第03版:综合 上一版3  4下一版
 
版面导航

第01版
头版

第02版
综合新闻

第03版
综合
 
标题导航
| 山南网首页 |
2019年5月6日 星期
3 上一篇 放大 缩小 默认
无标题
 

(པར་ངོས་དང་པོར་མཐུད) ཐོན་ལས་དབུལ་སྐྱོར་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་གྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པའི་རྩ་བའི་བྱེད་ཐབས་དང་འགག་རྩ་ཐུག་ཡུལ་ལ་ཚན་རིག་དང་མཐུན་པའི་ལན་བསྐྱོན་ནས་ང་ཚོས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པ་དང་དུས་བཀག་ལྟར་དབུལ་པོ་དབུལ་རྐྱང་གཞི་རྩའི་ཆ་ནས་མི་ལྷག་པར་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་གྱི་གཞི་རྩའི་མཛད་ཇུས་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱས་ཏེ་ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་ནི་མང་ཚོགས་ཀྱི་ལས་ཞུགས་ལ་སྐུལ་ཁྲིད་དང་མང་ཚོགས་ཀྱི་འབབ་འཕར་ལ་སྐུལ་འདེད་གཏོང་བའི་ཆེས་ཐད་ཀར་དང་ནུས་པ་ཐོན་ཤོས་ཀྱི་ཐབས་ལམ་ཞིག་ཡིན་པ་ངོས་འཛིན་གཏིང་ཟབ་བྱེད་པ་དང་། ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་ནི“སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”གྱི་དམིགས་ཚད་མངོན་འགྱུར་བྱེད་པའི་ཆེས་ནུས་ལྡན་དང་བློས་འཁེལ་ཤོས་ཀྱི་འདེགས་སྐྱོར་ཡིན་པ་ངོས་འཛིན་གཏིང་ཟབ་བྱས་ཏེ“འབྲེལ་བ་ཆ་བཅུ་གསུམ”ཐག་གཅོད་ཡང་དག་བྱེད་པའི་བླང་བྱ་དང་། ལྷག་པར་དུ་ལེགས་ཆ་འདོན་སྤེལ་དང་ཞན་ཆ་གསབ་པའི་འབྲེལ་བ་ཐག་གཅོད་ཡག་པོ་བྱ་རྒྱུ་གཞིར་བཟུང་། ཐོན་ཁུངས་ཀྱི་རང་སྤུས་དང་ལེགས་ཆ་ཕྲན་བུར་གཞི་ཚུགས་ནས་དཔལ་འབྱོར་འཕར་གཞི་གསར་པ་སྐྱེད་སྲིང་ཧུར་ཐག་བྱེད་པ་དང་། ཐོན་ལས་དབུལ་སྐྱོར་གྱི་རྩ་བའི་ཐབས་ཇུས་ལ་དམ་འཛིན་ཡག་པོ་བྱེད་པ། ཐོན་ལས་དབུལ་སྐྱོར་གྱི་རྩ་བའི་ཐབས་ལམ་ལ་དམ་འཛིན་བྱེད་པ། དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ཁག་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་དྲག་པོར་རྒྱལ་ཁ་མཐའ་གཅིག་ཏུ་ཐོབ་པ་བྱེད་དགོས།

