第03版:综合新闻 上一版3  4下一版
 
版面导航

第01版
头版

第02版
综合新闻

第03版
综合新闻
 
标题导航
2019ལོར་བོད་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་ཡོང་འབབ་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་པ།
ཞུས་ཁྲེང་ཚང་གིས་ཆོས་ལུགས་ཁྱབ་ཁོངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་དང་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ལ་བརྟག་ཞིབ་དང་མཛུབ་ཁྲིད་གནང་བ།
བསྟན་ཁོས་བསམ་ཡས་དགོན་དུ་ཆོས་ལུགས་ཁྱབ་ཁོངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་དང་བརྟག་ཞིབ་གནང་བ།
| 山南网首页 |
2020年2月5日 星期
3 上一篇  下一篇 4 放大 缩小 默认
ཞུས་ཁྲེང་ཚང་གིས་ཆོས་ལུགས་ཁྱབ་ཁོངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་དང་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ལ་བརྟག་ཞིབ་དང་མཛུབ་ཁྲིད་གནང་བ།
 

(པར་ངོས་དང་པོར་མཐུད) ལས་སྒྲུབ་མི་སྣས་གྲོང་ཚོའི་ནང་འགྲོ་འོང་བྱེད་མཁན་རླངས་འཁོར་དང་མི་སྣར་ཐོ་འགོད་དང་ལུས་དྲོད་ལྟ་ཞིབ་ཚད་ལེན་བྱེད་བཞིན་ཡོད་པ་རེད། དེ་གར་ཕེབས་སྐབས་ཞུས་ཁྲེང་ཚང་གིས་ཁྱེད་ཚོ་ཚང་མ་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་དང་གྲོང་ཚོ་ཨུ་ལྷན་གྱི་ཡིན་ནམ། ཁྱེད་ཚོའི་ཉིན་དགུང་ཁ་ལག་གང་འདྲ་བྱེད་ཀྱི་ཡོད་ཅེས་སོགས་བཀའ་འདྲི་ཞིབ་ཕྲ་གནང་ནས་ཚང་མ་དང་བྱམས་བརྩེའི་ངང་གླེང་མོལ་གནང་བ་རེད། ཁོང་གིས་ཚང་མར་མི་སྣ་ཐོ་འགོད་དང་ལུས་དྲོད་ལྟ་ཞིབ་ཚད་ལེན་གྱི་ལས་དོན་མུ་མཐུད་ཡག་པོ་སྒྲུབ་དགོས་པའི་ལྕག་སྐུལ་གནང་བ་དང་འབྲེལ་གྲོང་མི་ཚོར་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ཡག་པོ་སྒྲུབ་པའི་གལ་འགངས་རང་བཞིན་གསལ་བཤད་གནང་བ་དང་། སྔོན་འགོག་ཚོད་འཛིན་གྱི་འཕྲོད་བསྟེན་ཤེས་བྱ་དང་སྲིད་ཇུས་ཁྲིམས་སྲོལ་དྲིལ་བསྒྲགས་ཡག་པོ་བྱས་ནས་ཚང་མའི་སེམས་ཁམས་བརྟན་དུ་གཏོང་བ་དང་རྒྱུན་གཏན་གྱི་འཚོ་བ་འགན་ལེན་ཡག་པོ་བྱེད་དགོས་ཞེས་གསུངས་པ་རེད།

