(པར་ངོས་དང་པོར་མཐུད) པེ་ཅིང་ནས་ལོག་རྗེས། ང་ལ་ཚོར་བ་ཟབ་མོ་སྐྱེས་པ་དང་སྦྲགས། དུས་ཚོད་ཨང་དང་པོར་རང་ཉིད་ཚོགས་འདུར་ཞུགས་སྐབས་ཀྱི་མྱོང་ཚོར་ཚང་མར་མཉམ་སྤྱོད་བྱེད་བསམས་པ་ཡོད།
ཟླ་10པའི་ཚེས་28ཉིན་དགོང་མོའི་ཆུ་ཚོད་8པའི་མཚམས་སུ། བསོད་ནམས་བདེ་སྐྱིད་ཀྱིས་སྐྱིད་པ་གྲོང་ཚོར་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སྒྲོག་འགྲེལ་གནང་ཞིང་། ས་ཡུལ་དངོས་སུ་སྒྲོག་འགྲེལ་ཉན་མཁན་མང་ཚོགས་ཚོའི་དགའ་བསུ་ཆེན་པོ་ཐོབ་པ་རེད། བསོད་ནམས་བདེ་སྐྱིད་ཀྱིས། ཚོགས་ཆེན་གྲོལ་རྗེས་ཏང་གི་འཐུས་མི་ཚོ་དང་མཉམ་པར་ལེན་དུས། ང་ཚོ་བོད་ཀྱི་འཐུས་མི་ཚོགས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དབར་ཧ་ཅང་ཐག་ཉེ་བར་གནས་ཡོད་ཅེས་སྒྲོག་འགྲེལ་དངོས་འགོ་ཚུགས་སྐབས་འདི་ལྟར་གླེང་བས། ས་ཡུལ་དངོས་སུ་ཡོད་པའི་མང་ཚོགས་ཀྱི་རྣ་དབང་རྩེ་གཅིག་ཏུ་བཀུག
ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་ནང་བཏོན་དོན། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་དགོས་པ་དང་། ཕྱོགས་ཡོངས་ནས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་བཏང་སྟེ་ཤང་གྲོང་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་དང་ཞིང་པའི་འབབ་འཕར་ཕྱུག་འགྱུར་གྱི་ཐབས་ལམ་རྒྱ་སྐྱེད་སོགས། འདི་ཚོ་ཚང་མ་ང་ཚོ་དང་འབྲེལ་བ་ཆེན་པོ་ཡོད་ཅེས་བསོད་ནམས་བདེ་སྐྱིད་ཀྱིས་སྒྲོག་འགྲེལ་རྩ་གནད་གྲ་སྒྲིག་ཚགས་ཚུད་པོ་གྲུབ་རྗེས་འདི་ལྟར་སྒྲོག་འགྲེལ་གནང་འགོ་ཚུགས།
སྐྱིད་པ་མོན་པ་མི་རིགས་ཤང་སྐྱིད་པ་གྲོང་ཚོའི་ཏང་ཀྲེ་པུའུ་ཧྲུའུ་ཅི་གུ་རུ་བསྟན་འཛིན་གྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པས་གྲོང་གསེབ་དར་རྒྱས་ཐད་འཕེལ་རྒྱས་ཀྱི་འདུ་འགོད་གསར་པ་ཞིག་བརྩམས་ཡོད།ང་ཚོས་ངེས་པར་དུ་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲངས་པ་བཅས་བྱས་ཏེ། ང་ཚོའི་གྲོང་ཚོ་སྔར་བས་མཛེས་སྡུག་དང་ལྡན་པ་བསྐྲུན་ནས་འཚོ་བ་ཉིན་རེ་ལས་མ་འདས་པར་ཇེ་ཡག་ཏུ་སྐྱེལ་ཐུབ་པ་བྱ་རྒྱུ་ཡིན།
སྐྱིད་པ་མོན་པ་མི་རིགས་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་མའེ་ཧྲའོ་ཡིས་ཆོད་སེམས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྙན་སྒྲོན་ནང་རྒྱལ་སྲིད་ནི་མི་དམངས་ཡིན་ཏེ། མི་དམངས་ནི་རྒྱལ་སྲིད་ཡིན། མི་དམངས་ལ་ཁེ་ཕན་བསྐྲུན་པ་ནི་སྤྱི་དོན་གྱི་ཆེད་དུ་ཏང་འཛུགས་པ་དང་མི་དམངས་ཀྱི་ཆེད་དུ་སྲིད་སྐྱོང་བའི་རྩ་བའི་བླང་བྱ་ཡིན་ཞེས་བཏོན་ཡོད། གོམ་སྟབས་རྗེས་མར། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