འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། བུད་མེད་སྤྱི་ཡོངས་ཀྱི་བདེ་ཐང་ཆུ་ཚད་ཁྱོན་ཡོངས་ནས་མཐོ་རུ་གཏོང་ཆེད། ཉི ན་ཤས་བསྟུད་མར་འཕྱོངས་རྒྱས་རྫོང་གིས་རྫོང་དེའི་མི་དམངས་སྨན་ཁང་གི་སྨན་དོན་མི་སྣ་སྒྲིག་འཛུགས་བྱས་ཏེ། ཞིང་འབྲོག་ཁུལ་གྱི་བུད་མེད་ལ་རིན་པ་མི་དགོས་པར“འབྲས་སྐྲན་གཉིས”བརྟག་དཔྱད་བྱེད་པ་དང་འོས་འགན་སྨན་བཅོས་ཀྱི་བྱེད་སྒོ་སྤེལ་བ་རེད།
ད་ཐེངས་ཀྱི་འོས་འགན་སྨན་བཅོས་ནང་ལོ་35ནས་ལོ་64བར་གྱི་བུད་མེད་470ལ་བརྟག་དཔྱད་བྱས་པ་རེད། བུད་མེད་ཚན་ཁག་གི་འཆར་ཅན་བརྟག་དཔྱད་དང་HPVབརྟག་དཔྱད་སོཌ་ཀྱི་རྣམ་གྲངས་ཚུད་ཡོད། སྨན་དོན་མི་སྣས་ཞིང་འབྲོག་ཁུལ་གྱི་བུད་མེད་ལ་རིན་པ་མི་དགོས་པར་བརྟག་དཔྱད་བྱེད་པ་དང་སྦྲགས་ངང་རྒྱུད་རིང་པོས་མང་ཚོགས་ཀྱི་འབྲེལ་ཡོད་དོགས་གཞིར་ལན་རྒྱག་པ་དང་། དོགས་ཡོད་ནད་གཞིར་སྔ་ཙམ་ནས་བརྟག་དཔྱད་དང་སྨན་བཅོས་བྱེད་དགོས་པའི་ཁ་ཏ་བསླབ་བྱ་བྱས་པ་མ་ཟད། ས་གནས་ས་ཐོག་ཏུ་ནད་གཞི་གཏན་འཁེལ་བྱུང་བའི་ནད་པར་སྨན་བཅོས་བྱས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ལོ་35ནས་ལོ་64བར་གྱི་བུད་མེད་ནི“འབྲས་སྐྲན་གཉིས”ཐོན་སླ་བའི་ཚོགས་སྤྱི་ཞིག་རེད། ཞིང་འབྲོག་ཁུལ་གྱི་བུད་མེད་ལ་དཔལ་འབྱོར་གྱི་ཆ་རྐྱེན་དང་སྨན་བཅོས་ཀྱི་ཆ་རྐྱེན་སོགས་རྒྱུ་རྐྱེན་སྣ་ཚོགས་ཀྱི་ཚོད་འཛིན་ཕོག་ནས་དུས་ཐོག་ཏུ་བརྟག་དཔྱད་དང་སྨན་བཅོས་བྱེད་མ་ཐུབ་པར་ནད་གཞི་ནར་འགྱངས་བྱེད་སླ་བས་ནད་ཆུང་ནད་ཆེན་དུ་འགྱུར་སླ་པོ་ཡོད། “འབྲས་སྐྲན་གཉིས”དུས་ཐོག་ཏུ་བརྟག་དཔྱད་བྱས་ཚེ“འབྲས་སྐྲན་གཉིས”སྔ་ཙམ་ཤེས་རྟོགས་ཐུབ་པ་དང་སྔ་ཙམ་སྔོན་འགོག་ཐུབ་པ། སྔ་ཙམ་སྨན་བཅོས་བཅས་བྱ་རྒྱུར་ཕན་ཐོགས་ཡོད་ལ། སྐྲན་ནད་མཆེད་ཚད་དང་ཤི་ཚད་ནུས་ལྡན་ངང་ཉུང་དུ་ཕྱིན་ནས་བུད་མེད་སྤྱི་ཡོངས་ཀྱི་བདེ་ཐང་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་འགྲོ་བར་ཕན་ཐོགས་ཀྱང་ཡོད་པ་རེད།