གྲ་ནང་རྫོང་སྨིན་གྲོལ་གླིང་དགོན་པའི་རྒྱལ་སྒོའི་ཟུར་དུ་གནས་སྐབས་ཕྱི་ཕྱོགས་ལ་སྒོ་མོ་མི་འབྱེད་པའི་ཡི་གེ་མངོན་གསལ་དོད་པོས་སྦྱར་ཡོད། དགོན་སྡེའི་འགན་འཁུར་བས་ཧྲུའུ་ཅི་ཞུས་ཁྲེང་ཚང་ལ་ད་ཆ་ཉིན་ལྟར་དགོན་སྡེའི་དོ་དམ་ཨུ་ལྷན་གྱི་ལས་དོན་མི་སྣས་དགོན་སྡེར་དུག་སེལ་གྱི་ལས་དོན་སྤེལ་རྒྱུར་རོགས་རམ་བྱེད་ཀྱི་ཡོད་པས། དགེ་འདུན་པ་ཚོས་བསམ་ཤེས་དང་རྒྱབ་སྐྱོར་ཆེན་པོ་གནང་གི་འདུག ཆོས་ལུགས་བྱེད་སྒོ་མཐའ་དག་མཚམས་འཇོག་བྱས་པ་དང་། རང་རང་སོ་སོས་གྲྭ་ཤག་ཏུ་སྒོམ་སྒྲུབ་བྱེད་ཀྱི་ཡོད། ཟ་ཁང་ནས་དགེ་འདུན་པ་ཚོར་ལྟོ་ཆས་ལོགས་སུ་སྐྱེལ་ནས་འདུ་འཛོམས་མི་ཡོང་བ་བྱེད་ཀྱི་ཡོད། ཞུས་ཁྲེང་ཚང་གིས་དགོན་སྡེའི་བྱེད་སྟངས་ལ་ཁས་ལེན་གང་ལེགས་གནང་ཞིང་། ཁོང་གིས་ད་ཐེངས་ཀྱི་ཏོག་དབྱིབས་ནད་དུག་གསར་པས་བསླངས་པའི་གློ་ཚད་ཀྱི་རིམས་ནད་དེས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ལ་ཉེན་ཁ་ཚབས་ཆེན་བཟོས་པ་དང་དུས་བབ་ཛ་དྲག་པོ་ཡོད་པས་ང་ཚོས་ལྷོད་གཡེང་སྤུ་ཙམ་ཡང་བྱེད་མི་རུང་ཞེས་ནན་བཤད་གནང་བ་རེད། ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ཡག་པོ་བསྒྲུབ་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད། ང་ཚོས་ངེས་པར་དུ་སེམས་ཁྲལ་གྱི་འདུ་ཤེས་དང་ཉེན་ཁ་སྔོན་འགོག་གི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་འབོད་སྐུལ་དང་ལེན་ཧུར་ཐག་ཞུ་བ། ཆོས་ལུགས་ཁྱབ་ཁོངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བྱ་ཐབས་ཁག་ཆད་ལུས་མེད་པར་དོན་ཐོག་ཏུ་འཁྱོལ་བ་བཅས་བྱས་ཏེ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དྲིལ་བསྒྲགས་སློབ་གསོའི་ལས་དོན་ཡག་པོ་བསྒྲུབས་ནས་དད་ལྡན་མང་ཚོགས་ལ་ཆོས་ལུགས་ཀྱི་བྱེད་སྒོ་ཉུང་དུ་གཏོང་རྒྱུར་ཁྲིད་སྟོན་བྱེད་དགོས། དགེ་འདུན་པ་རྣམས་ཀྱིས་སེམས་རྣལ་དུ་ཕབ་ནས་གྲྭ་ཤག་ཏུ་ཆོས་འདོན་པ་དང་། གསུང་རབ་ལ་བརྩོན་ཞིབ་བྱེད་པ། བརྩོན་འགྲུས་བྱེད་པ། སྡོམ་ཁྲིམས་དམ་པོ་འཛིན་པ་བཅས་བྱེད་དགོས་པའི་བཀའ་མངག་གནང་།

