ཉེ་དུས། འཕྱོངས་རྒྱས་རྫོང་གིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཤེས་བྱ་འགྲན་བསྡུར་བྱས་པ་དང་། ཞིང་འབྲོག་མང་ཚོགས་ཀྱི་ཚོགས་ཆུང་རུ་ཁག་8དང་ལས་བྱེད་ལས་བཟོའི་ཚོགས་ཆུངརུ་ཁག་8ཀྱིས་མཐའ་བསྡུར་ནང་ཞུགས་པ་རེད།
ཉེ་དུས། གོང་དཀར་རྫོང་གིས་འཕེལ་རྒྱས་ལས་དོན་གྱི་ཕན་འབྲས་དང་སྐྱེ་ཁམས་ལས་དོན་གྱི་ཕན་འབྲས་ཕྱོགས་བསྡུས་དཔྱད་བསྡུར་ལས་དོན་གྱི་སྐུལ་སྤེལ་ཚོགས་འདུ་འཚོགས་པ་རེད།
ཉེ་དུས། ཆུ་གསུམ་རྫོང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ལས་དོན་སྐུལ་སྤེལ་ཚོགས་འདུ་སྐོང་འཚོགས་པ།
ཉེ་དུས། ལྷུན་རྩེ་རྫོང་གིས་ཞིབ་བཤེར་རྩིས་ལེན་ཚོགས་ཆུང་སྒྲིག་འཛུགས་བྱས་ཏེ་བྱ་ཡུལ་ཤང་གི་གྲོང་གསེབ་བདེ་སྐྱིད་ཁང་གི་རྣམ་གྲངས་ལ་ཁྱོན་ཡོངས་ནས་ཕྱོགས་བསྡུས་ཞིབ་ཚགས་ངང་ཞིབ་བཤེར་བྱས་པ་དང་ཞིབ་བཤེར་རྩིས་ལེན་ཚོགས་ཆུང་གིས་ཞིབ་བཤེར་རྩིས་ལེན་གྱི་ཆ་རྐྱེན་དང་མཐུན་པའི་ངོས་འཛིན་བྱས་ནས་ཞིབ་བཤེར་བྱ་རྒྱུར་མོས་མཐུན་བྱས་ཡོད། ཉེ་དུས། ལྷོ་བྲག་རྫོང་བན་པ་ཤང་གི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་སོའོ་ཡིས་ཤེས་དཔལ་ལ་སྣང་ཆེན་དང་སྲོལ་གསར་གཏོད་པའི་གོམས་སྲོལ་བསྒྱུར་བ་དེ་རང་ཉིད་ནས་བྱེད་འགོ་འཛུགས་ཞེས་པའི་ཤེས་དཔལ་དར་སྲོལ་དྲིལ་བསྒྲགས་དང་དང་བླངས་བྱེད་སྒོ་སྤེལ་བ་རེད།