第03版:综合 上一版3  4下一版
 
版面导航

第01版
头版

第02版
综合新闻

第03版
综合
 
标题导航
| 山南网首页 |
2019年5月6日 星期
3 上一篇  下一篇 4 放大 缩小 默认
བོད་རྙིང་པའི“ཕྲུ་གུ་བདག་མེད”བོད་གསར་པའི“དགེ་རྒན་ཆུང་ཆུང”ལ་གྱུར་པ།
 

(པར་ངོས་དང་པོར་མཐུད) ང་ཚོའི་སར་མེ་ཤིང་སྐྱེལ་བར་ཡོང་དུས་གཞི་ནས་མཐོང་རྒྱུ་ཡོད། སྐབས་དེ་དུས་ང་རང་ན་ཚོད་ཕྲ་བས་ཕ་རྒན་གྱིས་ང་རང་ཐུག་རིམ་བཞིན་དགོངས་པ་མ་ཚོམས་ཞེས་ཟེར་དོན་ཤེས་ཀྱི་མི་འདུག རྗེས་སོར་གཞི་ནས་ཤེས་བྱུང་བ་སྟེ། སྐབས་དེར་ངེད་ཁྱིམ་གྱི་འཚོ་བ་ཉམ་ཐག་པས་ང་ཚོ་གསོ་མ་ཐུབ་པར་གཞན་ལ་བཅོལ་དགོས་འཁེལ་བས་རེད”ཅེས་རིག་འཛིན་ཆོས་སྒྲོན་གྱིས་ཡིད་སྐྱོ་བའི་ངང་བཤད།

“ངའི་སྲུ་མོ་མཆོད་ཁང་གི་དགེ་འདུན་པའི་གཡོག་མོ་ཡིན་པས། དགེ་འདུན་པར་ལྟོ་ཆས་བཟོ་བ་དང་གད་འཕྱིད་རྒྱག་པ་སོགས་བྱེད་པ་ལས་ཟས་ཕྲན་བུ་རེ་ཐོབ་ཀྱི་ཡོད”ཅེས་དང་། རིག་འཛིན་ཆོས་སྒྲོན་གྱིས། ཁོང་ལོ་བརྒྱད་དགུ་ལ་སོན་སྐབས་ནས་དགེ་འདུན་པའི་གཡོག་མོ་བྱས་པ་དང་། སྐབས་དེ་དུས་རྡོ་རྗེ་བྲག་དགོན་ནས་དུས་གཏན་འཁེལ་དུ་མཆོད་ཁང་གི་དགེ་འདུན་པར་ཟ་འབྲུ་སྐྱེལ་མི་མངགས་ཀྱི་ཡོད། ཁོང་དང་སྲུ་མོར་ཟ་འབྲུ་ཕྲན་བུ་རེ་ལས་རག་གི་མེད་པས། ལྟོ་གྲོད་པ་རྒྱགས་པ་ཞིག་ཟ་མྱོང་མེད་པ་མ་ཟད། སྐབས་རེ་སླེའུ་ཆུང་གཞིས་ཀར་ལྟོ་སློང་བར་འགྲོ་དགོས་འཁེལ། དགེ་འདུན་པ་དང་འདྲ་བར་རྩམ་པ་དང་ཇ་བསྲུབས་མ་རྒྱགས་ཚད་ཟ་འཐུང་བྱ་རྒྱུ་ཡོད་པ་ནི་ཁོང་གིས་ཡིད་སྨོན་ཆེ་ཤོས་བྱེད་པའི་བྱ་བ་ཞིག་རེད་ཅེས་བཤད།

“ང་ཚོ་ལྷ་ཁང་ཕྱིའི་ཁང་ཧྲུལ་ཞིག་ནང་སྡོད་ཀྱི་ཡོད་པ་དང་། དགེ་འདུན་པས་ནམ་ཡིན་ཡང་ང་ཚོ་ལྷ་ཁང་དུ་འགྲོ་རུ་འཇུག་གི་མེད། གྱོན་གོས་ཚང་མ་གཞིས་ཀའི་གཞིས་གཉེར་གྱིས་གཡུགས་པའི་དུག་ཚལ་བསྒྲུགས་ནས་འཚེམས་ཀྱི་ཡོད། དགུན་ཁ་ལག་པར་འཁྱག་སྦོས་ཐེབས་ཀྱང་ད་དུང་དགེ་འདུན་པར་ཞབས་ཕྱི་ཞུ་དགོས་པ་དང་། ཡག་པོ་མ་བྱུང་ན་ད་དུང་ཁ་རྡུང་གཟེད་དགོས”ཞེས་རིག་འཛིན་ཆོས་སྒྲོན་གྱིས་བཤད།

ཁོང་གི་དྲན་ཤེས་ངོས་སུ་ཆུང་དུས་མྱངས་པའི་དཀའ་སྡུག་ནི་འཁྱག་ལྟོགས་ཀྱིས་མནར་བ་དང་སྡུག་ལས་བྱེད་དགོས་པ་ཙམ་མ་ཡིན་པར། ད་དུང་གྲོགས་མེད་ཁེར་རྐྱང་དུ་ལུས་ཀྱི་ཡོད།