གོང་དཀར་རྫོང་ལྕེ་བདེ་ཞོལ་གྲོང་རྡལ་རྡོ་ཕུད་ཆོས་འཁོར་དགོན་གྱི་རྒྱལ་སྒོ་དམ་པོར་བརྒྱབ་ཡོད་པ་དང་། གནས་སྐབས་ཆོས་འཇལ་དང་ནང་བསྟན་བྱེད་སྒོ་མཚམས་འཇོག་བྱས་པའི་སྐོར་གྱི་སྤྱི་བསྒྲགས་དེ་དགོན་པའི་མངོན་གསལ་དོད་ཤོས་ཀྱི་གནས་སུ་སྦྱར་ཡོད། དགོན་སྡེའི་འགན་འཁུར་བས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བཀག་འགོག་དམག་འཐབ་འགོ་ཚུགས་པ་ནས་བཟུང་། དགོན་སྡེའི་དགེ་འདུན་པ་ཚོས་ཆོས་ལུགས་བྱེད་སྒོ་གནས་སྐབས་མཚམས་འཇོག་བྱ་རྒྱུའི་གཏན་འབེབས་ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུས་ནས། དགོན་སྡེའི་དོ་དམ་ཨུ་ལྷན་ལ་གཞོགས་འདེགས་ཧུར་ཐག་ཞུ་བ་དང་། སྔོན་འགོག་ཚོད་འཛིན་གྱི་ལས་དོན་ཡག་པོ་བསྒྲུབས་པ། རང་རང་སོ་སོས་གྲྭ་ཤག་ཏུ་སྒོམ་སྒྲུབ་བྱེད་པ་དང་ཉིན་ལྟར་ཞལ་འདོན་བྱས་ནས་རྒྱལ་ཁབ་དང་མི་དམངས་ལ་བར་ཆད་མེད་པའི་སྨོན་ལམ་འདེབས་པ། གེགས་སྐྱོན་སེལ་བ་དང་རྒྱལ་ཁབ་བདེ་ལ་འཁོད་པར་སྨོན་ལམ་འདེབས་ཀྱི་ཡོད། ཞུས་ཁྲེང་ཚང་གིས་ཉེ་དུས་ནང་བསྟན་བྱེད་སྒོ་སྤེལ་མཚམས་འཇོག་རྒྱུ་ནི་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་སྲུང་སྐྱོང་བྱེད་པའི་དགོས་མཁོ་ཞིག་ཡིན་ལ་རྒྱ་ཆེའི་དགེ་འདུན་པར་ཐུགས་ཁུར་དང་སྲུང་སྐྱོང་བྱེད་པ་ཞིག་ཀྱང་ཡིན་ཞེས་གསུངས། ཁོང་གིས་དགོན་སྡེའི་འགན་འཁུར་མི་སྣར་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བྱ་ཐབས་དོན་འཁྱོལ་ཡག་པོ་བྱས་ཏེ་དགོན་སྡེའི་འབྲེལ་ཡོད་ས་ཆར་དུས་ཐོག་ཏུ་དུག་སེལ་དང་རླུང་འགྲོ་སོགས་བྱེད་དགོས་པའི་མངགས་བཅོལ་གནང་བ་རེད། དགེ་འདུན་པ་ཚོའི་རྒྱུན་གཏན་གྱི་འཚོ་བར་འགན་ལེན་ཡག་པོ་བྱེད་པ་དང་དཀའ་ངལ་དང་གནད་དོན་ཐག་གཅོད་བྱེད་རོགས་བྱས་ཏེ་བྱ་སྤྱོད་ངོ་མའི་ཐོག་ནས་དགེ་འདུན་པའི་བསམ་ཤེས་དང་རྒྱབ་སྐྱོར་ཐོབ་པ་བྱེད་དགོས་ཞེས་གསུངས།

