་དང་སྡོད་མལ་ལ་འཚམ་པ་དང་། གྲོང་ཚོ་མཛེས་ཤིང་མང་ཚོགས་ཕྱུག་འགྱུར་བཅས་ལ་སྣང་ཆེན་བྱ་རྒྱུ་མཐའ་འཁྱོངས་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྨང་གཞི་བརྟན་དུ་གཏོང་བའི་བྱ་སྤྱོད་ལག་བསྟར་བྱས་ཏེ་བློ་བརྟན་འགྱུར་མེད་ངང་གྲོང་གསེབ་དར་རྒྱས་གཏོང་བའི་ལམ་བུའི་ཐོག་ཞུམ་མེད་ངང་བསྐྱོད་དགོས། སྒོ་དབྱེ་གོ་རིམ་ལྡན་པ་དང་གསོན་ཤུགས་རྒྱས་ཐུབ་པའི་འཇུག་གཞི་མཐའ་འཁྱོངས་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་མཁོ་སྤྲོད་བྱ་སྤྱོད་ལག་བསྟར་བྱས་ནས་སྒྱུར་བཅོས་སྒོ་དབྱེ་རྒྱུན་མཐུད་གཏིང་ཟབ་ཏུ་སྤེལ་དགོས། དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་རྒྱུ་བྱེད་རྒྱུ་དེ་གཞི་འཛིན་སར་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་མཉམ་སྤྱོད་ཀྱི་བྱ་སྤྱོད་སྤེལ་ཏེ་བློ་གཅིག་སེམས་གཅིག་གིས་དམངས་འཚོར་ཕན་འདོགས་རྒྱུ་དང་དམངས་ཀྱི་སེམས་ཁྲལ་སེལ་ནས་དམངས་སེམས་དྲོ་བ་བྱ་དགོས། བདེ་འཇགས་འགན་ལེན་དང་ཞི་མཐུན་ལ་སྐུལ་འདེད་གཏོང་རྒྱུ་དེ་རྩ་བའི་གནས་སུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་བརྟན་ལྷིང་འགན་ལེན་གྱི་བྱ་སྤྱོད་ལག་བསྟར་བྱས་ཏེ་བློ་བརྟན་འགྱུར་མེད་ངང་འཕེལ་རྒྱས་དང་བདེ་འཇགས་གཅིག་གྱུར་ཐོག་ནས་འཆར་འགོད་བྱེད་དགོས།

མུའོ་ཡུང་ཝུན་གྱིས་སྙན་སྒྲོན་ནང་གསུངས་དོན། མི་དམངས་ལ་ཞབས་འདེགས་ཞུ་བ་དང་། མི་དམངས་ལ་འགན་འཁུར་བ། དམངས་ཀྱི་ལྟ་སྐུལ་དང་དུ་ལེན་པ། མི་དམངས་བློ་ཡིད་ཚིམ་པ་བཅས་བྱ་རྒྱུ་ནི་སྲིད་གཞུང་གིས་ངེས་པར་དུ་བརྟན་པོར་སྲུང་དགོས་པའི་དད་འདུན་ཞིག་རེད། ང་ཚོས་ངེས་པར་དུ་གསུམ་བློ་ལ་བརྟན་པོར་ངེས་ནས་ཐོག་མཐའ་བར་གསུམ་དུ་ཡིག་རྒྱུགས་གཏོང་བ་ལྟ་བུའི་རྣམ་པ་རྒྱུན་འཁྱོངས་བྱས་ཏེ། རྒྱུགས་སྤྲོད་འཇོན་ཐང་ཆེ་རུ་བཏང་ནས་ལས་བྱེད་པའི་འགན་འཁྲི་འཁུར་བའི་སྟོན་གྲངས་ལ་བརྟེན་ནས་ལྷོ་ཁའི་འཕེལ་རྒྱས་སྟོན་གྲངས་མཐོ་རུ་གཏོང་དགོས་པ་དང་། སྲིད་གཞུང་གི་དཀའ་སྤྱད་སྟོན་གྲངས་ལ་བརྟེན་ནས་མང་ཚོགས་ཀྱི་བདེ་སྐྱིད་སྟོན་གྲངས་དང་བརྗེས་པ་བརྒྱབ་སྟེ། ཆབ་སྲིད་འཛུགས་སྐྱོང་དང་། ལས་ཕྱོད་འཛུགས་སྐྱོང་། ཁྲིམས་སྐྱོང་འཛུགས་སྐྱོང་། སྲིད་གཙང་འཛུགས་སྐྱོང་བཅས་ལ་ཤུགས་སྣོན་བརྒྱབ་ནས་མི་དམངས་བློ་ཡིད་ཚིམ་པའི་རྒྱུགས་ལན་འབུལ་རྒྱུ་ཡིན།