ག་འཛིན་ཆོས་སྒྲོན་གྱིས་མིག་མཆི་མས་ཁེངས་བཞིན་དུ“སྐབས་དེ་དུས་ང་རང་གཞིས་ཀའི་ཕྲུ་གུ་ཚོ་དང་མཉམ་དུ་རྩེད་མོ་རྩེས་ནུས་ཀྱི་མེད། ཁོ་པ་ཚོས་རྟག་པར་ང་ལ་ཐུབ་ཚོད་གཏོང་བ་མ་ཟད། ད་དུང‘བདག་མེད’ཅེས་དམའ་འབེབས་གཏོང་གི་ཡོད་པས། ང་རང་གཅིག་པུར་ཁང་ཧྲུལ་ནང་ཁུ་སིམ་མིར་སྡོད་རྒྱུ་ལས་ཐབས་གཞན་ཅི་ཡོད”ཅེས་བཤད།

1959ལོའི་དཔྱིད་ཀར་བཅིངས་འགྲོལ་དམག་དང་ལས་དོན་རུ་ཁག་སླེའུ་ཆུང་གཞིས་ཀར་ཕེབས་ནས་རང་དབང་དང་འཚོ་བ་གསར་པ་བྱུང་། རིག་འཛིན་ཆོས་སྒྲོན་དང་སྲུ་མོར་ཡང་དེ་ནས་བཟུང་ཡར་ལངས་བཅིངས་འགྲོལ་ཐོབ་སྟེ་རང་ཁྱིམ་རང་བདག་ཏུ་གྱུར་ནས། ས་ཞིང་མུའུ་3དང་ར་ལུག་10བགོ་བཤའ་ཐོབ།

“བཅིངས་འགྲོལ་དམག་གིས་གྲོང་ཚོ་ནས་ཡར་ཀླུང་གཙང་པོའི་གྲུ་ཁ་བར་གྱི་ལམ་བུ་བཟོས་པ་མ་ཟད། ད་དུང་སློབ་གྲྭ་བཙུགས་ནས་གྲོང་ཚོའི་བྱིས་པ་30ལྷག་སློབ་གྲྭར་བསྐོངས”སླེའུ་ཆུང་གྲོང་ཚོའི་སློབ་མ་ཁག་དང་པོའི་གྲས་ཡིན་པའི་རིག་འཛིན་ཆོས་སྒྲོན་1959ལོའི་སྟོན་ཁར་སློབ་གྲྭར་ཞུགས་པ་དང་སློབ་སྦྱོང་ལོ་ལྔ་བྱས་རྗེས་གྲོང་ཚོའི་ནང་གི“ཤེས་ཡོན་ཅན”ལ་གྱུར།

ཁོང་གི་སྦྱངས་འབྲས་ཡག་པོ་ཡོད་པས་1964ལོར་གོང་དཀར་རྫོང་སློབ་འབྲིང་དུ་མུ་མཐུད་སློབ་གྲྭར་འགྲོ་རྒྱུའི་གོ་སྐབས་ཐོབ་པའི་གྲོང་ཚོ་ཡོངས་ཀྱི་སློབ་མ་དྲུག་གི་གྲས་སུ་ཚུད། འོན་ཀྱང་གྲོང་ཚོའི་དགེ་རྒན་གཅིག་པུ་དེ་སློབ་གྲྭ་ནས་ཁ་བྲལ་བས་རིག་འཛིན་ཆོས་སྒྲོན་གྲོང་ཚོར་བསྡད་ནས་དགེ་རྒན་བྱས་ཏེ། རང་གིས་ཤེས་པའི་ཤེས་བྱ་དག་ཕྲུ་གུ་དེ་བས་མང་བར་སློབ་རྒྱུའི་སེམས་ཐག་བཅད།

རིག་འཛིན་ཆོས་སྒྲོན་གྱིས“སྐབས་དེར་ང་ལོ་10ལ་སླེབས་ཙམ་ཡིན་པས་བསམ་བློ་གཞན་བཏང་མེད། གྲོང་ཚོའི་ནང་དུ་དགེ་རྒན་མེད་ན་མི་འགྲིག་ཅེས་བསམས་ནས་བསྡད་པ་ཡིན། ངའི་སྲུ་མོ་དང་གྲོང་མི་ཚང་མས་རྒྱབ་སྐྱོར་བྱས་བྱུང”ཞེས་བརྗོད། གྲོང་ཚོའི་ནང་གི་དགེ་རྒན་འབའ་ཞིག་ཡིན་པའི་ཆ་ནས། ཁོང་གིས་ལོ་6རིང་བབ་ཆགས་ཟོལ་མེད་ཀྱི་ཐོག་མའི་བསམ་འདུན་ལ་བརྟེན་ནས་སླེའུ་ཆུང་གྲོང་ཚོར་རེ་བའི་ས་བོན་བཏབ་པ་རེད།