གོང་དཀར་རྫོང་གངས་སྟོད་གྲོང་རྡལ་གོང་དཀར་ཆོས་སྡེ་དགོན་དུ་ནང་བསྟན་བྱེད་སྒོ་སྤེལ་མཚམས་འཇོག་རྒྱུའི་སྐོར་གྱི་བརྡ་ཐོ་སྦྱར་བ་ཕུད། དགོན་སྡེའི་དོ་དམ་ཨུ་ལྷན་དང་དགེ་འདུན་པ་ཚོས་ད་དུང་དྲིལ་བསྒྲགས་ཆེད་སྒྲོམ་བཟོས་པ་དང་འབྲེལ་མངོན་གསལ་དོད་སར་བཞག་ནས་ཚང་མར་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཤེས་བྱ་དྲིལ་བསྒྲགས་བྱེད་བཞིན་ཡོད་པ་རེད། ཞུས་ཁྲེང་ཚང་དང་བཅས་པས་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་དུ་སྔོན་འགོག་ཚོད་འཛིན་བྱེད་ཐབས་དོན་འཁྱོལ་བྱས་ཚུལ་ལ་ནན་ཏན་ངང་གཟིགས་པ་དང་དགོན་སྡེའི་དགེ་འདུན་པ་དང་སྤེལ་རེས་གླེང་མོལ་གནང་བ་མ་ཟད། དགོན་སྡེའི་ལྡེབས་རིས་ཉམས་གསོ་དང་གནས་སྤོ་ཆོག་པའི་རིག་དངོས་ལ་ཡོངས་ཁྱབ་ཞིབ་བཤེར་སོགས་རིག་དངོས་སྲུང་སྐྱོང་ལས་དོན་གྱི་གནས་ཚུལ་མཁྱེན་རྟོགས་ཀྱང་གནང་བ་རེད། ཁོང་གིས་ལྡེབས་རིས་སོགས་རིག་དངོས་ནི་རྩ་ཆེའི་ལོ་རྒྱུས་རིག་གནས་ཤུལ་བཞག་ཡིན་པ་དང་། བོད་མི་དམངས་ཀྱི་གཟི་བརྗིད་ཡིན་པ་མ་ཟད། ཀྲུང་ཧྭའི་སྲོལ་རྒྱུན་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་དང་འཛམ་གླིང་ཡོངས་ཀྱི་ཐུན་མོང་གི་རྒྱུ་ནོར་ཞིག་ཀྱང་ཡིན་པས་ངེས་པར་དུ་ཚད་མཐོའི་མཐོང་ཆེན་བྱས་ནས་དགོན་སྡེའི་རིག་དངོས་ཉམས་གསོ་སྲུང་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་འགྲོ་གྲོན་འགན་ལེན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

བརྟག་ཞིབ་གནང་རིང་ཞུས་ཁྲེང་ཚང་གིས་དགེ་འདུན་པ་དང་དད་ལྡན་མང་ཚོགས་ལ་སློབ་གསོ་དང་ཁྲིད་སྟོན་བྱེད་པའི་ལས་དོན་ངང་རིང་ཞིབ་ཚགས་ངང་ཡག་པོ་སྒྲུབ་དགོས་པ་དང་། ཚང་མས་མིག་སྔའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དུས་བབ་ཛ་དྲག་རང་བཞིན་དང་རྙོག་འཛིང་རང་བཞིན་གསལ་བཤད་གནང་བ་དང་། འཕྲོད་བསྟེན་རིམས་འགོག་ཤེས་བྱ་དྲིལ་བསྒྲགས་ཡག་པོ་བྱེད་དགོས་པ། ཚན་རིག་དང་མཐུན་པའི་སྒོ་ནས་འགོག་བཅོས་དང་། ཚུལ་མཐུན་ངང་ལྟ་སྟངས་འཛིན་པ། སེམས་ཤུགས་བརྟན་དུ་གཏོང་བ། ཡིད་ཆེས་ཆེ་རུ་གཏོང་བ་བཅས་བྱས་ཏེ་ཐུན་མོང་ཐོག་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དམག་འཐབ་ལ་རྒྱལ་ཁ་ཐོབ་པ་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།

