第02版:综合新闻 上一版3  4下一版
 
版面导航

第01版
头版

第02版
综合新闻

第03版
综合新闻
 
标题导航
| 山南网首页 |
2022年11月7日 星期
3 上一篇  下一篇 4 放大 缩小 默认
སྣེ་གདོང་ཆུས་སྐལ་བཟང་གྲོང་ཚོར།
གྲོང་མི་སྒྲོག་འགྲེལ་ཉན་རྒྱུར་དགའ། བློ་ཁ་སྔར་བས་གསལ་བར་གྱུར།
 

སྟོན་མཇུག་གི་དུས་སུ་ཡར་ཀླུང་ལུང་ཤུར་གྱི་གནམ་སྔོ་ཞིང་སྤྲིན་དཀར་ཚོམ་བུ་འཁོར་བ་དང་གང་སར་འདབ་ལོ་སེར་པོས་བརྒྱན་པའི་ཁྲོད། དར་དམར་མཁའ་དབྱིངས་སུ་ལྷབ་ལྷུབ་ཏུ་གཡོ་ཞིང་། ཞི་མཐུན་ལྷིང་འཇགས་ཀྱི་རྣམ་པ་ཞིག་མངོན།

ཞོགས་པ་སྔ་པོ་ནས་སྣེ་གདོང་ཆུས་སྐྱེད་པ་ཤང་སྐལ་བཟང་གྲོང་ཚོའི་ཚོགས་ཆུང་བཞི་པའི་སྲིད་ཇུས་སྒྲོག་འགྲེལ་པ་བཀྲ་ཤིས་ཉི་མས་ལྟོ་ཕད་ཁྱེར་ནས་ཞིང་ཁའི་ཕྱོགས་སུ་བསྐྱོད་ཅིང་། ཉིན་དེར་ཡུལ་མི་ཚོས་ཞིང་ནང་དུ་སྟོན་ཁའི་ས་སློག་གི་ངལ་རྩོལ་བྱས་ཏེ་ཚང་མ་ངལ་གསོས་ནས་ལྟོ་ཆས་ཟ་བའི་སྐབས་དང་བསྟུན་ཁོང་གིས་ཡུལ་མི་ཚོ་དང་ཅི་འཕྲོས་མོལ་འཕྲོས་ངང་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་གླེང་ནས་ཚང་མར་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གསར་ཤོས་ཤེས་རྟོགས་ཡོང་བར་བྱས་ཡོད།

2016ལོ་ནས་བཟུང་བཀྲ་ཤིས་ཉི་མས་གྲོང་ཚོའི་སྲིད་ཇུས་སྒྲོག་འགྲེལ་པའི་འགན་ཁུར། དགུན་ཁ་དང་དབྱར་ཁ་གང་དུས་ཡིན་རུང་ཞིང་ནང་མུ་ཁ་དང་། གྲོང་ཚོ་ཨུ་ལྷན་གྱི་སྒོ་ར་ཆེ་མོ། ཡུལ་མིའི་ཁྱིམ་ཚང་བཅས་སུ་སྐྱོད་རིམ་བཞིན་རྟག་ཏུ་ལུས་ལ་སྟོད་གོས་དམར་པོ་གྱོན་པའི་ཐོག་ཕྲག་པར་ལྟོ་ཕད་ལྗང་གུ་དང་ལག་ཏུ་དེབ་ཆུང་ཁྱེར་ནས་ཚང་མར་སྲིད་ཇུས་འགྲེལ་བཤད་བརྒྱབ་ནས་ཞབས་འདེཌ་ཞུ་བའི་ཁོང་གི་གཟུགས་བརྙན་ཞིག་མཐོང་རྒྱུ་ཡོད།

སྐབས་དེར། བཀྲ་ཤིས་ཉི་མས་ཡུལ་མི་རྣམས་དང་མཉམ་དུ་ཞིང་ནང་གི་འབུ་སུ་ཧང་བརྔས་པའི་འགྲམ་དུ་བསྡད་དེ་ལུས་འབྱར་གྱི་དེབ་ཆུང་ཁ་ཕྱེ་ནས་སྒྲོག་འགྲེལ་བྱེད་འགོ་བརྩམས།

“ཏང་གི་ཚོཌ་ཆེན་ཉི་ཤུ་པར་ཞིང་ལས་དང་གྲོང་གསེབ་སྔོན་ལ་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་བྱེད་དགོས་ཞེས་པ་དང་། “གྲོང་གསེབ་ཀྱི་ཐོན་ལས་དང་། ཤེས་ལྡན་པ། རིག་གནས། སྐྱེ་ཁམས། རྩ་འཛུཌ་བཅས་དར་རྒྱས་ཡོང་བར་སྐུལ་འདེད་ཏན་ཏིག་གཏོང་དགོས’ཞེས་ཁ་གསལ་བཏོན་གནང་བ་དེས་ང་ཚོར་བརྗོད་ན་གཏམ་བཟང་ཞིག་དང་གོ་སྐབས་ཤིག་ཡིན་པས། ཕྱིས་འབྱུང་གྲོང་གསེབ་སྔར་བས་ལེཌ་པའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུ་རེད”

སྒྲོག་འགྲེལ་བྱེད་རིང་། ཡུལ་མིས་ཡང་སེ་འདྲི་ལ་མགོ་བོ་ཡང་ཡང་ལྕོག་ལྕོག་བྱེད་པ་དང་བྱེད་སྒོའི་རྣམ་པ་འཁྲུག་ཆ་དོད་པོ་ཡོད་ཅིང་། ཁོང་ཚོས་འབྱུང་འགྱུར་ལ་རེ་སྒུག་ཆེན་པོ་བྱེད་ཀྱི་ཡོད།

