第03版:综合新闻 上一版3  4下一版
 
版面导航

第01版
头版

第02版
综合新闻

第03版
综合新闻
 
标题导航
2019ལོར་བོད་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་ཡོང་འབབ་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་པ།
ཞུས་ཁྲེང་ཚང་གིས་ཆོས་ལུགས་ཁྱབ་ཁོངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་དང་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ལ་བརྟག་ཞིབ་དང་མཛུབ་ཁྲིད་གནང་བ།
བསྟན་ཁོས་བསམ་ཡས་དགོན་དུ་ཆོས་ལུགས་ཁྱབ་ཁོངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་དང་བརྟག་ཞིབ་གནང་བ།
| 山南网首页 |
2020年2月5日 星期
3 上一篇 放大 缩小 默认
བསྟན་ཁོས་བསམ་ཡས་དགོན་དུ་ཆོས་ལུགས་ཁྱབ་ཁོངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་དང་བརྟག་ཞིབ་གནང་བ།
 

(པར་ངོས་དང་པོར་མཐུད)ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས་ཏང་ཙུའི་ཧྲུའུ་ཅི། རྒྱུན་ལས་ཚོགས་གཙོ་གཞོན་པ་བསོད་ནམས་རིག་འཛིན་བརྟག་ཞིབ་གནང་བར་ལྷན་དུ་ཕེབས།

གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་སྐལ་བཟང་གིས་ངེད་གྲོང་ཁྱེར་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་སྤེལ་ཚུལ་སྙན་སེང་ཞུས་པ་དང་། གྲོང་ཨུད་ཀྱི་རྒྱུན་ཨུ། འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་བསྟན་འཛིན་གྱིས་ཆོས་འབྲེལ་ཚན་པའི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་སྤེལ་ཚུལ་སྙན་སེང་ཞུས་པ། བསམ་ཡས་དགོན་དོ་དམ་ཨུ་ལྷན་ཏང་ཨུད་ཀྱི་ཧྲུའུ་ཅི། ཀྲུའུ་རེན་གཅིག་ལྕོགས་བློ་བཟང་ཕུན་ཚོགས་ཀྱིས་བསམ་ཡས་དགོན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་སྤེལ་ཚུལ་སྙན་སེང་ཞུས་གནང་བ་རེད།

