第02版:综合新闻 上一版3  4下一版
 
版面导航

第01版
头版

第02版
综合新闻

第03版
综合新闻
 
标题导航
| 山南网首页 |
2022年11月7日 星期
下一篇 4 放大 缩小 默认
གཡན་ཧུང་དང་ལི་ཡཱ་ཞང་། བཀྲ་ཤིས་ཕུན་ཚོགས་བཅས་ཀྱིས་སྣེ་གདོང་ཆུས་དང་ཟངས་རི། མཚོ་སྣ་བཅས་སུ་ཆུ་བོ་དང་ མཚེའུ་ལ་སྐོར་ཞིབ་གནང་བ།
 

འདི་ག་ཚགས་པར་ཁང་ནས་ཕྱོགས་བསྡུས་གནས་ཚུལ་སྤེལ་གསལ།ཟླ་11པའི་ཚེས་2ཉིན། གྲོང་ཨུད་རྒྱུན་ཨུ། དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་གཡན་ཧུང་གིས་སྔ་རྗེས་སུ་སྣེ་གདོང་ཆུས་སོ་དྲུག་ཤང་དང་སྐྱེད་པ་ཤང་གི་འོན་ཆུ་རྒྱུག་ཁུལ་དུ་ཕེབས་ཏེ་ཉེ་འཁོར་གྱི་སྐྱེ་ཁམས་ཁོར་ཡུག་བཅོས་སྒྲིག་དང་ཆུ་ལམ་གྱི་མངོན་མེད་རྐྱེན་རྩ་བཅོས་སྒྲིག་སོགས་ཀྱི་གནས་ཚུལ་ལ་ཞིབ་བཤེར་གནང་ཞིང་། ཤང་གྲོང་རྡལ་ཁག་གི་ཆུ་ལམ་གཙང་སེལ་དང་ཆུ་ངོགས་སྲུང་སྐྱོང་། སྒྲིག་འགལ་འཛུགས་སྐྲུན་བཤིག་སྤོ་སོགས་ཀྱི་ལས་དོན་གནས་ཚུལ་ལ་རྒྱུས་མངའ་ཞིབ་ཕྲ་གནང་བ་རེད།

ཉེ་ཆར། གྲོང་ཨུད་རྒྱུན་ཨུ། སྒྲིག་ཨུད་རྒྱུན་ཨུ། སྒྲིག་ཨུད་ཧྲུའུ་ཅི། ལྟ་ཞིབ་ཨུད་ཀྲུའུ་རེན་བཅས་ཡིན་པའི་ལི་ཡཱ་ཞང་གིས་ཟངས་རི་རྫོང་གི་རྫིང་ཆུར་སྐོར་ཞིབ་དང་སྦྲགས་འབྲེལ་གཏུག་གྲོང་ཚོའི་ཏང་འཛུགས་སྐྱོང་ལས་དོན་ལ་རྟོག་ཞིབ་དང་ག་སྦྱར་སྤུན་འགྲིག་ཐེམ་དུད་ལ་འཚམས་འདྲི་སོགས་གནང་ནས། ཆུ་དཔོན་མཚེའུ་དཔོན་ལམ་ལུགས་དོན་འཁྱོལ་གྱི་ལས་ཀར་ངོས་འཛིན་གསལ་པོ་བྱས་ཏེ། ལོ་འགོར་འཆར་གཞི་ཡོད་པ་དང་། ལོ་དཀྱིལ་ལ་ལེགས་སྒྲིག་སྐུལ་སྤེལ་གཏོང་བ། ལོ་མཇུག་ཏུ་ཕྱོགས་བསྡོམ་ཚང་བ་བཅས་སྒོ་ནས་ལས་དོན་ཁག་ཞིབ་ཅིང་ཕྲ་བ་སྤེལ་དགོས་པ། ཆུ་དཔོན་ལས་ཀའི་འགན་འཁྲི་དང་དམིགས་ཚད་ལས་འགན་ལ་དམ་པོར་དམིགས་ཏེ། གཞི་རིམ་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ཐོག་ལས་དོན་གསར་གཏོད་དང་ལྡན་པའི་སྒོ་ནས་སྤེལ་དགོས།

ཉེ་སྔོན། གྲོང་ཨུད་རྒྱུན་ཨུ། སྲིད་ཁྲིམས་ཨུད་ཧྲུའུ་ཅི་བཀྲ་ཤིས་ཕུན་ཚོགས་ཀྱིས་མཚོ་སྣ་རྫོང་ཉང་མོ་གཙང་ཆུ་རྒྱུག་ཁུལ་དུ་སྐོར་ཞིབ་དང་ཞིབ་བཤེར་ལས་དོན་སྤེལ་བ་དང་འབྲེལ་བཞུགས་མོལ་ཚོགས་འདུ་བསྐོང་འཚོག་གནང་བ་རེད། ཁོང་གིས་ནན་བཤད་གནང་དོན། ས་ཁོངས་ནང་རྫོང་དང་ཤང་དབར་མཉམ་འགུལ་དང་ཚན་པའི་དབར་མཐུན་སྦྱོར་བྱེད་པའི་ལས་དོན་ལ་ཤུགས་སྣོན་བརྒྱབ་སྟེ། ཆུ་བོའི་ཁོར་ཡུག་གི་ཕྱོགས་བསྡུས་བཅོས་སྒྲིག་ལས་དོན་དེ་རྒྱུན་རྣམ་ཅན་དང་ཡུན་ཕན་ཅན་དུ་འགྱུར་བ་བྱེད་དགོས། ཆུ་འགོར་དོ་དམ་དང་ཚོད་འཛིན་ལ་ཤུགས་སྣོན་བརྒྱབ་སྟེ། ཆུ་འགོ་ནས་སྦགས་བཙོག་ཉུང་དུ་གཏོང་དགོས། ས་ཁོངས་ཀྱི་བྱེད་པོའི་འགན་འཁྲི་དོན་འཁྱོལ་ཡག་པོ་བྱས་ཏེ་གཏན་འཁེལ་ཟིན་པའི་དམིགས་ཚད་ལས་འགན་དག་དོན་ཐོག་ཏུ་འཁྱོངས་རྒྱུར་འགན་ལེན་བྱེད་དགོས།

下一篇 4 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:综合新闻
   第03版:综合新闻
   第04版:党建
གཡན་ཧུང་དང་ལི་ཡཱ་ཞང་། བཀྲ་ཤིས་ཕུན་ཚོགས་བཅས་ཀྱིས་སྣེ་གདོང་ཆུས་དང་ཟངས་རི། མཚོ་སྣ་བཅས་སུ་ཆུ་བོ་དང་ མཚེའུ་ལ་སྐོར་ཞིབ་གནང་བ།
གྲོང་མི་སྒྲོག་འགྲེལ་ཉན་རྒྱུར་དགའ། བློ་ཁ་སྔར་བས་གསལ་བར་གྱུར།
བསོད་ནམས་བདེ་སྐྱིད་ཀྱིས་གཞི་རིམ་དུ་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སྒྲོག་འགྲེལ་བྱས་པ།