འདི་ལོ་ཚུན། ལྷོ་ཁ་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གིས་མེ་ཟོན་ཤེས་བྱ་དྲིལ་བསྒྲགས་བྱེད་པའི་ལས་དོན་མུ་མཐུད་གཏིང་ཟབ་སྤེལ་བ་དང་། གྲོང་ཁྱེར་ཡོངས་སུ་མེ་གསོད་མེ་འགོག་གི་ཚན་རྩལ་ཁྱབ་སྤེལ་སློབ་གསོའི་རྟེན་གཞི་ཁྱོན་ཡོངས་ནས་སྒོ་འབྱེད་པ། 119མེ་གསོད་མེ་འགོག་དྲིལ་བསྒྲགས་ཟླ་བ་སོགས་ཀྱི་བྱེད་སྒོ་དང་ཟུང་འབྲེལ་བྱས་ནས། མེ་ཟོན་ཤེས་བྱ་སློབ་རར་སྤེལ་བ་དང་། མེ་ཟོན་བདེ་འཇགས་ཀྱི་ཉམས་ལེན་ཆེ་མོ། “སྤྲིན་ཐོག་119”ཞེས་པའི་ཆེད་དོན་དྲིལ་བསྒྲགས་སོགས་སྤྱི་ཚོགས་ཅན་གྱི་དྲིལ་བསྒྲགས་བྱེད་སྒོ་དང་དང་བླངས་ཞབས་ཞུའི་བྱེད་སྒོ་སྣ་ཚོགས་སྤེལ་བ་རེད། འདི་ནི་མེ་ཟོན་ཤེས་བྱ་སློབ་གྲྭར་ཁྱབ་གདལ་གཏོང་བའི་བྱེད་སྒོའི་ཁྲོད་མེ་ཟོན་པས་སློབ་མར་མེ་གསོད་ཆས་སྤྱོད་སྟངས་སློབ་སྟོན་བྱེད་བཞིན་པ།