第02版:综合新闻 上一版3  4下一版
 
版面导航

第01版
头版

第02版
综合新闻

第03版
综合新闻
 
标题导航
| 山南网首页 |
2022年6月24日 星期
3 上一篇 放大 缩小 默认
ཚེ་རིང་ཕུན་ཚོགས་ཀྱིས་གྲོང་ཁྱེར་སྲིད་གཞུང་གི་ཆེད་དོན་ ཚོགས་འདུ་བསྐོང་འཚོགས་གནང་བ།
 

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་དུས། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། གྲོང་སྤྱི་ཚེ་རིང་ཕུན་ཚོགས་ཀྱིས་གྲོང་ཁྱེར་སྲིད་གཞུང་གི་ཆེད་དོན་ཚོགས་འདུ་བསྐོང་འཚོག་གནང་ཞིང་། གྲོང་ཨུད་ཀྱིས་ནུས་ཤུགས་ཡོད་རྒུས་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྔོན་སྐྱོད་ཁུལ་གཏོད་པ་དང་མིག་སྔའི་དཔལ་འབྱོར་བརྟན་ཐབས་ཀྱི་ཇུས་ཆེན་ལས་དོན་གྱི་ཆེད་དོན་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་སྒོས། ལག་བསྟར་དོན་འཁྱོལ་གྱི་བསམ་འཆར་ལ་ཞིབ་འཇུག་བྱས་པ་རེད། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རྒྱུན་ལས་གྲོང་སྤྱི་གཞོན་པ་དབང་ཧྭ་ཏུང་ཚོགས་འདུར་ཕེབས་ཡོད་པ་རེད།

ཚེ་རིང་ཕུན་ཚོགས་ཀྱིས་ནན་བཤད་གནང་དོན། སྲིད་གཞུང་ཁོངས་གཏོགས་ཀྱི་རིམ་ཁག་ཚན་པ་ཁག་གིས་ཧྲུའུ་ཅི་ཞུས་ཁྲེང་ཚང་གིས་གྲོང་ཨུད་ཀྱིས་ནུས་ཤུགས་ཡོད་རྒུས་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་པོའི་སྒོ་ནས་འཕེལ་རྒྱས་ཀྱི་སྔོན་སྐྱོད་ཁུལ་གཏོད་པ་དང་དཔལ་འབྱོར་བརྟན་འཐབ་ཇུས་ཆེན་ལས་དོན་གྱི་ཆེད་དོན་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་ཀྱི་དགོངས་དོན་ལ་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་དགོས་པ་དང་། འབབ་འཕར་བརྟན་པོ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དམིགས་ཚད་ལས་འགན་ལ་དམ་པོར་དམིགས་ནས། བྱ་ཐབས་ཁག་དོན་འཁྱོལ་གནད་སྨིན་ཐུབ་པ་བྱས་ཐོག དཔལ་འབྱོར་བརྟན་པོའི་ངང་(པར་ངོས་གཉིས་པར་གཟིགས) (པར་ངོས་དང་པོར་མཐུད) འཕར་སྣོན་འཕེལ་རྒྱས་གཏོང་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་སྤེལ་གཏོང་དགོས།