ཞུས་ཁྲེང་ཚང་གིས་ཚེ་སྲོག་ནི་རི་བོ་ཐའེ་ཧྲན་ལས་གལ་ཆེ་བ་དང་། རིམས་ནད་ནི་བཀའ་རྒྱ་དང་སྔོན་འགོག་ཚོད་འཛིན་ནི་འགན་འཁྲི་ཞིག་ཡིན་པ་མཐའ་འཁྱོངས་ཀྱིས། ལྷོད་གཡེང་གི་བསམ་བློ་སྤུ་ཙམ་མེད་པར་རིམས་ནད་ལ་ལྟ་ཞིབ་ཚད་ལེན་དང་། གྲལ་བཤེར། སྔོན་ཚུད་ནས་ཉེན་བརྡ་གཏོང་བ་བཅས་ཀྱི་ལས་དོན་ཁག་ནན་ཏན་ངང་ཡག་པོ་བསྒྲུབས་ནས་དུས་ཐོག་ཏུ་ཤེས་རྟོགས་དང་། འཕྲལ་མར་སྙན་ཞུ། འཕྲལ་མར་ཐག་གཅོད་བཅས་ཐུབ་པའི་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད། དགེ་འདུན་པའི་རྒྱུན་གཏན་གྱི་འཚོ་བར་འགན་ལེན་ཡག་པོ་བྱེད་པ་དང་། བཟའ་བཏུང་བཀོད་སྒྲིག་ལུགས་མཐུན་བྱེད་པ། འདུ་འཛོམས་ཉུང་དུ་གཏོང་བ་བཅས་བྱས་ཏེ་བྲེལ་འཚུབ་དང་སེམས་ཁྲལ་གྱི་སེམས་ཁམས་དུས་ཐོག་ཏུ་སེལ་དགོས། ཆོས་ལུགས་ལས་རིགས་ཀྱི་འཐུས་མིའི་མི་སྣའི་ནུས་པ་འདོན་སྤེལ་བྱས་ནས་རྒྱ་ཆེའི་དགེ་འདུན་པ་ཚོར་སློབ་གསོ་དང་ཁྲིད་སྟོན་བྱས་ཏེ་དུས་དང་རྣམ་པ་ཀུན་ཏུ་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་བོད་ལ་དམིགས་བསལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བ་བློ་ལ་བརྟན་པོར་ངེས་ནས་བྱ་སྤྱོད་དངོས་ཀྱི་ཐོག་ནས་“ཚད་གཞི་བཞི”ལག་ལེན་བསྟར་ཏེ་ཆབ་སྲིད་ཐད་བློས་འགེལ་ཆོག་པ་དང་། ཆོས་ལུགས་ཐད་མཁྱེན་རྒྱ་ཆེ་བ། ཀུན་སྤྱོད་ཐད་དམངས་ཀྱི་བློ་ལ་འབབ་པ། འགག་རྩའི་དུས་སུ་ནུས་པ་ཐོན་པ་བཅས་ཀྱི་མིག་དཔེ་ཧུར་ཐག་གཏོད་པ་དང་། ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་བའི་ཡིད་ཆེས་དང་ཆོད་སེམས་བརྟན་དུ་གཏོང་བ། དཀྲོག་གཏམ་ལ་ཡིད་ཆེས་མི་བྱེད་པ་དང་། དཀྲོག་གཏམ་མི་ཤོད་པ། དཀྲོག་གཏམ་མི་བཟོ་བ་བཅས་བྱས་ཏེ་ཐུན་མོང་ཐོག་ཆོས་ལུགས་ཁྱབ་ཁོངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་དང་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ཁག་ཡག་པོ་སྒྲུབ་དགོས་པའི་ནན་བཤད་གནང་བ་རེད།

3 上一篇  下一篇 4 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:综合新闻
   第03版:综合新闻
   第04版:专版
2019ལོར་བོད་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་ཡོང་འབབ་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་པ།
ཞུས་ཁྲེང་ཚང་གིས་ཆོས་ལུགས་ཁྱབ་ཁོངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་དང་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ལ་བརྟག་ཞིབ་དང་མཛུབ་ཁྲིད་གནང་བ།
བསྟན་ཁོས་བསམ་ཡས་དགོན་དུ་ཆོས་ལུགས་ཁྱབ་ཁོངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་དང་བརྟག་ཞིབ་གནང་བ།