(པར་ངོས་དང་པོར་མཐུད) ཡུལ་སྐོར་ལས་རིགས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན་གནང་།
ཞུས་ཁྲེང་ཚང་གིས་མཐོ་ཚད་རྒྱ་མཚོའི་ངོས་ལས་སྨི་5180ཡོད་པའི་ཀླུ་རི་རི་བོའི་རི་རྩེར།ཁོང་གིས་ཡར་འབྲོག་གཡུ་མཚོ་ས་རྒྱ་ཆེ་བ་དང་།ཡུལ་ལྗོངས་མཛེས་པ།ཡུལ་སྐོར་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པ་བཅས་ལོ་མང་དྲིལ་བསྒྲགས་དང་འོས་སྦྱོར་བྱས་པ་བརྒྱུད་ཡར་འབྲོག་གཡུ་མཚོ་གམ་པ་ལ་རི་བོའི་མཛེས་ལྗོངས་ཁུལ་ལ་རྒྱུས་མངའ་ཆེན་པོ་ཡོད་པ་དང་།ཁོང་གིས་ཡུལ་སྐོར་འཕེལ་རྒྱས་སྡེ་ཚན་གྱིས་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་གྱི་གོ་དོན་བརྟན་པོ་བཙུགས་ཏེ་ས་གནས་ས་ཐོག་ཏུ་བཅར་འདྲི་དང་རྟོག་ཞིབ་མང་ཙམ་བྱས་ནས་ཁོངས་གཏོགས་ཁུལ་གྱི་ཡུལ་སྐོར་ཐོན་ཁུངས་ཁྱོན་ཡོངས་ནས་ཁོང་དུ་ཆུད་པ་བྱས་ཏེ་གདེང་ཚོད་ཡོད་པ་བྱེད་དགོས། ཚན་རིག་དང་མཐུན་པའི་འཆར་འགོད་བྱས་ཏེ་མཛེས་ལྗོངས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་ནས་མཛེས་ལྗོངས་ཁུལ་གྱི་ཞབས་ཞུའི་ནུས་པ་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། ཕྱི་ཕྱོགས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་དྲིལ་བསྒྲགས་དང་འོས་སྦྱོར་བྱེད་ཤུགས་ཆེ་རུ་བཏང་ནས་ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་སྐད་གྲགས་ཆོད་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ནས་ཡུལ་སྐོར་ལས་རིགས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། མཉམ་ལས་ལམ་སྲོལ་གསར་གཏོད་བྱེད་པ་དང་།ཀྲུང་དབྱང་དང་།རང་སྐྱོང་ལྗོངས་ཀྱི་སྨྱན་སྦྱོར།ཡུལ་སྐོར་ལས་དོན་ཁང་བཅས་དང་མཉམ་ལས་བྱ་རྒྱུར་ཤུགས་སྣོན་རྒྱག་པ།ཡར་འབྲོག་གཡུ་མཚོའི་ཡུལ་སྐོར་གྱི་ཤར་ལྷོའི་ལམ་ཐིག་ཡག་པོ་གཏོད་པ།ཡུལ་སྐོར་ལ་བརྟེན་ནས་མང་ཚོགས་དབུལ་སྒྲོལ་འབབ་འཕར་ཡོང་རྒྱུར་སྐུལ་ཁྲིད་བྱེད་པ་བཅས་བྱས་ནས་ཡུལ་སྐོར་དམངས་ཕྱུག་ཡོང་བ་བྱེད་དགོས་པའི་བླང་བྱ་བཏོན་གནང་།
སྣ་དཀར་རྩེ་རྫོང་གྲམ་མདའ་ཤང་བྲག་ཡུལ་གྲོང་ཚོའི་ཀླུ་རི་ནས་བྲག་ཡུལ་གྲོང་ཚོའི་བར་གྱི་གཞུང་ལམ་ཨར་ལས་ལས་ཡུལ་དུ་ཨར་སྐྲུན་ལས་བཟོ་མང་ཚོགས་ཚོས་ཚ་ཚ་འུར་འུར་ངང་ལས་དོན་བསྒྲུབ་བཞིན་ཡོད་པ་དང་།ཞུས་ཁྲེང་ཚང་གིས་ལས་མི་ཚོའི་གླ་ཕོགས་སོགས་བཀའ་འདྲི་གནང་བསྒྲུབ་རྗེས་ཁོང་གིས་ལས་མི་ཚོས་རང་སྟོབས་རང་སྤེལ་དང་དཀའ་སྤྱད་འབད་བརྩོན་བྱས་ནས་བདེ་སྐྱིད་ལྡན་པའི་འཚོ་བ་བསྐྲུན་དགོས་པའི་བཀའ་སློབ་གནང་བ་དང་།གྲོང་ཁྱེར་ཡོངས་ཀྱི་རྫོང་དང་ཚན་པ་ཁག་གིས་ལས་མི་ཕྱིར་གཏོང་སྒྲིག་འཛུགས་གང་ལེགས་བྱས་ཏེ་མང་ཚོགས་འབབ་འཕར་བརྟན་པོ་ཡོང་བ་བྱེད་དགོས་པའི་བླང་བྱ་བཏོན་གནང་།