ཚེ་རིང་ཕུན་ཚོགས་ཀྱིས་བླང་བྱ་བཏོན་གནང་དོན། དཔལ་འབྱོར་འཁོར་རྒྱུག་དང་བཀོད་གཏོང་ལ་དམ་འཛིན་ཡག་པོ་བྱས་ཏེ། འགན་ལེན་དྲུག་གི་བྱ་ཐབས་དོན་འཁྱོལ་ནན་ཏན་བྱེད་དགོས། བྱ་ཐབས་ནུས་ལྡན་གཏོང་བ་དང་། ལས་འགན་ཞིབ་ཕྲ་བཟོ་བ། དཔལ་འབྱོར་བརྟན་ཐབས་ཇུས་ཆེན་གྱི་ལས་དོན་ཁག་ལ་དམ་འཛིན་བཅས་ཐོག་ནས་ལྗོངས་ཡོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་བའི་སྤྱི་ཡོངས་ཁྲོད་ལྷོ་ཁའི་འགན་འཁུར་ཕོད་པ་མངོན་མཚོན་བྱེད་དགོས། རྣམ་གྲངས་ལ་དམ་འཛིན་བྱེད་པ་ནི་མ་འཇོག་ལ་དམ་འཛིན་བྱེད་པ་དང་། མ་འཇོག་ལ་དམ་འཛིན་བྱེད་པ་ནི་དཔལ་འབྱོར་ལ་དམ་འཛིན་བྱེད་པའི་དགོངས་པ་འཛུགས་སྐྱོང་བརྟན་པོ་བཙུགས་ཏེ། མ་འཇོག་བརྟན་པོ་ཡོང་བ་བྱ་རྒྱུ་དེ་དཔལ་འབྱོར་འཕར་སྣོན་བརྟན་པོ་ཡོང་བའི་འགག་རྩའི་བྱ་སྤྱོད་ལ་བརྩིས་ནས། ལས་དོན་གྱི་གཙོ་གནད་དེ་རྣམ་གྲངས་ལ་དམ་འཛིན་བྱས་ནས་མ་འཇོག་རྒྱ་སྐྱེད་བྱ་རྒྱུ་དང་། ཚོང་འགུག་ལ་ཤུཌ་སྣོན་བརྒྱབ་ནས་དོན་འཁྱོལ་ལ་སྐུལ་འདེད་གཏོང་བའི་ཐོག་འཇོག་དགོས། རྣམ་གྲངས་ནི་ས་ཚིཌ་དང་། ཐོན་ལས་ནི་སྦྲེལ་ཐག དཔལ་འབྱོར་ནི་ངོས་བཅས་ཡིན་པའི་ངོས་འཛིན་མཐའ་འཁྱོངས་སྒོས། མ་འཇོག་བརྟན་པོས་འཕར་སྣོན་བརྟན་པོར་འདེཌ་སྐྱོར་ཐུབ་པ་བྱེད་དགོས། རྣམ་གྲངས་ཀྱི་སྔོན་འགྲོའི་གྲ་སྒྲིག་ལས་དོན་ཡག་པོ་སྤེལ་ཏེ། སྐུལ་སྤེལ་ལ་ཞིབ་འཇུག་ཚན་རིག་དང་མཐུན་པ་དང་། སྤུས་ཚད་ཀྱི་འགག་སྒོ་ནན་སྲུང་བྱེད་པ། ལས་ཀའི་སྤུས་ཚད་དང་ཕན་འབྲས་ཆེར་གཏོང་བཅས་བྱས་ཐོག རྣམ་གྲངས་སྔ་ཙམ་ནས་ལག་བསྟར་གནད་སྨིན་ཐུབ་རྒྱུར་སྐུལ་སྤེལ་གཏོང་དགོས། ཉིན་རེའི་གྲལ་བཤེར་དང་། གཟའ་རེའི་བཀོད་གཏོང་། ཟླ་ཕྱེད་རེའི་རྩེས་བཤེར། ཟླ་རེའི་ལྟ་སྐུལ་མཛུབ་ཁྲིད་སོཌ་ཀྱི་ལམ་སྲོལ་དོན་འཁྱོལ་བྱས་ཏེ། དུས་ཐོག་ཏུ་འཕྲད་པའི་དཀའ་ཁག་གནད་དོན་ཤེས་རྟོགས་དང་ཐག་གཅོད་བྱས་ནས་རྣམ་གྲངས་སྤུས་ཚད་མཐོ་བ་དང་ཕན་ནུས་ཆེ་བའི་ཐོག་འཛུགས་སྐྲུན་ལ་སྐུལ་སྤེལ་གཏོང་དགོས། ལས་ཞུགས་འབབ་འཕར་ལས་དོན་ལ་ནུས་ཤུཌ་ཡོད་རྒུས་དམ་འཛིན་བྱས་ཏེ། ཐབས་ལམ་མང་པོའི་ཐོག་ནས་ལས་ཞུགས་དང་རང་བརྟེན་ལས་གཏོད་གཉིས་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་སྒོས། མཐོ་སློབ་ཐོན་པའི་སློབ་མའི་ལས་ཞུཌ་དེ་སྤུས་ཚད་སྔར་བས་མཐོ་བ་མངོན་འགྱུར་ཆེད་སྐུལ་འདེད་ཧུར་ཐག་གཏོང་དགོས། ཚན་རིག་དང་མཐུན་པའི་སྒོ་ནས་ལས་རིཌ་རྩལ་ནུས་ཀྱི་གསོ་སྦྱོང་གཉེར་ཏེ། མང་ཚོཌ་ཀྱི་ཐོན་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་དང་། མང་ཚོཌ་ཀྱི་ལས་ཞུཌ་གཞན་སྒྱུར་ལ་ཁྲིད་སྟོན། ཐབས་མང་མཉམ་བསྟར་བརྒྱུད་ནས་མང་ཚོཌ་ཀྱི་འབབ་འཕར་བྱེད་ནུས་འདོན་སྤེལ་བཅས་བྱེད་དགོས།

ཚོགས་འདུས་ད་དུང་དེ་མིན་དོན་དག་གཞན་དག་ལ་ཞིབ་འཇུས་བྱས་པ་རེད།

ལོ་ཡག་མཚམས་གཅོད་ཀྱིས་བསྒྱུར།

3 上一篇 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:综合新闻
   第03版:综合新闻
   第04版:藏区新闻
ཞུས་ཁྲེང་ཚང་གིས་ལྷུན་རྩེ་རྫོང་དང་མཚོ་སྣ་རྫོང་དུ་རྟོག་ཞིབ་གནང་བ།
གྲོང་ཁྱེར་སྲིད་གཞུང་གིས་ཨན་ནེང་ཚོགས་པ་ལས་གྲྭ་ཅུད་ཨང་གསུམ་པ་ཚད་ཡོད་ཀུང་སི་དང་བཞུགས་མོལ་འཚོགས་པ།
ཚེ་རིང་ཕུན་ཚོགས་ཀྱིས་གྲོང་ཁྱེར་སྲིད་གཞུང་གི་ཆེད་དོན་ ཚོགས་འདུ་བསྐོང་འཚོགས་གནང་བ།