第02版:综合新闻 上一版3  4下一版
 
版面导航

第01版
头版

第02版
综合新闻

第03版
综合新闻
 
标题导航
| 山南网首页 |
2022年6月24日 星期
3 上一篇  下一篇 4 放大 缩小 默认
གྲོང་ཁྱེར་སྲིད་གཞུང་གིས་ཨན་ནེང་ཚོགས་པ་ལས་གྲྭ་ཅུད་ཨང་གསུམ་པ་ཚད་ཡོད་ཀུང་སི་དང་བཞུགས་མོལ་འཚོགས་པ།
 

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་དུས། གྲོང་ཁྱེར་སྲིད་གཞུང་གིས་ཨན་ནེང་ཚོགས་པ་ལས་གྲྭ་ཅུད་ཨང་གསུམ་པ་ཚད་ཡོད་ཀུང་སི་དང་མཉམ་ལས་དང་འཕེལ་རྒྱས་བསམ་གྲོས་སྤེལ་རེས་ཀྱི་བཞུགས་མོལ་འཚོགས་པ་རེད། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། གྲོང་སྤྱི་ཚེ་རིང་ཕུན་ཚོགས་དང་། ཨན་ནེང་ཚོགས་པ་ལས་གྲྭ་ཅུད་ཨང་གསུམ་པའི་ཚད་ཡོད་ཀུང་སིའི་ཏང་ཨུད་ཧྲུའུ་ཅི་གཞོན་པ། སྤྱི་ཁྱབ་ཅིང་ལི་ཧྲེན་ཧྲའོ་དབྱིང་བཞུགས་མོལ་ཚོགས་འདུར་ཕེབས་ཡོད་པ་མ་ཟད་གསུང་བཤད་གནང་བ་རེད། གྲོང་ཨུད་རྒྱུན་ཨུ། རྒྱུན་ལས་གྲོང་སྤྱི་གཞོན་པ་མུའུ་ཡུང་ཝུན་དང་། གྲོང་སྤྱི་གཞོན་པ་ཚེ་རིང་རྣམ་གཉིས་ཚོགས་འདུར་ཕེབས་ཡོད་པ་རེད།

ཚོགས་འདུའི་ཐོག ཚེ་རིང་ཕུན་ཚོགས་ཀྱིས་གྲོང་ཨུད་དང་། གྲོང་ཁྱེར་སྲིད་གཞུང་། དེ་བཞིན་ཧྲུའུ་ཅི་ཞུས་ཁྲེང་ཚང་བཅས་ཀྱི་ཚབ་ཞུས་ཏེ། ཧྲེན་ཧྲའོ་དབྱིང་དང་བཅས་པར་སྤྲོ་སེམས་འཁོལ་པོས་དགའ་བསུ་ཞུས་གནང་བ་མ་ཟད། ཁོང་གིས། ཨན་ནེང་ཚོགས་པ་ལས་གྲྭ་ཅུད་ཨང་གསུམ་པ་ཚད་ཡོད་ཀུང་སིས་ཏང་ལ་ལྷག་བསམ་རྣམ་དག་དང་། འགན་འཁྲི་འཁུར་ཕོད་ཆེ་བ། གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན། དེ་བཞིན་གཟི་བརྗིད་སྲོལ་བཟང་དར་སྤེལ་དང་བོད་ལ་བརྩེ་བ་ཟབ་པ་བཅས་ལྡན་པའི་ཁེ་ལས་ཤིག་ཡིན་ལ། བགྲང་བྱ་30ལྷག་ཙམ་རིང་། ཀྲུང་དབྱང་ (པར་ངོས་གཉིས་པར་གཟིགས)(པར་ངོས་དང་པོར་མཐུད) ཁེ་ལས་ཤིག་ཡིན་པའི་ངོས་ནས་ཆབ་སྲིད་འགན་འཁྲི་ཧུར་ཐག་འཁུར་ཐོག་བོད་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་ལེགས་སྐྱེས་ཆེན་པོ་ཕུལ་ཡོད་ཅེས་གསུངས།

