第03版:综合新闻 上一版3  4下一版
 
版面导航

第01版
头版

第02版
综合新闻

第03版
综合新闻
 
标题导航
2019ལོར་བོད་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་ཡོང་འབབ་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་པ།
ཞུས་ཁྲེང་ཚང་གིས་ཆོས་ལུགས་ཁྱབ་ཁོངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་དང་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ལ་བརྟག་ཞིབ་དང་མཛུབ་ཁྲིད་གནང་བ།
བསྟན་ཁོས་བསམ་ཡས་དགོན་དུ་ཆོས་ལུགས་ཁྱབ་ཁོངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་དང་བརྟག་ཞིབ་གནང་བ།
| 山南网首页 |
2020年2月5日 星期
下一篇 4 放大 缩小 默认
2019ལོར་བོད་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་ཡོང་འབབ་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་པ།
 
(པར་ངོས་དང་པོར་མཐུད) བཟོ་ལས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར་131.72ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་5.1%འཕར་བ་དང་། ལོ་ཧྲིལ་པོར་སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར་649.33ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་8.7%འཕར་ནས་རྒྱལ་ཡོངས་ཀྱི་འཕར་ཚད་ལས་བརྒྱ་ཆའི་གྲངས་0.7གྱི་མཐོ་བ་ཡོད་པ། འགྲིམ་འགྲུལ་སྐྱེལ་འདྲེན་སྡེ་ཚན་གྱི་བསྡོམས་རྩིས་གཞིར་བཟུང་། ལོ་ཧྲིལ་པོར་དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་ཏུན་ཁྲི་2608.02ཟིན་པ་དང་དངོས་ཟོག་འཁོར་རྒྱུག་བྱེད་ཚད་སྤྱི་ལེ་རེར་ཏུན་དུང་ཕྱུར་166.58ཟིན་ནས་བརྟན་པོའི་ངང་འཕར་བའི་རྣམ་པ་མུ་མཐུད་རྒྱུན་འཁྱོངས་ཐུབ་ཡོད།

མི་སྤྱི་སྡེ་ཚན་གྱི་བསྡོམས་རྩིས་གཞིར་བཟུང་། ལོ་ཧྲིལ་པོར་གྲོང་ཁྱེར་དང་གྲོང་རྡལ་དུ་མི་ཁྲི་5.2ལས་ཞུགས་གསར་པ་ཐུབ་པ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་ཐོ་འགོད་བྱེད་ཚད་3%ནང་ཚུན་དུ་ཚོད་འཛིན་བྱས་པ། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་ཐུབ་མེད་པའི་ཁྱིམ་ཚང་གི་ལས་ཞུགས་གནད་དོན་གཞི་རྩའི་ཆ་ནས་ཐག་གཅོད་བྱས་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱིས་བརྟག་དཔྱད་བྱས་པའི་ལས་ཀ་ཤོར་ཚད་5%ཡས་མས་ཚོད་འཛིན་བྱས་པ་དང་། ཞིང་འབྲོག་པ་ཁྲི་58.47ལས་ཞུགས་གཞན་སྒྱུར་བྱས་ནས་འབབ་འཕར་སྒོར་དུང་ཕྱུར་38.12ཟིན་ཡོད།

ནོར་སྲིད་སྡེ་ཚན་གྱི་བསྡོམས་རྩིས་གཞིར་བཟུང་། ལོ་ཧྲིལ་པོར་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར་222ཟིན་པ་དེའི་ནང་ཁྲལ་བསྡུའི་ཡོང་འབབ་སྒོར་དུང་ཕྱུར་157.52ཟིན་པ་དང་། སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་གཏོང་སྒོ་སྒོར་དུང་ཕྱུར་2180.88ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་10.6%འཕར་ཡོད། དེའི་ནང་དམངས་འཚོ་དང་འབྲེལ་བ་དམ་ཟབ་ཡོད་པའི་འཕྲོད་བསྟེན་བདེ་ཐང་དང་། ཞིང་ནགས་ཆུ་བཅས་ཀྱི་ལས་དོན། འགྲིམ་འགྲུལ་སྐྱེལ་འདྲེན། སློབ་གསོ། ཚན་རིག་ལག་རྩལ། སྤྱི་ཚོགས་འགན་ལེན་དང་ལས་ཞུགས། སྡོད་ཁང་འགན་ལེན་སོགས་དམངས་འཚོའི་འབྲེལ་ཡོད་རྣམ་གྲངས་བདུན་གྱི་གཏོང་སྒོ་བསྡོམས་འབོར་སྒོར་དུང་ཕྱུར་1409.33ཟིན་པ་དེས་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་གཏོང་སྒོའི་64.6%ཟིན་ཡོད།

下一篇 4 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:综合新闻
   第03版:综合新闻
   第04版:专版