བསྟན་ཁོས་ངེད་གྲོང་ཁྱེར་གྱི་འཐབ་ཕྱོགས་གཅིག་གྱུར་ཆོས་ལུགས་སྡེ་ཚན་དང་དགོན་སྡེའི་དོ་དམ་ལས་བྱེད་པའི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་གྱི་སྙན་ཞུ་གསན་རྗེས་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་དུ་མི་སྣ་མང་བ་དང་འཁོར་རྒྱུག་རང་བཞིན་ཆེ་བས་ཆོས་ལུགས་ཁྱབ་ཁོངས་ཀྱི་སྔོན་འགོག་ཚོད་འཛིན་ལས་དོན་ཡག་པོ་བསྒྲུབ་རྒྱུ་དེ་ལྗོངས་ཡོངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ངོས་ནས་བརྗོད་ན་གལ་འགངས་ཤིན་ཏུ་ཆེ་བ་ཞིག་རེད། བསྟན་ཁོས་རིམ་ཁག་འཐབ་ཕྱོགས་གཅིག་གྱུར་དང་། ཆོས་ལུགས། ནང་བསྟན་བཅས་ཀྱི་རྩ་འཛུགས་ཀྱིས་ལྷག་བསམ་རྣམ་དག་དང་འགན་འཁྲི་འཁུར་ཕོད་པ་བྱས་ནས་བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཏན་ཏིག་བྱེད་པ་དང་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་དེ་མིག་སྔའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེ་ཤོས་སུ་བརྩིས་ནས་ཆོས་ལུགས་ཁྱབ་ཁོངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལ་སྐུལ་འདེད་གཏོང་བའི་བྱ་ཐབས་ཁག་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས་པ། ཚོད་བགམ་གལ་ཆེན་ཐེག་ཐུབ་པ་བྱས་ནས་སྔོན་འགོག་ཚོད་འཛིན་ཧུར་ཐག་བྱས་ཏེ་སེམས་ཁྲལ་གྱི་འདུ་ཤེས་དང་ཉེན་ཁ་སྔོན་འགོག་གི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། རིམས་ནད་ལྟ་ཞིབ་ཚད་ལེན་དང་། གྲལ་བཤེར། སྔོན་ཚུད་ནས་ཉེན་བརྡ་གཏོང་བ་བཅས་ཀྱི་ལས་དོན་ནན་ཏན་ངང་ཡག་པོ་བསྒྲུབས་ཏེ་འཕྲལ་མ་ཉིད་དུ་ཤེས་རྟོགས་དང་། འཕྲལ་མར་སྙན་ཞུ། འཕྲལ་མར་ཐག་གཅོད་བཅས་ཐུབ་པའི་འགན་ལེན་བྱེད་དགོས། ཆོས་ལུགས་ཁྱབ་ཁོངས་ཀྱི་ཕྱོགས་བསྡུས་ཇུས་འདོན་མངོན་གསལ་དོད་པོ་ཡོང་བ་བྱེད་པ་དང་། རིམ་ཁག་ནང་བསྟན་མཐུན་ཚོགས་ཀྱི་གྲོས་འགོའི་ཡི་གེ་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ནས་དགོན་སྡེའི་གྲྭ་བཙུན་ཚང་མར་གྲོས་འགོའི་ཡི་གེའི་ནང་དོན་རྒྱུས་མངའ་ཡོད་པ་དང་། རང་རྟོགས་ངང་གྲོས་འགོའི་ཡི་གེའི་བླང་བྱ་གཞིར་བཟུང་དགོན་སྡེའི་འཐབ་ས་གཙོ་བོར་བརྩིས་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་སྲུང་སྐྱོང་བྱེད་དགོས། འགག་རྩའི་དུས་སུ་ཆོས་ལུགས་ལས་རིགས་ཀྱི་འཐུས་ཚབ་མི་སྣའི་ནུས་པ་འདོན་སྤེལ་བྱས་ནས་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འབོད་སྐུལ་དང་ལེན་ཧུར་ཐག་ཞུས་ཏེ་དགོན་སྡེའི་གྲྭ་བཙུན་དང་དད་ལྡན་མང་ཚོགས་ལ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ཡག་པོ་བསྒྲུབ་རྒྱུར་ཁྲིད་སྟོན་བྱེད་དགོས། གླེང་ཕྱོགས་ཀྱི་ཁྲིད་སྟོན་ལས་དོན་ལ་ཤུགས་སྣོན་བརྒྱབ་ནས་གཞི་རིམ་མང་ཚོགས་དང་དགོན་སྡེའི་གྲྭ་བཙུན་ཚོས་དཀྲོག་གཏམ་ལ་ཡིད་ཆེས་མི་བྱེད་པ་དང་། དཀྲོག་གཏམ་མི་ཤོད་པ། དཀྲོག་གཏམ་མི་བཟོ་བ་བཅས་བྱ་རྒྱུའི་སློབ་གསོ་དང་ཁྲིད་སྟོན་བྱེད་དགོས། མིག་སྔའི་ལས་དོན་ལ་གཞི་ཚུགས་ཏེ་བརྟན་ལྷིང་འགན་ལེན་བྱེད་པ་དང་རིམས་ནད་སྔོན་འགོག་ཚོད་འཛིན་དང་དགོན་སྡེའི་ཞི་མཐུན་བརྟན་ལྷིང་ལས་དོན་ལ་ཐུན་མོང་ཐོག་སྐུལ་འདེད་བཏང་ནས་སྤྱི་ཚོགས་ཀྱི་སྤྱི་ཡོངས་བརྟན་ལྷིང་དང་ཞི་མཐུན་འགན་ལེན་བཅས་བྱེད་དགོས་པའི་ནནན་བཤད་གནང་བ་རེད།

3 上一篇 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:综合新闻
   第03版:综合新闻
   第04版:专版
2019ལོར་བོད་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་ཡོང་འབབ་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་པ།
ཞུས་ཁྲེང་ཚང་གིས་ཆོས་ལུགས་ཁྱབ་ཁོངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་དང་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ལ་བརྟག་ཞིབ་དང་མཛུབ་ཁྲིད་གནང་བ།
བསྟན་ཁོས་བསམ་ཡས་དགོན་དུ་ཆོས་ལུགས་ཁྱབ་ཁོངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་དང་བརྟག་ཞིབ་གནང་བ།