དེ་ལྟར་སྒྲིག་འཛུགས་ཆེད་མངགས་བྱེད་མི་དགོས་པར་ཞིང་ནང་དང་མུ་ཁར་སྐབས་དང་བསྟུན་ནས་སྒྲོག་འགྲེལ་བྱེད་སྟངས་འདི་རིགས་ལ་བཀྲ་ཤིས་ཉི་མ་དང་ཡུལ་མི་རྣམས་གོམས་ནས་རྒྱུན་གཏན་བཞིན་དུ་གྱུར་ཡོད། ཁོང་ཚོའི་ངོས་ནས་བརྗོད་ན། སྒྲོག་འགྲེལ་བྱེད་སྟངས་དེ་རིགས་ནི་སློབ་སྦྱོང་སྤེལ་རེས་དང་མང་ཚོགས་དང་འབྲེལ་འདྲིས་བྱེད་བདེ་ཤོས་ཀྱི་བྱ་ཐབས་ཤིག་རེད་ལ་སྒྲོག་འགྲེལ་གྱི་ཕན་འབྲས་ཡག་ཤོས་དང་མང་ཚོགས་ཀྱིས་ཉན་བདེ་ཤོས་ཀྱི་བྱ་ཐབས་ཤིག་ཀྱང་རེད།

སྐལ་བཟང་གྲོང་ཚོར་ཞིང་ནང་དང་མུ་ཁར་བསྐྱོད་དེ“ཅི་འཕྲོས་མོལ་འཕྲོས”ཀྱིས་སྒྲོག་འགྲེལ་བྱེད་པ་ཡོད་ལ། ཏང་དང་མང་ཚོགས་ཀྱི་ཞབས་ཞུའི་ས་ཚིགས་སུ“ཞབས་ཞུའི་རྣམ་པའི”སྒྲོག་འགྲེལ་བྱེད་སྟངས་ཀྱང་ཡོད་པ་རེད།

ཉིན་དེར་སྐལ་བཟང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་བསྟན་འཛིན་པད་མ་དང་ཡུལ་མི་ཚོ་ཏང་དང་མང་ཚོགས་ཀྱི་ཞབས་ཞུའི་ས་ཚིགས་ཀྱི་ཉི་འོད་དྲོད་ཁང་ནང་བསྡད་དེ། ཇ་བསྲུབས་མ་འཐུང་ཞོར་ཏང་གི་དམངས་ཕན་སྲིད་ཇུས་གླེང་བཞིན་ཡོད།

སྐལ་བཟང་གྲོང་ཚོར་ཏང་དང་མང་ཚོགས་ཀྱི་ཞབས་ཞུའི་ས་ཚིགས་ནི་ཡུལ་མི་ཡོངས་ཀྱིས་མཉམ་དུ་སློབ་སྦྱོང་བྱེད་ས་དང་སེམས་ནུས་གཅིག་ཏུ་སྒྲིལ་སའི་ས་ཚིགས་ཤིག་རེད།

ཡུལ་མི་བསོད་ནམས་ཚེ་རིང་གིས“ང་རྟག་ཏུ་ས་ཚིགས་སུ་ཡོང་ནས་གྲོང་ཚོའི་ལས་བྱེད་པ་དང་སྒྲོག་འགྲེལ་པས་ཞིང་དར་དམངས་ཕན་གྱི་སྲིད་ཇུས་གསར་ཤོས་འགྲེལ་བཤད་བྱས་པར་ཉན་པས་རྒྱལ་ཁབ་ཀྱི་དོན་ཆེན་མང་པོ་ཤེས་བྱུང་། གནས་ཚུལ་ཇི་ཙམ་མང་བ་རྟོགས་པ་དེ་ཙམ་གྱིས་བློ་ཁ་ཇེ་གསལ་དུ་འགྲོ་གི་འདུག ང་ཚོའི་འཚོ་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་སོང་ཡོད། ཏང་ཀྲུང་དབྱང་གི་ཡང་དག་པའི་འགོ་ཁྲིད་འོག་ང་ཚོའི་འཚོ་བ་ཉིན་རེ་ལས་མ་འདས་པར་ཡག་ཏུ་འགྲོ་ངེས་ཡིན་པ་ང་ལ་ཡིད་ཆེས་ཡོད”ཅེས་བཤད།

འདི་ནི་སྒྲོག་འགྲེལ་པས་ཞིང་ནང་དུ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སྒྲོག་འགྲེལ་བྱེད་བཞིན་པ།

3 上一篇  下一篇 4 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:综合新闻
   第03版:综合新闻
   第04版:党建
གཡན་ཧུང་དང་ལི་ཡཱ་ཞང་། བཀྲ་ཤིས་ཕུན་ཚོགས་བཅས་ཀྱིས་སྣེ་གདོང་ཆུས་དང་ཟངས་རི། མཚོ་སྣ་བཅས་སུ་ཆུ་བོ་དང་ མཚེའུ་ལ་སྐོར་ཞིབ་གནང་བ།
གྲོང་མི་སྒྲོག་འགྲེལ་ཉན་རྒྱུར་དགའ། བློ་ཁ་སྔར་བས་གསལ་བར་གྱུར།
བསོད་ནམས་བདེ་སྐྱིད་ཀྱིས་གཞི་རིམ་དུ་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སྒྲོག་འགྲེལ་བྱས་པ།