་ཡག་པོ་དང་། རྒྱུས་ལོན་དྲིལ་བསྒྲགས་ཡག་པོ། དོན་འཁྱོལ་ལག་ལེན་ཡག་པོ་བཅས་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཆེས་དོ་ཁུར་དང་། ཆེས་ཐད་ཀར། ཆེས་ཁ་ཡོད་ལག་ཡོད་བཅས་ཀྱི་ཁེ་ཕན་གནད་དོན་ཐག་གཅོད་ཏན་ཏིག་བྱས་ནས། མི་རིགས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ་དམངས་ཀྱི་ཐོན་སྐྱེད་འཚོ་བའི་ཁོར་ཡུག་ལེགས་བཅོས་རྒྱུན་འཁྱོངས་ཐོག ཤང་ཡོངས་ཀྱི་མི་རིཊ་ཁག་གི་མང་ཚོཊ་ལ་མཐུན་སྒྲིལ་གྱིས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་གཏོད་རྒྱུ་ཡིན།
ཟླ་10པའི་ཚེས་29ཉིན་གྱི་ཞོགས་པ་སྔ་མོ་ནས། བསོད་ནམས་བདེ་སྐྱོད་ཀྱིས་སྐྱིད་པ་གྲོང་ཚོའི་བྲ་བོ་འདེབས་འཛུགས་ལས་སྣོན་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་དུ་ཕེབས་ཏེ། ལས་མི་ཚོར་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སྒྲོག་འགྲེལ་གནང་ཞིང་། ལྷག་དོན་ཕྱོགས་ཡོངས་ནས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་དང་། ཞིང་པའི་འབབ་འཕར་ཕྱུག་འགྱུར་གྱི་ཐབས་ལམ་རྒྱ་སྐྱེད། གྲོང་གསེབ་ཀྱི་མཉམ་སྡེབ་དཔལ་འབྱོར་དཔེ་གསར་འཕེལ་རྒྱས་སོགས་ཆེད་མངགས་བཏོན་ནས་ཚང་མའི་ཁེ་ཕན་དང་འབྲེལ་བའི་ནང་དོན་གསལ་འགྲེལ་ཡག་པོ་གནང་བས། ཚང་མས་ལས་སྒྲུབ་ལས་གཏོད་ཀྱི་སྤྲོ་སེམས་དང་སྒུལ་ཤུགས་བསྔོག་འདོན་ཐུབ་ཡོད་པ་རེད།
གྲོང་ཚོ་ཨུ་ཡོན་ལྷན་ཁང་གི་ཐང་ཆེན་དུ། བསོད་ནམས་བདེ་སྐྱིད་ཀྱིས་སྐྱིད་པའི་འཕེལ་རྒྱས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། ཐོན་ལས་འཕེལ་རྒྱས་དང་། གྲོང་ཚོའི་ཁོར་ཡུག་བཅོས་སྒྲིག རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སོགས་ཕྱོགས་ཁག་ལ་མཐའ་སྐོར་ནས་ཡུལ་མི་ཚོ་དང་མྱོང་ཚོར་སྤེལ་རེས་གྱིས། ཚང་མར་དྲིན་ཚོར་འབད་འབུངས་ལ་སྐུལ། ཐུན་མོང་ཐོག་སྔར་བས་མཛེས་སྡུག་ལྡན་པའི་འཚོ་བ་གཏོད་རྒྱུར་བརྩོན་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་མི་སེམས་ལ་ཟུག་པ་བྱེད་དགོས་ལུགས་ཀྱི་སྒྲོག་འགྲེལ་གནང་བ་རེད། གྲོང་མི་ཚེ་རིང་བདེ་སྐྱིད་ཀྱིས་སྒྲོག་འགྲེལ་ཉན་རྗེས་མྱོང་ཚོར་ཟབ་མོས་བརྗོད་དོན། ཤང་ཀྲང་བསོད་ནམས་བདེ་སྐྱིད་ལགས་ཀྱིས་ང་ཚོར་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སྒྲོག་འགྲེལ་གནང་བྱུང་། དངོས་གནས་ཡིན། སེམས་ལ་སྐུལ་ལྕག་ཆེན་པོ་ཐེབས་བྱུང་། གཞོན་ནུ་བཟང་ན་རྒྱལ་ཁབ་སྟོབས་དང་ལྡན་པར་འགྱུར། ང་ཚོ་གཞོན་ནུ་ཚོས་ཕུགས་འདུན་སེམས་ལ་བརྟན་པོར་འཆང་སྟེ། འབད་འབུངས་ཆེར་སྐྱེད་སྒོ་ནས་ང་ཚོའི་ཕ་ཡུལ་འཛུགས་སྐྲུན་བྱ་རྒྱུ་ཡིན།
བསོད་ནམས་དོན་གྲུབ་ཀྱིས་བསྒྱུར།