ཐོན་ལས་དབུལ་སྐྱོར་ནི་དབུལ་སྒྲོལ་འགག་སྒྲོལ་གྱི་འཐབ་ཇུས་ཀྱི་གཙོ་གནད་ཡིན་ལ། ཁ་ཚ་དགོས་གཏུགས་ངང་ཐག་གཅོད་བྱེད་དགོས་པའི་མངོན་གསལ་དོད་པའི་ཞན་ཆ་དེའང་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཐོན་ལས་དབུལ་སྐྱོར་གྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ་བཀོད་སྒྲིག་གལ་ཆེན་རབ་དང་རིམ་པ་བྱས་པས་ང་ཚོས་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱ་གཞིར་བཟུང་། ཞིང་འབྲོག་པའི་ཡོང་འབབ་འཕར་བའི་དམིགས་ཚད་གཙོ་བོར་དམ་པོར་དམིགས་ནས་ཞིང་འབྲོག་ལས་ཀྱི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་གཏིང་ཟབ་བྱེད་པ་དང་། ཉེ་དུས་མང་ཚོགས་ཀྱི་འབབ་འཕར་དང་དབུལ་སྒྲོལ་འགག་སྒྲོལ་ལ་ནུས་པ་ཐོན་པའི་དམངས་ཕྱུག་ཐོན་ལས་དང་ཕུགས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་འདེགས་སྐྱོར་ནུས་པ་ཐོན་པའི་འཐབ་ཇུས་ཐོན་ལས་སྤྱི་འདོམས་འཆར་འགོད་ཡག་པོ་བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་གྱི་ཐོན་ལས་ཀྱི་རྨང་གཞི་བརྟན་པོ་བཏིང་ཐོག་དབུལ་སྒྲོལ་ཕན་འབྲས་ཡུན་རིང་དང་། བརྟན་པོ། རྒྱུན་སྲིང་བཅས་ཡོང་བ་བྱེད་དགོས། མང་ཚོགས་དབུལ་པོར་དངོས་ཕན་ཏན་ཏིག་ཐོབ་རྒྱུ་དམིགས་ཡུལ་དུ་བྱས་ནས་དངོས་ཐོག་བདེན་འཚོལ་མཐའ་འཁྱོངས་བྱེད་པ་དང་། ས་ཆ་ཁག་གི་ཐོན་ཁུངས་ཀྱི་རང་སྤུས་ལ་གཞི་ཚུགས་ཏེ་ལེགས་ཆ་ཕྲན་བུ་འདོན་སྤེལ་བྱེད་པ། ནས་ཐོན་འཕར་དང་། འབྲི་གཡག་རྒྱགས་གསོ། འཛུགས་སྐྲུན་རྒྱུ་ཆ། ཡུལ་སྐོར་རིག་གནས་སོགས་དམངས་ཕྱུག་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བ་བཅས་བྱས་ཏེ་མང་ཚོགས་ཐག་ཉེ་ས་དང་སྟབས་བདེ་ས་དང་རང་ས་རང་ཡུལ་ནས་ཁ་མི་བྲལ་བར་ཐོན་ལས་འཕེལ་རྒྱས་ཁྲོད་ཞུགས་ཐུབ་པ་བྱེད་དགོས། དབུལ་པོར་སྣེ་ཁྲིད་བྱེད་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ་སྣེ་འདྲེན་ཁེ་ལས་རྒྱ་སྟོབས་ཆེ་རུ་གཏོང་བ་དང་དབུལ་པོ་སྣེ་ཁྲིད་ཀྱི་ཁེ་ལས་དང་ཞིང་འབྲོག་ལས་ཀྱི་གཉེར་སྐྱོང་བྱེད་པོ་ཁག་གཅིག་སྐྱེད་སྲིང་དང་དབུལ་སྐྱོར་ཐོན་ལས་རྟེན་གཞི་ཁག་གཅིག་བསྐྲུན་ནས་མང་ཚོགས་དབུལ་པོར་ཐོན་ལས་འཕེལ་རྒྱས་ཀྱི་ཁེ་སྤོགས་དེ་བས་མང་བ་མཉམ་སྤྱོད་ཐུབ་པ་བྱེད་དགོས། དྲ་སྦྲེལ་སོགས་དེང་དུས་ཆ་འཕྲིན་ལག་རྩལ་གང་ལེགས་སྤྱད་དེ་ཞིང་ཕྱུགས་ཐོན་ཟོག་གཉེར་ཚོང་ཐབས་ལམ་རྒྱ་ཆེར་གཏོང་བ་དང་། ས་ཁུལ་དབུལ་པོའི་གྲོང་གསེབ་ཀྱི་ཟོག་འགྲེམས་སྡེབ་སྐྱེལ་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་ས་མཐོའི་ཁྱད་ལྡན་ཐོན་རྫས་དེ་བས་མང་བ་ཁྲོམ་རར་བཏོན་ནས་རིན་གོང་ཡག་པོ་རག་པ་བྱེད་དགོས། ས་ཁུལ་དབུལ་པོའི་ཐོན་ཁུངས་དེ་རྒྱུ་ནོར་དུ་འགྱུར་བ་དང་། མ་དངུལ་དེ་རྐང་དངུལ་དུ་འགྱུར་བ། ཞིང་འབྲོག་པ་རྐང་བདག་ཏུ་འགྱུར་བ་བཅས་ཀྱི་སྒྱུར་བཅོས་ལ་སྐུལ་འདེད་ཧུར་ཐག་བཏང་ནས་མཉམ་སྡེབ་དཔལ་འབྱོར་གྱི་ཡོང་འབབ་མང་དུ་གཏོང་བ་དང་རྒྱུ་ནོར་གྱི་ཡོང་འབབ་ལ་བརྟེན་ནས་དབུལ་སྐྱོར་བྱེད་པའི་ལས་དོན་ཚད་ལྡན་དང་སྐུལ་འདེད་བཏང་སྟེ་དུད་ཚང་དབུལ་པོར་ཡོང་འབབ་བརྟན་པོ་ཡོང་བའི་འགན་ལེན་བྱེད་དགོས། སྒོ་དབྱེའི་འདུ་ཤེས་དང་ཁྲོམ་རའི་འདུ་ཤེས་བརྟན་པོ་བཙུགས་ཏེ་ཚོང་གཉེར་ཁོར་ཡུག་བཟང་པོ་གཏོད་པ་དང་། ལྗོངས་ཕྱིའི་ཁེ་ལས་ནང་འདྲེན་ཤུགས་ཆེན་བྱས་ནས་མི་དེ་བས་མང་བས་ཕ་ཡུལ་དུ་ལོག་ནས་ལས་གཏོད་ལས་ཞུགས་བྱ་རྒྱུར་འགུགས་ཐབས་བྱེད་པ་དང་། གྲོང་གསེབ་ཀྱི་གཞོན་ནུ་སྐྱེད་སྲིང་ཧུར་ཐག་བྱེད་པ། ཁྱད་ལྡན་ཐོན་ལས་འཕེལ་རྒྱས་དང་སྟོབས་ཆེར་གཏོང་རོགས་བཅས་བྱས་ནས་རང་རྟེན་ནུས་པ་ཆེ་རུ་གཏོང་དགོས།

3 上一篇 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:综合新闻
   第03版:综合
   第04版:公益广告
བོད་རྙིང་པའི“ཕྲུ་གུ་བདག་མེད”བོད་གསར་པའི“དགེ་རྒན་ཆུང་ཆུང”ལ་གྱུར་པ།
ཞུས་ཁྲེང་ཚང་གིས་སྣ་དཀར་རྩེ་རྫོང་དུ་རྟོག་ཞིབ་གནང་བ།