ཁོང་གིས་དཀའ་སྤྱད་འབད་བརྩོན་བྱས་པ་གྲོང་མི་ཚང་མས་བརྗེད་མེད། 1971ལོར། གྲོང་མི་ཡོངས་ཀྱི་རེ་ལྟོས་ཁྲོད། རིག་འཛིན་ཆོས་སྒྲོན་གྱིས་ཏང་དར་ལ་ཕྱོགས་ནས་ཏང་ཞུགས་དམ་བཅའ་བཞག་པ་རེད། དེའི་རྗེས་སུ། ཁོང་སླེའུ་ཆུང་གྲོང་ཚོའི་ཨུ་ལྷན་གྱི་རྩིས་པ་བྱས་པ་རེད། 1982ལོ་ནས་2014ལོའི་བར་སྔ་རྗེས་སུ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་གཞོན་པ་དང་། གྲོང་ཚོའི་ཀྲུའུ་རེན། བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་རེན་བཅས་ཀྱི་འགན་ཁུར་ནས། ལོ་32རིང་གྲོང་ཚོའི་ལས་བྱེད་པ་བྱས་པ་རེད།

དེའི་རིང་། ཁོང་གིས་གྲོང་མི་ཚོ་དང་མཉམ་དུ་ས་རྒོད་གསར་སྦོལ་དང་། གྲོང་མི་ཚོའི་ཁྱིམ་ཚང་གི་རྩོད་གཞི་སེལ་རོགས། གྲོང་མི་ཚོའི་སྣེ་ཁྲིད་དེ་ཡར་ཀླུང་གཙང་པོའི་ངོགས་སུ་སྡོང་འཛུགས་བྱེ་བཅོས་བཅས་བྱས་པས་ལྷོ་ཁ་ས་ཁུལ་གྱི་སྔོན་ཐོན་གུང་ཁྲན་ཏང་ཡོན་དང་། རང་སྐྱོང་ལྗོངས་ཀྱི་ཞིང་འབྲོག་མང་ཚོགས་ཀྱི་སྔོན་ཐོན་ལས་དོན་པ་སོགས་ཀྱི་གཟི་བརྗིད་མཚན་སྙན་དང་གདེང་འཇོག་ཡག་པོ་ཐོབ་ཡོད་པ་རེད།

2016ལོར། སོས་དལ་བག་ཕེབས་ལ་རོལ་འོས་པའི་རིག་འཛིན་ཆོས་སྒྲོན་གྲོང་མི་ཚོས་གྲོང་དོན་ལྟ་སྐུལ་པར་བདམས་པས་ཡང་བསྐྱར་གྲོང་མི་ཚོར་ཞབས་འདེགས་ཞུ་འགོ་ཚུགས།

གཡོག་མོ་ནས་སློབ་མ་ཁག་དང་པོའི་བར་དང་། བུད་མེད་དགེ་རྒན་དང་པོ་ནས་གྲོང་ཚོའི་ལས་བྱེད་པའི་བར་སྟེ། རིག་འཛིན་ཆོས་སྒྲོན་གྱི་ཐོབ་ཐང་བཞི་དུས་རབས་གྱི་འཕོ་འགྱུར་དང་བསྟུན་ནས་འགྱུར་ལྡོག་ཕྱིན་ཡོད་པ་རེད།

“ད་ཆ། ངའི་གཟུགས་པོ་བདེ་ཐང་ཡོད་པའི་ཁར་སྡོད་ཁང་དང་འཚོ་བ་ཡང་ཡག་པོ་ཡོད། བུ་མོ་ཚེ་བརྟན་སྒྲོལ་དཀར་དང་མག་པ་མིག་དམར་གཉིས་ཀྱང་ཡག་པོ་ཡོད། ངའི་ནང་ལ་ཞིང་ཁ་དང་ཡོང་འབབ་ཡོད། གྲོང་ཚོའི་ལས་ཀར་ཡང་བྲེལ་དགོས་པས་འཚོ་བ་ཕུན་སུམ་ཚོགས་པོ་ཡོད”ང་ཚོས་རིག་འཛིན་ཆོས་སྒྲོན་གྱི་མིག་ནས་བདེ་སྐྱིད་ལྡན་པ་དང་འདོད་བློ་ཁེངས་པའི་སྣང་བ་ཞིག་མཐོང་བྱུང་ངོ་།

3 上一篇  下一篇 4 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:综合新闻
   第03版:综合
   第04版:公益广告
བོད་རྙིང་པའི“ཕྲུ་གུ་བདག་མེད”བོད་གསར་པའི“དགེ་རྒན་ཆུང་ཆུང”ལ་གྱུར་པ།
ཞུས་ཁྲེང་ཚང་གིས་སྣ་དཀར་རྩེ་རྫོང་དུ་རྟོག་ཞིབ་གནང་བ།