ལྷུན་པ་ཞོལ་ཤང་གསེར་རྡོ་གྲོང་ཚོར་ཞུས་ཁྲེང་ཚང་གིས་ས་གནས་དེ་གའི་ལས་བྱེད་མང་ཚོགས་ལ་འཚམས་འདྲི་གནང་བ་དང་།ཁོང་ཚོ་དང་ངོ་ཐུག་གདོང་འཕྲད་ཀྱིས་སྤེལ་རེས་དང་།བློ་གཅིག་སེམས་གཅིག་གིས་གྲོས་བསྡུར་བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་ལས་དོན་གྱི་གནས་ཚུལ་ཤེས་རྟོགས་བྱེད་པ་དང་།ལས་བྱེད་པ་དང་མང་ཚོགས་ཀྱིས་ཡུལ་གཞན་དུ་གནས་སྤོའི་ལས་དོན་ལ་བཏོན་པའི་གྲོས་འགོ་ཉན་པ།དབུལ་སྒྲོལ་ཇུས་ཆེན་དང་ཕྱུག་འགྱུར་ཇུས་བཟང་ལ་ཐུན་མོང་ཐོག་གྲོས་བསྡུར་བཅས་གནང་བ་རེད།
གྲོང་མི་བསྟན་པ་དབང་ཕྱུག་གི་ཁྱིམ་དུ་ཞུས་ཁྲེང་ཚང་གིས་བསྟན་པ་དབང་ཕྱུག་བཟའ་ཟླ་དང་མཉམ་དུ་གནས་སྤོས་བསམ་ཚུལ་གསན་པ་དང་།གནས་སྤོ་བྱས་རྗེས་ལས་ཞུགས་དང་སློབ་གསོ།སྨན་བཅོས།འགྲིམ་འགྲུལ་སོགས་སྟབས་བདེ་གང་འདྲ་ཡོད་མེད་ཐད་ལ་གསལ་འགྲེལ་ཞིབ་ཕྲ་བྱས་པ་དང་།ཁོང་གིས་རིམ་ཁག་སྲིད་གཞུང་གིས་གནས་སྤོས་ཀྱི་སྲིད་ཇུས་ལ་ཞིབ་འཇུག་ཡག་པོ་བྱས་ཏེ་མང་ཚོགས་སྤོ་ཐུབ་པ་དང་།གཞིས་ཆགས་ཐུབ་པ།ཕྱུག་འགྱུར་ཡོང་བ་བཅས་ལ་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་གནང་།
རྟོག་ཞིབ་རིང་།ཞུས་ཁྲེང་ཚང་གིས་སྔ་རྗེས་སུ་མདོ་ཆོས་ཤང་མདོ་རི་དང་ཤར་རི།ཁྱིའུ་བྲག་སོགས་གྲོང་ཚོར་ཕེབས་ཏེ་གྲོང་སྡོད་ལས་བྱེད་དང་གྲོང་ཚོ་ཨུ་ལྷན་གཉིས་ཀྱི་ཚན་ཁག་དང་བཀའ་མོལ་གནང་བ་མ་ཟད།དཀའ་ངལ་དང་གནད་དོན་ཐག་གཅོད་གནང་རོགས་གནང་།
གོང་དཀར་རྫོང་བྱང་ཐང་ཕྱོགས་བསྡུས་ཡུལ་སྐོར་སྣེ་ལེན་ལྟེ་གནད་དུ་ཞུས་ཁྲེང་ཚང་གིས་འཛུགས་སྐྲུན་དོ་དམ་ཞབས་ཞུ་སོགས་ཀྱི་ལས་དོན་ལ་ལྟ་ཞིབ་གནང་བ་དང་།ཁོང་གིས་ཡུལ་སྐོར་བས་ཉམས་ལེན་བྱེད་རྒྱུ་དེ་གཙོ་གནད་དུ་བཞག་སྟེ་ཡུལ་སྐོར་མཛེས་ལྗོངས་ཁུལ་དོ་དམ་ལ་ཤུགས་སྣོན་དང་།ལྷག་དོན་དུ་ལས་དོན་མི་སྣ་དང་ཞབས་ཞུའི་མི་སྣ།ཞབས་ཞུ་ཁང་།སྤྱི་པའི་ཞབས་ཞུའི་སྒྲིག་བཀོད།སྤྱི་པའི་ཁོར་ཡུག་འཕྲོད་བསྟེན་དོ་དམ་བཅས་ལ་ཤུགས་སྣོན་བརྒྱབ་ནས་བློ་ལ་བབ་པའི་ཞབས་ཞུ་དང་སྟབས་བདེའི་ཞབས་ཞུ་མཁོ་འདོན་བྱས་ཏེ་ལྷོ་ཁའི་ཡུལ་སྐོར་གྱི་གཟུགས་བརྙན་བཟང་པོ་གཏོད་དགོས་པའི་བཀའ་སློབ་གནང་བ་རེད།
གྲོང་ཁྱེར་འགྲིམ་འགྲུལ་དང་ཡུལ་སྐོར་འཕེལ་སྒྱུར་ཚན་པའི་འགན་འཁུར་བས་རྟོག་ཞིབ་ནང་ཞུགས།