ཚོགས་འདུའི་གྲོས་རིམ་གཞིར་བཟུང་། ཚོགས་ཆེན་ཐོག་ད་དུང་ལྷོ་ཁ་གྲོང་ཁྱེར་གྱི་2023ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞི་ལག་བསྟར་བྱས་ཚུལ་དང་། 2024ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞིའི་འཆར་ཟིན་སྙན་ཞུ། 2023ལོའི་ནོར་སྲིད་སྔོན་རྩིས་ལག་བསྟར་བྱས་ཚུལ་དང་2024ལོའི་ནོར་སྲིད་སྔོན་རྩིས་འཆར་ཟིན་གྱི་སྙན་ཞུ་བཅས་ལ་ཞིབ་བཤེར་བྱས་པ་རེད།

གྲོང་ཁྱེར་སྐབས་གཉིས་པའི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་མ་ཡིན་པའི་ལྷོ་ཁར་བཅའ་སྡོད་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་འཐུས་མི་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་འཐུས་མི། གྲོང་ཁྱེར་སྲིད་གཞུང་དང་། གྲོང་ཁྱེར་སྲིད་གྲོས། དེ་བཞིན་འབྲེལ་ཡོད་འགོ་ཁྲིད་བློ་མཐུན་གཞན་དག་དང་། གྲོང་ཁྱེར་སྲིད་གྲོས་སྐབས་གཉིས་པའི་ཚོགས་འདུ་ཐེངས་བཞི་པར་ཞུགས་མཁན་གྱི་སྲིད་གྲོས་ཨུ་ཡོན་དང་ཟུར་ཞུགས་མི་སྣ། གྲོང་ཨུད་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བ། གྲོང་ཁྱེར(ཀྲུང་དབྱང་། ལྗོངས)ཐད་གཏོགས་འབྲེལ་ཡོད་ཚན་པ་བཅས་ཀྱི་འགན་འཁུར་བ་གཙོ་བོ། རྫོང་(ཆུས། གྲོང་ཁྱེར)ཁག་གི་ཁྲིམས་ཁང་དང་ཞིབ་དཔྱོད་ཁང་གི་འགན་འཁུར་བློ་མཐུན་བཅས་དང་། དེ་བཞིན་འབྲེལ་ཡོད་ཁེ་ལས་ཀྱི་འགན་འཁུར་བ་བཅས་ཚོགས་འདུར་ཟུར་ཞུགས་གནང་བ་རེད།

ཡེ་ཤེས་བཟང་མོས་བསྒྱུར། བསོད་བསོད་བདེས་ཞུས།

下一篇 4 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:专版
   第03版:专版
   第04版:专版
ལྷོ་ཁ་གྲོང་ཁྱེར་སྐབས་གཉིས་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཚོགས་འདུ་ཐེངས་དྲུག་པ་གཟབ་རྒྱས་ངང་སྐོང་འཚོགས་བྱས་པ།
གྲོང་ཁྱེར་སྲིད་གྲོས་སྐབས་གཉིས་པའི་ཚོགས་འདུ་ ཐེངས་བཞི་པ་ཐུགས་གྲ་འགྲིག་པོས་གྲོལ་བ།
ལྷོ་ཁ་གྲོང་ཁྱེར་སྐབས་གཉིས་པའི་མི་དམངས་འཐུས་མི་ཚོགས་ཆེན་ཚོགས་འདུ་ཐེངས་དྲུག་པས་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་པ།
གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་གཉིས་པའི་ཚོགས་འདུ་ཐེངས་དྲུག་པས་ཚང་འཛོམས་ཚོགས་འདུ་ཐེངས་གཉིས་པ་འཚོགས་པ།