ཚེ་རིང་ཕུན་ཚོགས་ཀྱིས་བསྟན་དོན། མིག་སྔར་ལྷོ་ཁས་རྒྱལ་ཡོངས་དང་ལྗོངས་ཡོངས་དང་མཉམ་དུ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ལྷོ་ཁ་གསར་པ་བསྐྲུན་པར་ཕྱོགས་པའི་ལོ་རྒྱུས་དུས་མཚམས་གསར་པ་དང་། དོན་ཆེན་བཞིར་དམ་འཛིན་དང་། འགན་ལེན་བཞི་མངོན་འགྱུར། ལྗོངས་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ་བྱ་དགོས་པ་དྲུག་བཅས་ལ་འབུར་ཐོན་དམ་འཛིན་བྱེད་པའི་ཐོག་གཞི་རྐང་ཚུགས་ཡོད་པས། ཕྱོགས་གཉིས་པོས་མཉམ་ལས་སྤེལ་བར་འཕེལ་རྒྱས་ཀྱི་རྒྱབ་ལྗོངས་ལེགས་པ་དང་། འཐབ་ཇུས་ཀྱི་གོ་སྐབས་བཟང་བ། རྣམ་གྲངས་ཀྱི་འདེགས་སྐྱོར་ལྡན་པ་བཅས་མཐུན་རྐྱེན་ཡོད་པས། ཨན་ནེང་ཚོགས་པ་ལས་གྲྭ་ཅུད་ཨང་གསུམ་པ་ཚད་ཡོད་ཀུང་སིས་ཁྱད་ལྡན་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ། ཡར་ཀླུང་གཙང་པོའི་བར་རྒྱུད་ཀྱི་དྭངས་གཙང་ནུས་རྒྱུའི་རྟེན་གཞི་འཛུགས་སྐྲུན་དང་། ལས་གྲྭ་གལ་ཆེན་འཛུགས་སྐྲུན། ས་གཤིས་གནོད་འཚེ་འཕྲལ་སྡོམ་འགོག་བཅོས། གནོད་འགོག་གེགས་སེལ་སོགས་ཀྱི་ཁྱབ་ཁོངས་སུ་རྒྱབ་སྐྱོར་མང་ཙམ་དང་། འཕྲལ་སྡོམ་སྒྲིག་བྱད་ཀྱི་བཟོ་བསྐྲུན་རྣམ་གྲངས་ལྷོ་ཁར་གཞི་རྐང་ཚུགས་རྒྱུར་སྐུལ་སྤེལ་ཏེ། ཨན་ནེང་ཚོགས་པ་ལས་གྲྭ་ཅུད་ཨང་གསུམ་པ་ཚད་ཡོད་ཀུང་སིས་བོད་ལྗོངས་སུ་ཕྱོགས་མང་པོའི་ཐད་འཕེལ་རྒྱས་ཀྱི་འདུ་འགོད་འཛུགས་སྐྱོང་སྒོས། ལྷོ་ཁའི་དེང་རབས་ཅན་གྱི་བཟོ་ལས་དགེ་མཚན་གཏོད་དགོས། ལྷོ་ཁས་ཀྱང་སྲིད་གཞུང་དང་ཁེ་ལས་མཉམ་འགུལ་དང་ཕུགས་ཕན་འཆར་འགོད། མཉམ་ལས་ལམ་སྲོལ་འཛུགས་སྐྱོང་བཅས་ཤུགས་སྣོན་བརྒྱབ་ནས་ཕྱོགས་གཉིས་ཀར་ཁེ་ཕན་ཐོབ་པ་བྱ་རྒྱུ་ཡིན།

ཧྲེན་ཧྲའོ་དབྱིང་གིས། ཨན་ནེང་ཚོགས་པ་ལས་གྲྭ་ཅུད་ཨང་གསུམ་པ་ཚད་ཡོད་ཀུང་སིས་སྤྱོད་བཟང་དར་སྤེལ་སྲོལ་བཟང་རྒྱུན་འཛིན་བྱས་ཏེ། ཁེ་ལས་ཀྱི་ཐོབ་ཐང་དང་། ཤེས་ལྡན་མི་སྣའི་ལག་རྩལ། འཕྲུལ་བྱད་སྒྲིག་ཆས་སོགས་ཀྱི་ལེགས་ཆ་འདོན་སྤེལ་དང་བེད་ཡག་པོ་སྤྱད་ནས་ལྷོ་ཁའི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་འདི་ཉིད་ལྗོངས་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ་བྱ་རྒྱུར་རམ་འདེགས་བྱ་རྒྱུ་ཡིན་ཞེས་གསུངས།

ལོ་ཡག་མཚམས་གཅོད་ཀྱིས་བསྒྱུར།

3 上一篇  下一篇 4 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:综合新闻
   第03版:综合新闻
   第04版:藏区新闻
ཞུས་ཁྲེང་ཚང་གིས་ལྷུན་རྩེ་རྫོང་དང་མཚོ་སྣ་རྫོང་དུ་རྟོག་ཞིབ་གནང་བ།
གྲོང་ཁྱེར་སྲིད་གཞུང་གིས་ཨན་ནེང་ཚོགས་པ་ལས་གྲྭ་ཅུད་ཨང་གསུམ་པ་ཚད་ཡོད་ཀུང་སི་དང་བཞུགས་མོལ་འཚོགས་པ།
ཚེ་རིང་ཕུན་ཚོགས་ཀྱིས་གྲོང་ཁྱེར་སྲིད་གཞུང་གི་ཆེད་དོན་ ཚོགས་འདུ་བསྐོང་འཚོགས་གནང་བ།